མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་སྔོན་ཞིང་ཆེན་ནང་གནམ་ཐང་ ༡༠ རྒྱག་དགོས་པའི་ལས་འཆར་གཏན་འབེབ་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གྲོང་ཁྱེར་དང་ཁུལ་རེར་ཉུང་མཐར་སྐྱེལ་འདྲེན་གནམ་ཐང་གཅིག་རེ་དགོས་པའི་འཆར་གཞིའི་འོག་ཕྱི་ལོ་ ༢༠༢༥ བར་མཚོ་སྔོན་ཞིང་ཆེན་ཡོངས་ནང་སྐྱེལ་འདྲེན་གནམ་ཐང་ ༡༠ འཛུགས་སྐྲུན་ཟིན་པ་དགོས་པའི་ལས་འཆར་གཏན་འབེབ་བྱས་འདུག

མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཁོངས། དྲ་ལམ་གྱི་པར།

དེ་རིང་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ནུབ་བྱང་ཕྱོགས་སུ་གནམ་ཐང་གསར་པ་ཞིག་འཛུགས་སྐྲུན་བྱ་གཏན་འཁེལ་ཡོད་ཅིང་། གནམ་ཐང་གསར་པ་དེས་ཕྱི་ལོ་ ༢༠༣༠ བར་ཁྱོན་འགྲུལ་བ་འབུམ་ ༤ དང་ཕྱེད་ཀ་དང་། དངོས་ཟོག་ཏུན་ ༦༥༠ ལྷག་སྐྱེལ་འདྲེན་བྱ་རྒྱུའི་དམིགས་ཚད་བཟུང་ཡོད་འདུག

གསར་དུ་རྒྱག་འཆར་ཡོད་པའི་གནམ་ཐང་དེ་ནི་ཆབ་ཆ་གྲོང་བརྡལ་དང་བར་ཐག་སྤྱི་ལེ་ ༡༡ ཙམ་ཀྱི་མཚམས་སུ་ཡོད་ཅིང་། གཞུང་ལམ་གྱི་ལམ་ཐག་ལ་སྤྱི་ལེ་ ༡༤ ཙམ་དང་། འཛུགས་སྐྲུན་གྱི་ཆ་ཤས་གཙོ་བོ་ནི་རིང་ཚད་ལ་སྨི་ ༥༢༠༠ ཟིན་པའི་རྒྱུག་ལམ་གསར་པ་གཅིག་དང་། སྨི་གྲུ་བཞི་མ་ ༦༠༠༠ ཟིན་པའི་གནམ་ཐང་གི་ཐོག་ཁང་། གནམ་གྲུ་འབབ་ས་ ༥ བཅས་གསར་རྒྱག་བྱ་འཆར་ཡོད་པ་དང་།  དེ་བཞིན་འཕྲིན་གཏོང་དང་། ཕྱོགས་སྟོན། གནམ་གཤིས། གློག་འདོན། ཆུ་བེད་མཁོ་འདོན། སྣུམ་འདོན། མེ་གསོད་རོགས་སྐྱོང་ཟེར་བ་སོགས་ཀྱི་ཞོར་འདེགས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ཆས། གནམ་ཐང་གི་ཕྱི་ལོགས་སུ་ཆུ་ལོག་སྔོན་འགོག་གི་སྒྲིག་བཀོད་སོགས་འཛུགས་སྐྲུན་བྱ་བའི་འཆར་གཞི་ཡོད་སྐོར་བསྒྲགས་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ནང་ལོ་ལྔ་ཚན་བཅུ་བཞི་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཕེལ་རྒྱས་འཆར་འགོད་ཟེར་བ་གཞིར་བཟུང་། ཕྱི་ལོ་ ༢༠༢༥ བར་ཞིང་ཆེན་ཡོངས་ནང་སྐྱེལ་འདྲེན་གནམ་ཐང་ ༡༠ འཛུགས་སྐྲུན་ཟིན་དགོས་པ་དང་། གྲོང་ཁྱེར་དང་ཁུལ་རེར་ཉུང་མཐར་སྐྱེལ་འདྲེན་གནམ་ཐང་གཅིག་རེ་དགོས་པའི་འཆར་གཞི་བཟོས་ཡོད་པ་ལྟར། ད་ལྟའི་ཆར་མཚོ་སྔོན་ཞིང་ཆེན་གཅིག་པུའི་ནང་ཟི་ལིང་གནམ་ཐང་དང་། ན་གོར་མོ་གནམ་ཐང་། སྐྱེ་རྒུ་མདོ་གནམ་ཐང་། གཏེར་ལེན་ཁའི་གནམ་ཐང་དང་། ཧྭ་ཐུའུ་ཀོའུ་གནམ་ཐང་། མགོ་ལོག་གནམ་ཐང་། མདོ་ལའི་གནམ་ཐང་བཅས་ཡོད་པའི་ཐོག ད་ལན་གྱི་ལས་གཞིའི་ནང་གསེར་ཆེན་གནམ་ཐང་དང་། རྨ་ལྷོ་གནམ་ཐང་བཅས་ཡོད་འདུག

འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དམངས་དོན་དང་དམག་དོན་གཉིས་སུ་སྤྱོད་པའི་གནམ་ཐང་གསར་རྒྱག་གི་ལས་གཞི་ཇེ་མང་དུ་གཏོང་བཞིན་ཡོད་པ་ལྟར། འདས་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ལོ་དེར་བོད་དང་ཤར་ཊུར་ཀི་སི་ཐན་(ཤིན་ཅང་)ཁུལ་དུ་དམག་དཔུང་གི་འགྲུལ་སྐྱོད་སྟབས་བདེ་ཡོང་ཆེད་ཁྱོན་གནམ་ཐང་གསར་པ་ ༣༠ གསར་རྒྱག་བྱེད་བཞིན་ཡོད་སྐོར་དང་། ལས་གཞི་དེ་དག་རྒྱ་གར་དང་ས་ཐག་ཉེ་བའི་བོད་མངའ་རིས་ཁུལ་གྱི་སྤུ་ཧྲེང་རྫོང་དང་། དབུས་ཁུལ་གྱི་དིང་རི་དང་ལྷུན་རྩེ་རྫོང་བཅས་སུ་འཛུགས་སྐྲུན་བྱེད་ཀྱིན་ཡོད་པ་དང་། གནམ་ཐང་དེ་གསུམ་བརྒྱུད་ཤིན་ཅང་དང་བོད་གཉིས་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་མཐུད་པའི་མཁའ་ལམ་ ༢༠ ཙམ་བསྐྲུན་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྐྱེལ་འདྲེན་གནམ་ཐང་ ༧ ཡོད་པའི་ཐོག རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ནས་ ༢༠༣༠ བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གནམ་ཐང་ཕོན་ཆེན་གསར་རྒྱག་བྱ་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་ལྟར། ད་ལྟའི་ཆར་འདམ་གཞུང་དང་། གྲོ་མོ། སྐྱིད་གྲོང་། ལྷུན་རྩེ། མེ་ཏོག རྒྱ་མདའ། སྨར་ཁམས། འབྲི་རུ། སྤུ་ཧྲེང་བཅས་གནམ་ཐང་གསར་པ་ ༩ རྒྱག་བཞིན་ཡོད་པ་དང་། འདི་ལོ་ནས་བཟུང་རིམ་པས་ལྷུན་གྲུབ་རྫོང་དང་། གཉའ་ནང་རྫོང་། དིར་རི་རྫོང་། ལྷོ་བྲག་རྫོང་། ཉི་མ་རྫོང་སོགས་ནང་ལོ་རེ་བཞིན་ཆ་སྙོམས་གནམ་ཐང་ ༣ རེ་གསར་རྒྱག་བྱ་རྒྱུའི་དམིགས་ཚད་བཟུང་ཡོད་སྐོར་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese