མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སའི་བོད་མི་མང་པོར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མི་ཚང་མས་ཏོག་དབྱིབས་སྔོན་འགོག་གི་ཐབས་ལམ་ཁག་ལྷོད་གཡེང་མེད་པར་ལག་བསྟར་གནང་དགོས་པའི་འབོད་སྐུལ་གནང་སོང་།

ཁ་སང་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༩༣ སྤེལ་བའི་སྐབས། ཐོག་མར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྔོན་འགོག་སྐོར་ད་ལྟ་ནས་བསམ་བློ་མ་བཏང་བ་ཡིན་ན། ཕྱིས་སུ་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུའི་ཉེན་ཁ་ཡོད་པར་བརྟེན། དེ་རིང་མང་ཚོགས་ལ་ཞུ་རྒྱུའི་ལས་རིམ་འདིའི་ཐོག་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཕེབས་ཡོད། ཏོག་དབྱིབས་གཉན་རིམས་འདི་ཐོག་མར་བྱུང་བ་ནས་བཟུང་འདས་ལོའི་ཕྱི་ཟླ་ ༥ ཚེས་ ༢༧ བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་གྲངས་ ༡༡༦ ཙམ་འདས་གྲོངས་སུ་ཕྱིན་ཡོད་ཅིང་། ད་བར་ཁྱོན་བོད་མི་གྲངས་ ༡༦༢ འདས་གྲོངས་སུ་ཕྱིན་ཡོད་པ་རེད། གཞན་ཡང་ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྔོན་འགོག་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་པའི་གྲངས་ཐོ་དེ་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་གཅིག་མཚུངས་སླེབས་ཡོད་པ་རེད། ད་ལྟའི་ཆར་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་འབུའི་ངོ་བོ་འགྱུར་བ་ཕྲན་བུ་ཕྱིན་ཏེ་ཨོ་མི་ཁི་རོན་ (Omicron) ཞེས་པའི་ནད་ཡམས་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་ཡོད་ཅིང་། ད་ལྟའང་ཨོ་མི་ཁི་རོན་སྐོར་འཛམ་གླིང་གི་ཚན་རིག་པས་ཉམས་ཞིབ་གནང་དང་གནང་མུས་ཡིན་པ་རེད། ད་ལྟའི་ཆར་ཨོ་མི་ཁུ་རོན་ནི་ཌེལ་ཊ་ (Delta) དང་བསྡུར་བ་ཡིན་ན་སྲོག་ལ་ཉེན་ཁ་ཆུང་བ་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང་། སྔོན་འགོག་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་པ་རྣམས་ལ་ནད་ཡམས་འདི་རྩ་བ་ཉིད་ནས་མ་འགོས་པ་མིན་པར་ནད་ཡམས་འགོས་མཁན་མང་པོ་བྱུང་འདུག་ལ། འདས་གྲོངས་སུ་ཕྱིན་པའང་བྱུང་ཡོད་པ་རེད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། ཏོག་དབྱིབས་གཉན་རིམས་ཕོག་པ་མི་གྲངས་ ༨༠ ཙམ་བྱུང་བའི་ཁྲོད་ནད་ཡམས་ཕོག་པའི་མི་གྲངས་མང་ཤོས་དེ་དྷ་ས་ཁུལ་ནས་རེད་འདུག དེ་བཞིན་ལྡི་ལི་ནས་མི་གྲངས་ལྔ་དང་ལ་དྭགས་ནས་མི་གྲངས་གཉིས། སྦེལ་ཀོབ་ནས་གཉིས། མོན་གྷོ་ནས་གཅིག ཧོན་སུར་ནས་གཅིག ཏེ་ཛུ་ནས་གཅིག བདེ་སྐྱིད་གླིང་ནས་གཅིག སྤོན་ཌ་ནས་གཅིག་བཅས་འདུག བརྒྱུད་ལམ་ཁག་དང་ཁེ་ལས་པ་རྣམས་ཀྱིས་ཞིབ་འཇུག་གནང་བ་བརྒྱུད། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ནད་རླབས་གསུམ་པ་བསླེབ་རྒྱུའི་ཚོད་དཔག་གནང་བཞིན་པ་དེ་མང་ཚོགས་ལ་གོ་རྟོགས་སྤེལ་བ་དང་སྦྲགས། ནད་ཡམས་ཀྱི་རྐྱེན་པས་གཞུང་འབྲེལ་ལས་དོན་བྱེད་ཕྱོགས་ལའང་ཁྱད་པར་མང་པོ་འགྲོ་བཞིན་ཡོད་རེད། ལྷག་པར་དུ་བོད་ཀྱི་ལོ་གསར་སླེབས་ལ་ཉེ་བས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ཀྱིས་ཛ་དྲག་ཡིན་ན་མ་གཏོགས་ལོ་གསར་སྐབས་གུང་སེང་ལ་འགྲོ་མི་དགོས་པའི་འབོད་སྐུལ་གནང་བ་དང་། བོད་མི་སུད་ཚོང་བ་ས་ཁུལ་མི་འདྲ་བ་ ༢༥༨ ཙམ་གྱི་ནང་སུད་ཚོང་གཉེར་བཞིན་པའི་བོད་མི་དེ་དག་རང་ཁྱིམ་དུ་ཕྱིར་མ་ལོག་གོང་ཏོག་དབྱིབས་གཉན་རིམས་ཡོད་མེད་བརྟག་དཔྱད་ངེས་པར་དུ་གནང་དགོས་ཤིང་། ས་གནས་མགོ་འཛིན་རྣམས་ནས་ཀྱང་དེ་སྔ་ཟུར་བཀག་བྱེད་ས་ཡོད་པ་དེ་དག་གྲ་སྒྲིག་གནང་དགོས་པའི་འབོད་སྐུལ་གནང་སོང་། ད་དུང་མིའི་སྲོག་བསྐྱབ་རྒྱུའི་སླད་འགྲོ་གྲོན་ག་ཚོད་གཏོང་དགོས་ཀྱི་ཡོད་ནའང་གཏོང་གི་ཡིན་སྐོར་སོགས་གསུངས་སོང་།

སྐབས་དེར་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་ཀྱིས། ཏོག་དབྱིབས་ནད་རླབས་གསུམ་པ་དང་ནད་དུག་གསར་པ་འགོས་ཁྱབ་མི་འགྲོ་བའི་སླད། ཚང་མས་ནད་རྟགས་ཐོན་མ་ཐག་སྔ་ས་ནས་བརྟག་དཔྱད་དང་སྔོན་འགོག་སྨན་ཁབ་གཙོས་པའི་སྔོན་འགོག་གི་ཐབས་ལམ་ཁག་ལ་ལྷོད་གཡེང་མེད་པར་ལག་བསྟར་གནང་དགོས་པའི་འབོད་སྐུལ་གནང་གྲུབ་མཚམས། བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་ཀྱིས། རྒྱལ་སྤྱིའི་ཁྲོད་ཏོག་དབྱིབས་ཀྱི་ཁྱབ་ཚད་སོགས་ངོ་སྤྲོད་དང་འབྲེལ། བོད་མི་ཚོས་བརྟག་དཔྱད་དང་སྨན་བཅོས། འབྲེལ་གཏུགས་རྩད་གཅོད། སྔོན་ཁབ། དེ་བཞིན་སྔོན་འགོག་ཐོག་ཐུགས་སྣང་གནང་དགོས་པ་དང་། ལྷག་པར་དུ་ཕན་ཚུན་རྒྱང་ཐག་དང་ཁ་རས་གྱོན་པ་སོགས་ཀྱི་སྔོན་འགོག་ཐབས་ལམ་མུ་མཐུད་བསྟེན་དགོས་ཤིང་། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་སྐབས། ཧི་མཱ་ཅལ་མངའ་སྡེ་ནང་ཉིན་གཅིག་ནང་ནད་ཡམས་འགོས་པའི་མི་གྲངས་ ༣༧༤ ཙམ་བྱུང་བའི་ཁྲོད། མི་གྲངས་ ༡༣༦ ཀང་ར་རྫོང་ནས་རེད་འདུག ད་དུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་རྟགས་ཐོན་པའི་མི་གྲངས་ཇེ་མང་དུ་ཕྱིན་ཏེ། བོད་ཀྱི་ཟློས་གར་ཚོགས་པའི་ནང་ཏོག་དབྱིབས་ནད་རྟགས་ཐོན་པའི་མི་གྲངས་ ༣༤ དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་དྷ་རམ་ས་ལའི་ནང་ཉིན་གཅིག་ནང་གངས་སྐྱིད་གཙོས་རྡ་ས་ཁུལ་ནས་བོད་མི་ ༣༧ ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་ཕོག་པ་དང་། རྒྱ་གར་ནང་ནད་གཞི་ཕོག་པའི་མི་གྲངས་ ༨༠ ལྷག་ཙམ་ཡོད་པའི་ཁྲོད་མང་ཆེ་བ་དྷ་རམ་ས་ལ་ནས་རེད་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་ཕོག་པའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། དེ་དག་ལ་རྣམ་པ་འགྱུར་བའི་ནད་དུག་གསར་པ་དེ་འགོས་ཡོད་པའི་དོགས་པ་མི་འདུག ཅེས་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ (Jai Ram Thakur) ལགས་ཀྱིས་མངའ་སྡེའི་བློན་ཆེན་ཁག་དང་ལྷན་དུ་ཚོགས་འདུ་ཞིག་འཚོགས་ཏེ་མཚན་སྡོད་བཀའ་རྒྱ་གཙོས་སྒྲིག་གཞི་ཁག་ཡོངས་ཁྱབ་གནང་བའི་ནང་། ནད་ཡམས་སྔོན་འགོག་སླད་མང་ཚོགས་ནས་མཚན་གྱི་ཆུ་ཚོད་ ༡༠ པ་ནས་སྔ་དྲོའི་ཆུ་ཚོད་ ༥ པ་བར་མཚན་སྡོད་བཀའ་རྒྱ་བསྡམས་ཡོད་པ་དང། མངའ་སྡེའི་ནང་ཆབ་སྲིད་གཙོས་ཆོས་ཕྱོགས་དང་རྩེད་རིགས། འཛིན་སྐྱོང་གི་མཛད་སྒོ། དེ་བཞིན་གཉེན་སྟོན་སོགས་ལ་མང་ཚོགས་ལྔ་བཅུ་ལས་མ་བརྒལ་བའི་ཐོག་ནས་འདུ་འཛོམས་གནང་རྒྱུ་དང་། གཞན་གློག་བརྙན་ཁང་དང་སྤྲོ་གསེང་ས་ཁུལ། དེ་བཞིན་ཡོ་ག་དང་ལུས་སྦྱོང་ཁང་སོགས་གནས་སྐབས་སྒོ་བརྒྱག་རྒྱུའི་བཀོད་ཁྱབ་གནང་ཡོད་པ་རེད། གཞན་ཡང་ཕྱག་མཆོད་བྱ་ཡུལ་གྱི་ས་ཁུལ་ཁག་ཏུ་མི་མང་མང་པོ་འདུ་འཛོམས་ཐོག་ཞལ་ལག་བགོ་འགྲེམས་སོགས་ཀྱི་ལས་དོན་རིགས་གཉེར་མི་ཆོག་པ་བཟོས་ཡོད་ལ། ཟ་ཁང་དང་མགྲོན་ཁང་སོགས་ནས་ཀྱང་བཀའ་རྒྱ་ལས་མ་བརྒལ་བའི་ཐོག་ནས་འདུ་འཛོམས་གནང་ཆོག་པ་དང་། མང་ཚོགས་ཀྱིས་ངེས་པར་དུ་སྤྱི་ཚོགས་རྒྱང་བཀྱེད་དང་ཁ་རས་གྱོན་རྒྱུ་སོགས་གཉན་རིམས་སྔོན་འགོག་གི་ལས་དོན་ཁག་མུ་མཐུད་ཕྱག་བསྟར་གནང་དགོས་པའི་འབོད་སྐུལ་གནང་ཡོད།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་བར་རྒྱ་བལ་གཉིས་ནང་བོད་མིར་ཏོགས་དབྱིབས་ནད་པའི་གྲངས་ ༦༩༣༡ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༧༡༤ དང་། རྐྱེན་འདས་སུ་ཕྱིན་པ་ ༡༦༢། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་ ༨༠ ཡོད་འདུག དེ་བཞིན། དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་བ་གྲངས་ ༡༡༧,༡༠༠ བྱུང་ཡོད་པའི་ཁྲོད་དྲག་སྐྱེད་ཟིན་པ་ ༣༠༨༣༦ ཡོད་འདུག་ལ། ད་ལྟ་རྒྱ་གར་ནང་དུ་ཏོག་དབྱིབས་ཀྱི་གཉན་སྲིན་གསར་པ་ཨོ་མི་ཁུ་རོན་འགོས་པའི་མི་གྲངས་ ༣༠༠༧ ཙམ་བྱུང་སྟེ། སླར་ཡང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེ་རུ་འགྲོ་མགོ་བཙུགས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese