མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་གྲུབ་དབང་ཆེན་ལགས་ཀྱིས་ཟླ་གསུམ་ལྷག་རིང་གི་བོད་དོན་ཞུ་གཏུག་གི་ལས་འགུལ་མགོ་བརྩམས།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་དེ་རིང་ཕྱི་ཚེས་ ༡༨ ནས་བཟུང་ཟླ་ ༣ ལྷག་རིང་ཡུ་རོབ་ཀྱི་རྒྱལ་ཁབ་ ༡༤ ནང་བོད་དོན་ཞུ་གཏུག་དང་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་འདུག

ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༢ ནང་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་འཚོག་གཏན་འཁེལ་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་དྲག་གནོན་བྱེད་བཞིན་པའི་གནས་སྟངས་དངོས་དྲིལ་བསྒྲགས་ཆེད། དེ་རིང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་ནས་མགོ་བཙུགས་ཏེ།  ཡུ་རོབ་རྒྱལ་ཁབ་ ༡༤ ལྷག་གི་ནང་དུ་འཆར་ལོའི་ཕྱི་ཟླ་ ༢ པའི་ནང་བར་དུ་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང་།  མ་འོངས་ཟླ་བ་གསུམ་ལྷག་རིང་ཧྥ་རན་སི་དང་འཇར་མན། ནེའུ་ཌར་ལན་ཌི། སྦེལ་ཇམ། དབྱིན་ཇི།  ཨི་ཊ་ལི། ཌན་མག སི་ཝེ་ཌན་ (Sweden)། ནོར་ཝེ། ཨོ་སི་ཏེ་རི་ཡ་ (Austria)། ཅེག་སྤྱི་མཐུན་རྒྱལ་ཁབ། ལི་ཐའོ་ནེ་ཡ་ (Lithaunia)། ལ་ཏི་ཝི་ཡ་ (Latvia) སོགས་སུ་བོད་དོན་སྐོར་སྐྱོད་གནང་རྒྱུ་ཡིན་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་གློག་བརྙན་འཁྲབ་འཁྲིད་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལྟའི་ལས་འཆར་ལྟར་ན། དེ་རིང་ནས་ཕྱི་ལོའི་ཟླ ༢ པ་བར་ཡོ་རོབ་ཀྱི་རྒྱལ་ཁབ་མི་འདྲ་བ་བཅུ་བཞི་ལྷག་གི་གྲོས་ཚོགས་འཐུས་མི་དང་། གནད་དོན་མི་སྣ། མི་མང་སོགས་སུ་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུགས་དང་དྲིལ་བསྒྲགས་བྱས་ཏེ། རྒྱ་ནག་ཏུ་འཚོག་འཆར་ཡོད་པའི་དགུན་དུས་ཀྱི་ཨོ་རྩལ་འགྲན་སྡུར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་དང་། བོད་དོན་ཞུ་གཏུག་གི་ལས་འགུལ་དེ་ཕྱི་ལོ་ ༢༠༢༢ ལོའི་ཟླ ༢ ཚེས་ ༡༠ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནས་མཇུག་བསྡུ་འཆར་ཡོད། འོན་ཀྱང་།  ད་ལྟའི་ལས་རིམ་ལྟར་ཆུ་ཚོད་ཏག་ཏག་ནང་འགྲོ་ཐུབ་རྒྱུ་ཅུང་དཀའ་ལས་ཁག་པོ་ཆགས་ཡོད་སྐོར་བརྗོད་བྱུང་།

ལས་རིམ་ནང་ཧྤ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག ས་གནས་བོད་མི་རྣམས་ལ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཏུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་སྐབས།  བོད་ནང་གི་བོད་མི་ཚོའི་བསམ་ཚུལ་ཕྱོགས་བསྡུས་བྱས་པའི་དངོས་བྱུང་གློག་བརྙན་འཇིགས་བྲལ་གཟིགས་འབུལ་གནང་རྒྱུ་དང་། དེ་བཞིན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཁོང་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་ཏེ། བཙོན་འོག་ནས་མནར་གཅོད་མྱངས་བའི་བརྒྱུད་རིམ་སོགས་ཀྱི་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་སོགས་གནང་རྒྱུ་ཡིན་པ་རེད་འདུག

 དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་རྣམས་གཉིས་ཀྱིས་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་ཕབ་སྐྲུན་བྱས་པར་བརྟེན།  རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨  ཟླ་ ༣   ནང་ཟིང་སློང་རྒྱུད་སྐུལ་བྱེད་པའི་ནག་ཉེས་གཡོགས་ཏེ་དོན་གྲུབ་དབང་ཆེན་ལགས་ལ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱས།  ༢༠༡༧ ཟླ ༡༢ པའི་ནང་ཁོང་ཨ་རིའི་ནང་བཙན་བྱོལ་དུ་བསླེབས་ཏེ་ཁ་ལི་ཧྥོར་ནེ་ཡའི་གྲོང་ཁྱེར་སན་ཧྥི་རན་སི་ཁོ་ ( San Francisco ) ནང་ཡོད་པའི་ནང་མི་དང་ལྷན་འཛོམས་བྱུང་། ཕྱི་ལོ་ ༢༠༡༢ ལོར་ཁོང་ལ་རྒྱལ་སྤྱིའི་རང་དབང་གསར་འགྱུར་གྱི་གཟེངས་རྟགས་ཐོབ་ཡོད་པ་དང་། དེ་བཞིན། ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་རྣམ་དཔྱོད་ལྡན་པའི་བརྩམས་ཆོས་སྒྱུ་རྩལ་གྱི་རྒྱལ་སྤྱིའི་ཧ་ཝེལ་གཟེངས་རྟགས་ (Havel Prize) སོགས་ཐོབ་མྱོང་ཡོད་པ་རེད།

ཁོང་གི་གློག་བརྙན་བཟོ་རོགས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སྔ་གཞུག་ཏུ་ཐེངས་གསུམ་ལ་འཛིན་བཟུང་བཙོན་འཇུག་བྱས་ཏེ་ཡ་ང་བའི་སྡུག་སྦྱོང་མནར་གཅོད་མྱངས་མཐར། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དྷ་རམ་ས་ལར་འབྱོར་ཐུབ་པ་བྱུང་ཞིང་། ད་ལྟ་སུད་སིའི་ནང་གནས་སྡོད་ཀྱིས་རྒྱལ་སྤྱིའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དངོས་དྲིལ་བསྒྲགས་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་གིས་དངོས་སུ་མྱངས་བའི་དཀའ་སྡུག་རྣམས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་གནང་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese