མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་མངའ་སྡེ་ཁུལ་ལྔའི་ནང་རླུང་འཚུབ་དྲག་པོའི་རྐྱེན་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་ལྷོ་ནུབ་མངའ་སྡེ་ཁུལ་དུ་རླུང་འཚུབ་དྲག་པོ་(Tornado)གཡུགས་པའི་རྐྱེན་གྱིས་མི་གྲངས་ ༡༠༠ ལྷག་འདས་གྲོངས་སུ་ཕྱིན་པ་དང་། རྒྱུ་དངོས་ཕོན་ཆེན་རྩ་བརླག་ཏུ་སོང་བར་ཐུགས་གསོའི་གསུང་འཕྲིན་སྩལ་གནང་མཛད་འདུག

དེ་ཡང་༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཇོ་བྷའེ་ཌིན་ (Joe Biden) གྱི་མཚན་ཐོག་ལ་ཕུལ་བའི་གསུང་འཕྲིན་ནང་། ངོས་ནས་ཨ་རིའི་དབུས་གཞུང་དང་གོད་ཆག་འབྱུང་ཡུལ་གྱི་མངའ་སྡེའི་སྲིད་གཞུང་རྣམས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་གནོད་འཚེ་ཕོག་པའི་མི་རྣམས་ལ་འཕྲལ་དུ་ངལ་སེལ་དང་རོགས་སྐྱོར་གནང་བཞིན་པར་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་དང་། ངོས་རང་དེ་སྔ་གནོད་འཚེ་ཕོག་ཡུལ་གྱི་མངའ་སྡེའི་ཁྲོད་ནས་རེ་ཤས་ནང་བསྐྱོད་རྒྱུའི་གོ་སྐབས་བྱུང་ཡོད། ངོས་ནས་ད་ལན་གྱི་རླུང་འཚུབ་དྲག་པོའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཤུལ་ལུས་ནང་མི་དང་། གོད་ཆག་ཀྱིས་ཕོག་ཐུག་བྱུང་བའི་མི་ཐམས་ཅད་ལ་སེམས་གསོ་ཞུ་ཡི་ཡོད། ཅེས་གསུངས་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་བཞིན་པའི་གནས་ཚུལ་ལྟར་ན། ཁེ་ཉིན་ཕྱི་ཚེས་ ༡༡ ཉིན་གྱི་ཨ་རིའི་མཚན་གུང་ཙམ་ལ་ཡུལ་དེའི་ལྷོ་ནུབ་མངའ་སྡེ་ཨར་ཀེན་སེ་སི་(Arkansas)དང་། ཨི་ལི་ནོ་ཨི་སི་(Illinois)། ཀེན་ཊ་ཀི (Kentucky)། མི་སོ་རི་(Missouri)། ཊེ་ནེ་སི་(Tennessee) བཅས་ནང་ཉུང་མཐར་རླུང་འཚུབ་ཆེ་ཆུང་ ༣༠ ལྷག་གཡུགས་ཏེ། གནོད་འཚེ་ཆེ་ཤོས་ཕོག་ཡུལ་གྱི་ཀེན་ཊ་ཀི་མངའ་སྡེའི་མེ་གསོད་རུ་ཁག་གི་ལས་ཁུངས་དང་། ཉེན་རྟོག་ལས་ཁུངས། བཟོ་གྲྭ་སོགས་གཞུང་སྒེར་གྱི་ཁང་ཁྱིམ་ཕལ་ཆེ་བ་རྩ་མེད་བཏང་སྟེ། ད་བར་ཉུང་མཐར་མི་གྲངས་ ༨༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། མི་གྲངས་དེ་ལས་མང་བ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་ཀྱིས་ཀྱང་དབུས་གཞུང་ངོས་ནས་ད་ལན་རང་བྱུང་གོད་ཆག་འབྱུང་ཡུལ་གྱི་མངའ་སྡེ་ཁག་ལ་རོགས་སྐྱོར་གང་ཐུབ་གནང་རྒྱུ་ཡིན་སྐོར་གསུངས་འདུག་པ་མ་ཟད། ཀེན་ཊ་ཀི་མངའ་སྡེའི་ནང་ཛ་དྲག་གནས་སྟངས་གསལ་བསྒྲགས་བྱས་ཏེ། ད་ལྟའི་ཆར་དབུས་གཞུང་གི་རྒྱལ་ཡོངས་སྲུང་སྐྱོབ་མི་སྣ་ ༣༠༠ ལྷག་གནོད་འཚེ་ཕོག་ཡུལ་གྱི་ས་ཁུལ་ལ་མངག་གཏོག་བྱས་ཡོད་འདུག གཞན་ཡང་མངའ་སྡེའི་གཞུང་འཛིན་པ་སྐུ་ཞབས་བྷེ་ཤིར་(Beshear) གྱིས་གསར་འགོད་གསལ་བསྒྲགས་སྟེང་ད་ལན་གྱི་རླུང་འཚུབ་འདི་ནི་མངའ་སྡེའི་ལོ་རྒྱུས་ཁྲོད་ཀྱི་རླུང་འཚུབ་དོན་རྐྱེན་ཚབས་ཆེ་ཤོས་དེ་ཡིན་པ་དང་། ད་ལྟའི་ཆར་མངའ་སྡེ་དེའི་ནང་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༨༠ མ་གཏོགས་མེད་ཀྱང་གྲངས་འབོར་དེ་ ༡༠༠ ལ་འཕར་ཉེན་ཡོད་པ་དང་། རླུང་འཚུབ་གཡུག་སའི་ཁུལ་དུ་རྩ་གཏོར་མ་སོང་བའི་ཁང་ཁྱིམ་གཅིག་ཀྱང་ལྷག་མེད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

The damaged courthouse and other buildings in downtown Mayfield are seen Saturday

དེ་ཡང་རླུང་འཚུབ་ཀྱི་གནོད་འཚེ་ཆེ་ཤོས་ཕོག་ཡུལ་ཀེན་ཊ་ཀི་མངའ་སྡེའི་མེ་ཧྥིལ་ཌི་(Mayfield) གྲོང་ཚོའི་ནང་ཡོད་པའི་བཞུ་མར་གྱི་བཟོ་གྲྭ་ཞིག་ཡོད་པ་དེར་རླུང་འཚུབ་དྲག་པོ་གཡུགས་ཏེ་བཟོ་གྲྭ་དེ་ཉིད་རྨེག་མེད་དུ་བཏང་ཡོད་ལ། རླུང་འཚུབ་གཡུག་པའི་སྐབས་དེར་བཟོ་གྲྭ་དེའི་ནང་ལས་མི་ ༡༡༠ ཡོད་པའི་ཁྲོད་ནས། མངའ་སྡེའི་གཞུང་འཛིན་པས་ད་བར་ལས་མི་ ༤༠ ལྷག་མ་གཏོགས་སྲོག་སྐྱོབ་ཐུབ་མེད་སྐོར་བཤད་ཡོད་ནའང་། བཟོ་གྲྭའི་མགྲིན་ཚབ་པ་ཞིག་གིས་རའོ་ཊར་(Reuters) གསར་ཁང་ལ། ལས་མིའི་ཁྲོད་ནས་མི་གྲངས་ ༨ འདས་གྲོངས་སུ་ཕྱིན་ཡོད་པ་དང་། ལས་མི་ ༨ ད་དུང་རྩད་གཅོད་ཐུབ་མེད་སྐོར་བརྗོད་ཡོད་པར་བརྟེན། འདས་གྲོངས་སུ་ཕྱིན་པའི་ལས་མིའི་གྲངས་འབོར་དེ་ཇེ་ཉུང་དུ་སོང་ཡོད་པ་རེད། དེ་བཞིན་ཨི་ལི་ནོ་ཨི་སི་མངའ་སྡེའི་ནང་མཚོན་ན། རླུང་འཚུབ་ཀྱི་རྐྱེན་པས་ཨེ་མེ་ཛོན་(Amazon) གྱི་ཚོང་ཟོག་འཇོག་ཁང་ཞིག་མར་བརྡིབས་ཏེ་ལས་མི་གྲངས་ ༦ རྐྱེན་འདས་སུ་ཕྱིན་འདུག་ལ། གཞན་ཡང་ཊེ་ནེ་སིས་དང་མངའ་སྡེ་གཞན་ནང་མི་གྲངས་རེ་ཟུང་རྐྱེན་འདས་དང་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese