མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པདྨ་བཟང་པོ་ལགས་ཀྱིས་ལ་དྭགས་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་བཅའ་ཕུལ།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གི་མདུན་དུ་ལ་དྭགས་ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས་ནས་ལས་འཁུར་དམ་བཅའ་ཕུལ་སོང་།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་དགུའི་ནང་གསེས་དོན་ཚན་དང་པོའི་ནང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ས་གནས་སོ་སོའི་འགོ་འཛིན་ཁག་དང༌། དེ་མིན་ལས་བྱེད་དང༌། སྐྱེ་བོ་སུ་འོས་ལ་ཁྲིམས་ཞིབ་ཀྱི་དབང་ཆ་སྤྲད་དེ་གཏན་འཇགས་དང༌། འཕྲལ་སེལ། ཡང་ན་སྐོར་བསྐྱོད་བཅས་ཀྱི་ཁྲིམས་ཞིབ་ཁང་འོག་མའི་ལས་དོན་སྐབས་བསྟུན་གྱིས་སྒྲུབ་ཆོག་པ་ཡིན། ཞེས་གསལ་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གི་དྲུང་ནས་ལ་དྭགས་ས་གནས་ཁྲིམས་ཞིབ་པ་གསར་པ་པདྨ་བཟང་པོ་ལགས་ནས་ལས་འཁུར་དམ་བཅའ་འབུལ་བའི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་སྟེང་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་སོགས་ཆེད་ཕེབས་གནང་འདུག

མཛད་སྒོའི་ཐོག་པདྨ་བཟང་པོ་ལགས་ཀྱིས། མ་འོངས་པར་ས་གནས་ཁྲིམས་ཞིབ་པའི་ལས་སྒོ་མཐའ་དག་དེ་རིང་གི་དམ་འབུལ་གྱི་དགོངས་དོན། བཅའ་ཁྲིམས་རིན་པོ་ཆེ་དང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་བཅས་གཞི་རྩར་བཟུང་བའི་ཐོག་ནས། ས་གནས་ཁྲིམས་ཞིབ་པའི་ཁྲིམས་དོན་དང་འཛིན་སྐྱོང་གི་ལས་དོན་དྲང་བདེན་གྱི་ཐོག་ནས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་སོགས་གསུངས་སོང་།

ལ་དྭགས་ས་གནས་ཁྲིམས་ཞིབ་པ་གསར་པ་པདྨ་བཟང་པོ་ལགས་ནི་ལ་དྭགས་སུ་སྐྱེས་ཤིང་། ཕྱི་ལོ ༢༠༡༣ ལོར་ཟླ་གསུམ་གྱི་རིང་ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་དུ་ཁྲིམས་དྲུང་དང་རྩིས་པ་གཅིག་ལྕོགས་ཀྱི་ལས་འཁུར་ཞུས། དེ་ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་དང་ཟུང་དྲུང་གནང་།   ཕྱི་ལོ ༢༠༢༡ ཟླ་༧ ཚེས་ ༡ ཉིན་ཁྲིམས་ཞིབ་ཁང་གི་ཟུང་དྲུང་དུ་བསྐོས། ཁོང་གིས་ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་དེའི་ཁྱབ་ཁོངས་ས་གནས་ཁྲིམས་ཞིབ་ཁང་དུ་ལོ་ལྔ་མ་ཟིན་ཙམ་དང་། ནང་སྲིད་ལས་ཁུངས་སུ་ལོ་གསུམ་དང་ཟླ་བརྒྱད་ལྷག་ལས་ཁུར་ཞུས་མྱོང་ཡོད་འདུག

ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་རྡེ་ར་རྡུན་བདེ་སྐྱིད་གླིང་གཞིས་སྒར་དུ་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང་། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། དེ་བཞིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་བཅས་ཁྱོན་ས་གནས་ཁྲིམས་ཞིབ་ཁང་གསུམ་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩

མཆན། 1

  1. ཉི་རྡོར། says:
    ལོ་ 3 སྔོན།

    རྗེས་སོར་གསར་འགོད་པས་གནས་ཚུལ་འགོད་སྐབས་ཐུགས་སྣང་གནང་དགོས་པ་མང་པོ་འདུག དམ་བཅའ་ཕུལ་གྲུབ་པའི་རྗེས་ལ་ལ་དྭགས་ས་གནས་ཀྲིམས་ཞིབ་པ་ཆགས་པ་རེད། རྣམ་པ་ཚོས་དང་པོ་ཉིད་ནས་ལ་དྭགས་ས་གནས་ཁྲིམས་ཞིབ་པས་ཞེས་བྲིས་འདུག རྗེས་སོར་དོ་སྣང་ཡོང་སླད་ཞུས་ཡ་༧ཡིན་ནོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese