མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྲག་མགོ་དགོན་པ་དང་འབྲེལ་ཡོད་ཚོར་མུ་མཐུད་དམ་དྲག་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བྲག་མགོ་དགོན་པར་མུ་མཐུད་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད་ཕྱི་ལོ་ ༢༠༡༨ ལོར་ཀློད་གྲོལ་ཐོབ་པའི་བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་དང་ཁོང་གི་བཙོན་རོགས་ཕྱག་མཛོད་བསྟན་དགའ་དང་རྩིས་པ་དགྲ་ལྷག་བཅས་ལ་འགྲོ་འདུག་རང་དབང་མེད་པའི་ཁར་ནད་མནར་གྱིས་དཀའ་ངལ་འཕྲད་བཞིན་ཡོད་འདུག

བྲག་མགོ་ཐོས་བསམ་དགའ་ཚལ།

བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༣ ཙམ་ནས་བཟུང་རྒྱ་ནག་གཞུང་གིས་བྲག་མགོ་དགོན་པར་གཏོར་བཤིག་དྲག་གནོན་བྱས་ཏེ་ད་ལྟའང་མུ་མཐུད་དམ་དྲག་དང་དོགས་ཟོན་ཆེན་པོའི་འོག་གནས་ཡོད་པ་མ་ཟད། ཐད་ཀར་འབྲེལ་བ་ཡོད་པ་དང་རྣམ་འགྱུར་ཡག་པོ་མེད་པ་སོགས་ཀྱི་ཉེས་མིང་འོག སྐབས་དེར་འཛིན་བཟུང་བྱས་པའི་བྲག་མགོ་དགོན་པའི་མཁན་པོ་དཔལ་དགའ་ལགས་དང་ཕྱག་མཛོད་ཉི་མ། གྲྭ་བཀྲ་ཤིས་རྡོ་རྗེ་ལགས་དང་ཉི་མ། དེ་བཞིན། སངས་རྒྱས་ཀྱི་སྐུ་རྟེན་དེ་དག་དང་འབྲེལ་བའི་ལྷ་བྲིས་པའི་བུ་བཀྲོལ་པ། ལྷ་མོ་དབྱངས་སྐྱིད་དང་ཚེ་རིང་བསམ་འགྲུབ་ཞེས་པ་སོགས་སྐྱ་སེར་བཅུ་གྲངས་དེ་ཡི་ད་ལྟའི་གནས་སྟངས་དང་།  ཁོང་རྣམས་ཀློད་གྲོལ་བཏང་ཡོད་མེད་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་པ་སྤྱི་མཚུངས་ལྟར། བཙོན་གྲོལ་ཐོབ་ཀྱང་འགྲོ་འདུག་ལ་རང་དབང་མེད་པ་དང་། ལས་ཁུངས་དང་ཚོགས་སྡེ། དེ་བཞིན་དགོན་པ་སོགས་ཀྱི་ནང་འཛུལ་ཞུགས་མི་ཆོག་པ་སོགས་ཀྱི་དམ་དྲག་བཀག་རྒྱ་ཆེ་བར་བརྟེན། ཕྱི་ལོ་༢༠༡༨ ལོའི་ཟླ་ ༡ ནང་ཀློད་གྲོལ་ཐོབ་ཅིང་རྐང་པ་གཉིས་ནད་པར་གྱུར་བའི་བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་དང་། ཁོང་དང་མཉམ་དུ་བཙོན་འཇུག་མནར་གཅོད་མྱངས་བའི་བྲག་མགོ་དགོན་པའི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ)དང་། དགོན་པའི་རྩིས་པ་དང་དྲུང་ཡིག་གཅིག་ལྕོགས་དགྲ་ལྷ་ལགས་བཅས་ལ་དུས་ཐོག་ཏུ་ཚད་ལྡན་སྨན་ཁང་དུ་བསྟེན་གཏུག་བྱེད་མ་བཅུག་པའི་རྐྱེན་གྱིས་མུ་མཐུད་ནད་མནར་གྱིས་དཀའ་ངལ་འཕྲད་ཀྱི་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་བྲག་མགོའི་ས་གནས་སྲིད་གཞུང་གི་དམར་ཤོག་མགོ་ཁྲིད་ཚོས་བྲག་མགོ་དགོན་པའི་འཛིན་སྐྱོང་འོག་ཡོད་པའི་དགེ་ལྡན་ནང་བསྟན་སློབ་གྲྭར་ཡིག་ཆ་ཚད་ལྡན་མེད་སྐོར་བརྗོད་དེ་སྒོ་བརྒྱབ་བཅུག་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༢༣ ཙམ་ལ་དགོན་པའི་ཉེ་འདབས་སུ་ཡོད་པའི་མ་ཎི་ལག་འཁོར་གྲངས་ ༤༠ ལྷག་དང་མཐོ་ཚད་རྨིད་༩༩ ལྷག་ཅན་གྱི་ཐུབ་དབང་གི་སྐུ་བརྙན་ཞིག་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཞིག་གཏོར་བཤིག་བཏང་བ་སོགས་རིག་གནས་གསར་བརྗེ་བསྐྱར་ལོག་བྱས་པ་ལྟ་བུའི་བྱ་འགུལ་སྤེལ་དང་སྤེལ་མུས་ཡིན་འདུག

དེ་སྔོན་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ སྟེ་རྒྱ་ནག་གི་དཔྱིད་གསར་དུས་སྟོན་ཉིན། བྲག་མགོ་རུ་སེར་སྐྱ་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་གིས་མི་མང་ནང་གང་བྱུང་མེ་མདས་བརྒྱབ་སྟེ་བོད་མི་ཁག་ཅིག་དམར་གསོད་དང་རྨས་སྐྱོན་བཟོས་ཡོད་པ་དང་། དེ་ནས་ཉིན་ཤས་རྗེས་ཁྲིན་ཏུའུ་ནས་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དང་། བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། ཚོང་པ་འཕྲིན་ལས། རྩིས་པ་དགྲ་ལྷ། དེའི་རྗེས་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་བཅས་ཞི་རྒོལ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ཟླ་བ་མང་པོར་གར་སོང་ཆ་མེད་དུ་གྱུར་རྗེས། ཁྱིམ་མི་དང་རང་དབང་ཁྲིམས་རྩོད་པ་སོགས་གང་མེད་པར་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལ་ལོ་༧ དང་། ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)དང་། སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་དང་རྩིས་པ་དགྲ་ལྷ་གཉིས་ལ་ལོ་ ༦ རེ། དེ་བཞིན་དགོན་པའི་ཚོང་པ་འཕྲིན་ལས་ལ་ལོ་ ༥ བཅས་ཀྱི་ཁྲིམས་ཐག་བཅད། ཕྱིས་སུ་ཁོང་རྣམ་བཙོན་འཇུག་དུས་ཡུན་རྫོགས་ཏེ་རིམ་གྱིས་ཀློད་གྲོལ་ཐོབ་ཡོད་ཀྱང་དགོན་པར་ཕེབས་མི་ཆོག་པ་དང་། འགྲོ་འདུག་ལ་རང་དབང་མེད་པའི་རྐྱེན་གྱིས་ཚད་ལྡན་སྨན་པར་བསྟེན་གཏུག་མ་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༢ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢༣ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese