མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་རེ་བ་ཆེན་པོ་གནང་གི་ཡོད་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་ཨ་རིའི་གཞུང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ལྕམ་སྐུ་ཨུ་ཛི་ར་ཛེ་ཡ་ལགས་ནས་བོད་དོན་ཐོག་ནུས་པ་འདོན་ཐུབ་པར་རེ་བ་ཆེན་པོ་གནང་གི་ཡོད་སྐོར་གསུངས་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ནས་དྲུང་ལས་ལྕམ་སྐུ་ཨུ་ཛི་ར་ཛེ་ཡ (Uzra Zeya) ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཁ་སང་ཨ་རིའི་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱིས་ད་ལྟའི་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་དུ་བསྐོ་གཞག་གནང་བ་དེ་གལ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད། རྒྱུ་མཚན་ནི་དྲུང་གཞོན་ལས་རོགས་ནི་ལས་གཞི་རྒྱ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པས། རྒྱ་ནག་དང་ལྷན་དུ་གནད་དོན་མང་པོའི་སྒང་ལ་གླེང་སློང་བྱ་རྒྱུའི་གོ་སྐབས་བྱུང་གི་ཡོད་པར་བརྟེན། དྲུང་གཞོན་ལས་རོགས་ཀྱི་གོ་གནས་སུ་བསྐོས་པ་དེ་གནད་འགག་ཆེན་པོ་བརྩི་ཡི་ཡོད། བསྐོ་གཞག་གནང་མཁན་གྱི་འགན་གཙོ་བོ་ནི་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་ཆགས་ཀྱི་ཡོད་པ་དང་། རྗོ་བྷའེ་ཌིན་མཆོག་གི་ཁོང་རང་ཨ་རིའི་སྲིད་འཛིན་གྱི་མཛད་འགན་བཞེས་ཏེ་ལོ་གཅིག་མ་འཁོར་བའི་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་བ་དེ་ང་ཚོས་རྩ་ཆེན་པོ་བརྩི་བཞིན་ཡོད་པ་དང་། ལྷག་པར་དུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟེར་བའི་ཆབ་སྲིད་ཀྱི་ལས་འགན་གྱི་གོ་གནས་འདི་ཨ་རིའི་གཞུང་གཅིག་པུ་མ་གཏོགས་འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་ནང་ཡོད་མ་རེད། དེ་རིང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་བ་དེ་ཐེངས་ ༧ ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་མུ་མཐུད་དུ། ཨ་མེ་རི་ཀ་དང་ང་ཚོའི་བར་གྱི་འབྲེལ་བ་དེ་སྔོན་མ་ཕྱི་ལོ་ ༡༩༥༦ དང་ ༡༩༥༧ ནས་གསང་བའི་ལས་ཁུངས་བྱུང་བ་ནས་ཕྱི་ལོ་ ༡༩༧༢ དང་ ༡༩༧༣ བར་དུ་ཕྱིན་པ་རེད། ལྷག་པར་དུ་གློ་སྨོན་ཐང་དུ་འཇབ་དམག་བརྒྱག་རྒྱུའི་རོགས་རམ་སོགས་ཨ་རིའི་གསང་བའི་ལས་ཁུངས་དང་འབྲེལ་བ་བྱས་ཏེ་བྱུང་བ་རེད། ཕྱི་ལོ་ ༡༩༧༩ ལོར་༧རྒྱལ་བ་རིན་པོ་ཆེ་ཨ་མེ་རི་ཀ་ལ་ཐེངས་དང་པོ་ཆིབས་སྒྱུར་གནང་། དེ་ནས་ཡང་ཡང་ཆིབས་བསྒྱུར་གནང་སྟེ་ཕྱི་ལོ་ ༡༩༨༥ ཙམ་དུ། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་གྲོས་ཚོགས་འདི་གལ་ཆེན་པོ་ཞིག་ཡིན་པ་གཟིགས་ནས་ཨ་རིའི་གྲོས་ཚོགས་ནང་ཐེངས་དང་པོ་ཞི་བའི་དོན་ཚན་ལྔ་བཏོན་གནང་མཛད་པ་བརྒྱུད་ནས་ཕྱི་ལོ་ ༡༩༨༩ དང་ ༡༩༩༠ ཙམ་ནས་ཨ་མེ་རི་ཀ་དང་ང་ཚོའི་བར་གྱི་འབྲེལ་བ་ཧ་ཅང་གི་ཡག་པོ་བྱུང་ཡོད་པའི་སྐོར་དང་། ཕྱི་ལོ་ ༡༩༩༡ ལོར་༧གོང་ས་མཆོག་ཨ་མེ་རི་ཀར་ཆིབས་སྒྱུར་གནང་སྟེ་ཨ་རིའི་ལས་ཐོག་སྲིད་འཛིན་དང་མཇལ་འཕྲད་ཐེངས་དང་པོ་གནང་ཡོད་པ་རེད། དེ་ནས་ཕྱི་ལོ་ ༡༩༩༧ ནས་༧རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཀྱི་མཚན་ཐོག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བཙུགས་ཐུབ་པ་བྱུང་ཡོད་སྐོར་དང་། ཉིན་ཤས་སྔོན་ལ་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དྲུག་ཅུ་ལྷག་ལ་ཨུ་ཛི་ར་ཛེ་ཡ་(Uzra Zeya) ལགས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་རྒྱུ་གཏན་འཁེལ་ཟིན་པའི་སྔོན་བརྡ་འབྱོར་བར་བརྟེན། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༦༠ ལྷག་གི་མཚན་ཐོག་ནས་ལྕམ་སྐུ་ཁོང་ལ་ཕྱག་བྲིས་གནང་བའི་ནང་། དམིགས་བསལ་འབྲེལ་མཐུད་པའི་ལས་འགན་གྱི་ངོ་བོའི་ཐོག་ནས་བོད་དོན་གྱི་ཐོག་ལ་ད་ལྟ་བར་དུ་གྲོས་ཚོགས་ཀྱིས་ཐག་གཅོད་ག་རེ་གནང་ཡོད་མེད་དང་། གྲོས་ཚོགས་ཀྱི་ངོས་ནས་ལས་གཞི་ག་རེ་བཙུགས་གནང་ཡོད་པ་དེ་ལ་བརྟེན་ནས། ཕྱི་སྲིད་ལས་ཁུངས་ཀྱིས་ལས་དོན་ག་རེ་བྱེད་དགོས་ཀྱི་ཡོད་མེད་ཀྱི་གནད་དོན་ཞིབ་ཅིང་རྒྱས་པའི་ཕྱག་བྲིས་གནང་ཡོད་པ་དེར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་སྐོར་གསུངས་སོང་།

ད་དུང་ཁོང་གིས། ལྩམ་སྐུ་ཨུ་ཛི་ར་ཛེ་ཡ་(Uzra Zeya) ལགས་ཨ་མེ་རི་ཀའི་ནང་སྐྱེས་ཡོད་པ་དང་། ཁོང་མོ་མི་ཚེ་གང་པོར་ཨ་མེ་རི་ཀའི་སྲི་ཞུའི་ཞབས་ཞུ་སྒྲུབ་མཁན་རེད་ལ། དེ་སྔ་ཕྱི་ལོ་ ༢༠༡༨ ནས་ ༢༠༢༡ བར་ལོ་ངོ་གསུམ་གྱི་རིང་ལ་ (Institute for Peace Building) ནང་ཕྱག་ལས་གནང་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་བསྐྲུན་རྒྱུའི་ཐོག་ལ་དགོངས་ཚུལ་ག་འདྲ་ཡོད་མེད་ང་ཚོས་ཤེས་ཀྱི་ཡོད་པ་རེད། ད་དུང་སྲིད་འཛིན་བྷའེ་ཌིན་མཆོག་གིས་རྒྱ་ནག་དང་བོད་ཐོག་བཟུང་བའི་སྲིད་ཇུ་ཐོག་ལ་ཕྱག་ལས་གནང་དགོས་ཀྱི་ཡོད་པར་བརྟེན། ང་ཚོས་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་བ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཊོ་ནི་བྷི་ལིན་ཁིན་(Antony Blinken) མཆོག་ལའང་ཐུགས་རྗེ་ཆེ་ཞུ་ཡི་ཡིན།ཞེས་གསུངས་སོང་།

དེ་བཞིན་དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་འཚམས་འདྲི་གནང་བའི་ནང་། ལྕམ་སྐུ་ལགས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གནང་སྟེ་རྒྱ་ནག་གཞུང་གི་སྐུ་ཚབ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བར་དུ་བོད་རྒྱ་ཞི་མོལ་སླར་གསོ་ཡོང་རྒྱུའི་རེ་བ་གནང་གི་ཡོད་སྐོར་དང་། ལྕམ་ཨུ་ཛི་ར་ལགས་ཀྱི་སྣེ་འཁྲིད་བཟང་པོའི་འོག་ནས་ཨ་རིའི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་གཏོང་གི་ཡོད་པར་གནོན་ཤུགས་སྤྲོད་རྒྱུ་དང་། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་གནང་རྒྱུ། དེ་བཞིན་བོད་མི་ངོ་བོ་དང་ཆོས་རིག་སོགས་ཉར་ཚགས་སྲུང་སྐྱོབ་གནང་ཐུབ་རྒྱུར་ཐུགས་རེ་ཆེན་པོ་ཡོད་སྐོར་གསུངས་འདུག

ལྕམ་ཨུ་ཛི་ར་ཛེ་ཡ་ལགས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་རྗེས། ཁོང་མོ་སྐུ་སྒེར་གྱི་ཊི་ཝེ་ཊར་དུ་ཡོངས་ཁྱབ་གསུང་བཤད་ཅིག་གནང་བའི་སྟེང། ཨ་རིའི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད་ལ། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས། ནང་ཆོས་སོགས་སྲུང་སྐྱོབ་དང་གོང་མཐོར་གཏོང་བར་རོགས་འདེགས་བྱེད་ཀྱི་ཡོད། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་མི་སྣ་དང་རྒྱ་ནག་གཞུང་བར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཞི་མོལ་བྱས་ཏེ། བོད་མི་རྣམས་ལ་ཚད་ལྡན་གྱི་རང་སྲིད་རང་སྐྱོང་བསྐྲུན་བར་རྒྱབ་སྐྱོར་བྱེད་མུས་ཡིན་པ་དང་། ཨ་རིའི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ་སོགས་བོད་ནང་རང་སྐྱོང་ལྗོངས་གཙོས་བོད་ཀྱི་ས་ཁུལ་གཞན་དུ་མངག་གཏོང་བྱེད་བར་འབད་བརྩོན་བྱ་རྒྱུ་ཡིན་ལ།  ཨ་རིས་ཨེ་ཤ་ཡའི་ཆུའི་གཏེར་མཛོད་དུ་འགྱུར་བའི་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་བར་རྒྱབ་སྐྱོར་ཡོད་སྐོར་སོགས་གསུངས་འདུག

Uzra Zeya US Special Coordinator for Tibetan Issues

གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་རེ་བ་དམིགས་བསལ་ག་རེ་བརྒྱག་གི་ཡོད་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། བོད་རྒྱའི་དཀའ་རྙོག་སེལ་དགོས་ཀྱི་ཡོད་ན། བོད་དང་རྒྱ་ནག་གཉིས་སྐད་ཆ་མ་བཤད་ན་ཐབས་ཡོད་མ་རེད། ཡིན་ནའང་མཐར་ཐུག་གི་ཐབས་ལམ་ཞིག་མ་རྙེད་བར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་ལེན་རྒྱུ་སོགས་ང་ཚོས་འབད་བརྩོན་མུ་མཐུད་ཞུ་ཡི་ཡིན། དེར་བརྟེན་ཨ་མེ་རི་ཀ་ནི་འཛམ་བུ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་ཤིག་དང་ཨ་མེ་རི་ཀའི་གཞུང་ནི་དམངས་གཙོའི་གཞུང་ཡིན་པའི་ཆ་ནས་བཟང་སྤྱོད་འདི་ཚོ་ཐུན་མོང་ཆགས་ཀྱི་ཡོད་པ་རེད། གཙོ་བོ་ཕྱི་ལོ་ ༢༠༠༢ ལོར་ཨ་རིས་བོད་དོན་ཐོག་ལ་འཛིན་པའི་སྲིད་ཇུས་འདིའི་འོག་ནས་གལ་ཆེ་ཤོས་ནི་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་འགན་འཁྱེར་དགོས་ཀྱི་ཡོད་པ་དེ་གཏན་འབེབས་བྱས་ཏེ་ལོ་ ༢༠ ཙམ་འགྲོ་ཡི་ཡོད་རེད་དེ། རྒྱ་ནག་གི་ངོས་ནས་ཡ་ལན་མ་བྱེད་ན་ཡོང་ཐབས་མེད་པ་ནི་གསལ་པོ་རེད། དེར་བརྟེན་ང་ཚོས་རྒྱ་ནག་གཞུང་ལའང་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་སྐད་ཆ་བཤད་རྒྱུར་འདོད་པ་ཡོད་པའི་བརྡ་ལན་སྤྲོད་བཞིན་ཡོད་རེད་ལ། དེ་བརྒྱུད་ནས་དཀའ་ངལ་སེལ་རྒྱུའི་ཆེད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལོགས་ནས་ལྷག་པར་དུ་ཨ་མེ་རི་ཀའི་སྲིད་གཞུང་གིས་སྣེ་འཁྲིད་དགོས་པ་དང་། ཨ་མེ་རི་ཀ་གཅིག་པུས་སྣེ་འཁྲིད་ན་ཕན་གྱི་ཡོད་མ་རེད། དེར་བརྟེན་མཐུན་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་ཨ་མེ་རི་ཀའི་གཞུང་གིས་བོད་དོན་ཐོག་ལ་འཛིན་པའི་བསམ་ཚུལ་མཐུན་པ་དེ་དག་རུག་རུག་བཟོ་ཐུབ་རྒྱུ་དེ། འབྱུང་འགྱུར་གྱི་ཉེ་བའི་དུས་ཚོད་ནང་ང་ཚོས་འབད་བརྩོན་བྱེད་དགོས་པའི་ལས་འགན་གལ་ཆེན་པོ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག ཅེས་གསུངས་སོང་།

ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབ་གནང་བའི་ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ (Tibet Policy act of 2002) ལག་བསྟར་བྱས་པ་ནས་བཟུང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་དྲུང་ལས་ (Under Secretary) ཀྱི་གནས་རིམ་ཅན་ཞིག་བསྐོ་བཞག་བྱེད་སྲོལ་ཡོད་ཀྱང་། ཨ་རིའི་སྲིད་འཛིན་སྔ་མ་ཊོམ་ཕུ་མཆོག་གི་སྲིད་གཞུང་ནས་ལོ་གསུམ་ལྷག་རིང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་ཐུབ་མེད་པ་རེད།

ལྕམ་སྐུ་ཨུ་ཛི་ར་ཛེ་ཡ་ལགས་ནི་ཨ་རིའི་ཨེ་ཤ་ཡའི་མི་ཞིག་ཕྱི་སྲིད་ལྷན་ཁང་གི་དྲུང་ལས་སུ་བསྐོས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད།  ལྕམ་ཨུ་ཛི་ལགས་ཀྱི་སྐྱེ་ཁུངས་ནི་རྒྱ་གར་གྱི་མངའ་སྡེ་བྷི་ཧར་ནས་ཡིན་འདུག དེ་སྔ་ཁོང་མོས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་སུ་ཕྱག་ལས་གནང་མྱོང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༡༩ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

མཆན། 1

  1. Jigme says:
    ལོ་ 4 སྔོན།

    དཔལ་ལྡན་སྲིད་སྐྱོང་མཆོག་ཟེར་མ་ཐུབ་པ་འདི་དུས་བབ་ཚང་གི་ངོ་ཚ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese