མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་ཀྱིས་ཡུ་གུར་མི་མང་སྲུང་སྐྱོབ་ཀྱི་གྲོས་ཆོད་ཅིག་གཏན་འབེབས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་བཙན་དབང་འོག་ཡུ་གུར་མི་མང་གིས་ངལ་རྩོལ་བྱས་ཏེ་རྒྱ་ནག་གཞུང་ལ་ཐོན་རྫས་བསྐྲུན་བཞིན་པ་མཚམས་འཇོག་ཡོང་སླད། ཨ་རིིའི་གྲོས་ཚོགས་ཀྱིས་རྒྱལ་སྤྱིའི་བཟོ་ཚོང་ཁང་དག་གིས་ཡུ་གུར་ངལ་རྩོལ་དང་འབྲེལ་བའི་ཐོན་རྫས་ཉོ་ཚོང་བྱས་མི་ཆོག་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་འདུག

Anti-China protesters outside the White House last month. Getting Images

འདི་ལོར་རྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས་ཀྱིས་ཨ་རིའི་ནང་ཞུ་གཏུགས་རིམ་པ་བྱས་ཏེ། རྒྱ་ནག་གཞུང་གི་བཙན་དབང་འོག་ཡུ་གུར་མི་མང་གིས་རྒྱ་ནག་གཞུང་འབྲེལ་གྱི་བཟོ་ཚོང་ཁང་ཁག་ལ་ཐོན་རྫས་བསྐྲུན་བཞིན་པ་མཚམས་འཇོག་ཡོང་སླད། ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་ཅིག་འཇོག་དགོས་པའི་ཞུ་སྐུལ་བྱས་པ་ལྟར།  དེ་རིང་ཨ་རིའི་གྲོས་ཚོགས་ནང་ཡུ་གུར་ངལ་རྩོལ་སྲུང་སྐྱོབ་ཅེས་པའི་གྲོས་ཆོད་ཅིག་ལ་མང་མོས་རྒྱབ་སྐྱོར་ཐོབ་སྟེ། རྒྱལ་སྤྱིའི་བཟོ་ཚོང་ཁང་དག་གིས་རྒྱ་ནག་གཞུང་དང་ལྷན་དུ་ཚོང་འབྲེལ་བྱེད་སྐབས། ཡུ་གུར་ངལ་རྩལ་སྒྱུར་བཀོད་ཁང་དང་འབྲེལ་བའི་ཚོང་རྫས་གཅིག་ཀྱང་མེད་པའི་གཏན་འཁེལ་བྱེད་དགོས་སྐོར་གྱི་གྲོས་ཆོད་ཅིག་གནང་འབེབས་གནང་ཡོད་པ་དང་། ད་ལྟ་གྲོས་ཆོད་དེར་ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་ནས་མཚན་རྟགས་བསྐྱོན་རྗེས་དངོས་སུ་ཨ་རིའི་ཁྲིམས་ཆགས་ཀྱི་ཡོད་པ་རེད།

དེ་འབྲེལ་བྷི་བྷི་སིའི་གནས་ཚུལ་ནང་། ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་གཅིག་མ་གཏོགས་འཐུས་མི་གཞན་ཡོངས་ཀྱིས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱས་ཡོད་པ་དང་། ད་རེས་ཨ་རིའི་གྲོས་ཚོགས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་ལམ་ནས་གཏན་འབེབས་བྱས་པའི་གྲོས་ཆོད་དེར། ཐོག་མའི་འཆར་ཨ་རིའི་ཕོ་བྲང་དཀར་པོའི་རྒྱབ་སྐྱོར་མེད་པ་ཞིག་ནས། ད་ཆ་དངོས་སུ་ཨ་རིའི་ཁྲིམས་ལ་འགྱུར་ཉེ་ཞིང་། ཨ་རིས་རྒྱ་ནག་ལ་ཆབ་སྲིད་ཀྱི་ཁ་གཏད་གཅོག་པ་གསར་ཤོས་ཤིག་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

ཡུ་གུར་མི་མང་གི་གནད་དོན་དང་འབྲེལ་ནས་ཨ་རིས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་གཏོར་དང་བྲན་གཡོག་ཏུ་བཀོལ་གྱི་ཡོད་པ་སོགས་ཀྱི་སྐོར་ནས་སྐྱོན་བརྗོད་དང་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་དང་། ཨ་རི་དང་མཉམ་འབྲེལ་ཚོང་ལས་ཀྱི་རྒྱལ་ཁབ་ཁག་ཅིག་གིས། ཨ་རིའི་བྱེད་སྟངས་དེ་དག་གིས་རང་གི་ཚོང་འབྲེལ་ལ་སྐྱོན་རྒྱག་གི་ཡོད་པའི་ངོས་འཛིན་འོག ཨ་རིར་ཁྲིམས་ཀྱིས་ཐོག་ནས་དགག་བྱ་བཏོན་ཡོད་པ་རེད།

ཡང་ཁ་སང་ཨ་རིའི་ནོར་སྲིད་ལྷན་ཁང་གིས། རྒྱ་ནག་གི་བཟོ་ཚོང་ཁང་ ༣༠ ལྷག་ཁྲིམས་འགལ་གྱི་ཐོ་ཁོངས་སུ་རྩིས་ཏེ། བཟོ་ཚོང་ཁང་དེ་དག་གིས་རྒྱ་ནག་གི་དམག་སྲིད་ལས་དོན་ལ་རམ་འདེགས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། འབྱུང་འགྱུར་ཁྲིམས་འགལ་གྱི་ཐོ་གཞུང་དུ་ཚུད་པའི་རྒྱ་ནག་གི་བཟོ་ཚོང་ཁང་དེ་དག་གིས་ཨ་རིའི་ནང་ཚོང་ལས་གཉེར་མི་ཆོག་པ་དང་ཨ་རིའི་བཟོ་གྲྭ་ཁག་གིས་ཉེས་ཆད་ཕོག་པའི་རྒྱ་ནག་གི་བཟོ་གྲ་དེ་དག་ལ་ཚོང་འབྲེལ་བྱས་མི་ཆོག་པར་བཟོས་ཡོད་འདུག

གནས་ཚུལ་དེའི་ཐད་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བས། ཨ་རིས་རྒྱ་ནག་གི་འཕྲུག་རིག་བཟོ་ཚོང་ཁང་དག་བཀག་སྡོམ་བྱེད་པ་ནི་ཨ་རིའི་འཕྲུལ་རིག་བཟོ་ཚོང་ཁག་ལ་གནོད་སྐྱོན་ཆེ་བ་ལས་རྒྱ་ནག་གི་དཔལ་འབྱོར་ལ་གནོད་སྐྱེལ་ཐུབ་ཀྱི་མེད། ཨ་རིའི་བྱེད་སྟངས་དེས་རྒྱ་ནག་གི་ཁྲོམ་རའི་ཁེ་སྤོགས་ཆེན་པོ་ལེན་བཞིན་པའི་ཨ་རིའི་བཟོ་གྲ་དག་གི་རེ་བ་ཆུ་ཟད་དུ་གཏོང་གི་ཡོད། ཅེས་ལན་འདེབས་བྱས་འདུག

གཞན་ཡང་། ད་ལྟ་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་འོག ཨ་རི་དང་ཨོ་གླིང་། དབྱིན་ཇི། ཁེ་ན་ཌ་སོགས་ནས་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་ངོ་རྒོལ་གནང་ཡོད་ལ། ད་དུང་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་མུས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist