མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྲག་མགོ་ནས་སླར་ཡང་བོད་མི་བཅུ་ལྷག་འཛིན་བཟུང་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ཟླ་གཅིག་ཙམ་རིང་རྒྱ་ནག་གཞུང་གིས་བྲག་མགོ་ཕྱོགས་ཀྱི་སེར་སྐྱ་མི་མང་བཅུ་ལྷག་འཛིན་བཟུང་གིས་འདྲི་རྩད་དང་རྡུང་རྡེག་གཏོང་བ་སོགས་བྱས་ཏེ་བཀག་ཉར་འོག་བཞག་ཡོད་འདུག

བྲག་མགོ་དགོན་པ་དང་རྫོང་གཉིས། བོད་ཀྱི་དུས་བབ།

དེ་རིང་འདི་གའི་གསར་འགོད་པར་གནས་ཚུལ་ཁུངས་ལྡན་འབྱོར་བ་ལྟར་ན། ཟླ་འདིའི་ཟླ་མགོ་ཙམ་ལ་ཆབ་མདོ་བྲག་གཡབ་རྫོང་ཁོངས་ཀྱི་བོད་མི་ཨ་བཟང་ལགས་དང་ནོར་མཚོ། རྡོ་ཁྲ་བཅས་གསེར་རྟ་བླ་རུང་སྒར་དུ་ཆོས་མཇལ་ལ་སོང་ནས་ལོག་ཡོང་སྐབས། བྲག་མགོ་རྫོང་ཉེན་རྟོག་པས་བོད་མི་དེ་དག་གིས་ཁ་པར་ནང་དུ་ཆབ་སྲིད་དང་འབྲེལ་བའི་པར་རིས་ཉར་ཚགས་བྱས་ཡོད་ལུགས་བརྗོད་ནས་འཛིན་བཟུང་བྱས་ཏེ། ཆབ་མདོའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། འཛིན་བཟུང་བྱས་པའི་བོད་མི་དེ་དག་གི་ཁ་པར་ནང་དུ། འདས་ལོའི་ལོ་མཇུག་ཏུ་གཏོར་བཤིག་བཏང་བའི་སྟོན་པ་དང་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་གྱི་པར་རིས་སོགས་རང་རང་གི་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་བཀོད་ཚུལ་བརྗོད་ནས་འཛིན་བཟུང་བྱས་བ་ཞིག་ཡིན་སྐོར་བརྗོད་བྱུང་།

ཡང་འདས་ལོའི་ཕྱི་ཟླ་ ༡༡ ནང་བློ་བཟང་མཚོ་མོ་གཙོ་བྱས་པའི་བྲག་མགོ་ཕྱོགས་ཀྱི་བཙུན་མ་ཉུང་མཐར་ ༡༠ ཙམ་འཛིན་བཟུང་བྱས་ཡོད་ཀྱང་། ད་ལྟའི་ཆར་བཙུན་མ་དེ་དག་གི་གནས་སྟངས་ཅི་ཆགས་ཁ་གསལ་ཐུབ་ཀྱི་མེད་པ་དང་། བཙུན་མ་བློ་བཟང་མཚོ་མོ་ལགས་ཀྱིས་ཕྱི་ཕྱོགས་སུ་ཡོད་པའི་རང་ཉིད་ཀྱི་སྤུན་མཆེད་ལ་འབྲེལ་འདྲིས་བྱས་པའི་ཉེས་འཛུགས་བྱས་ཏེ། ཆབ་མདོ་གྲོང་ཁྱེར་བྲག་གཡབ་གྲོང་ཚོའི་ཉེན་རྟོག་ཁང་དུ་བཀག་ཉར་གྱིས། ཉེ་བའི་ཟླ་གསུམ་ཙམ་རིང་འདྲི་རྩད་དང་རྡུང་རྡེག་བཏང་ཡོད་འདུག་ལ། ད་ལྟ་ཁོང་ཀློད་གྲོལ་བཏང་ཟིན་ནའང་། རྒྱ་ནག་གི་ཉེན་རྟོག་པས་བཙུན་མ་ཁོང་བྲག་གཡབ་གྲོང་ཚོ་ནས་ཕྱིར་བསྐྱོད་མི་ཆོག་པ་དང་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་སོགས་ཀྱི་དམ་དྲག་འོག་བཞག་ཡོད་པ་རེད།

གནས་ཚུལ་མཁོ་སྤྲོད་པས། བློ་བཟང་མཚོ་མོ་ལགས་གཙོ་བྱས་པའི་བཙུན་མ་དེ་དག་འཛིན་བཟུང་བྱེད་དོན་ནི། ཁ་པར་ལ་སྔོག་བཤེར་བྱས་ཏེ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་རྗེས། བྲག་གཡབ་རྫོང་གི་ཉེན་རྟོག་ཁང་དུ་བཙན་འཁྲིད་ཀྱིས། འདྲི་རྩད་བྱས་པ་དང་ཆབ་སྲིད་སློབ་གསོ་ཟེར་བ་སྤེལ་ཡོད་སྐོར་བརྗོད་བྱུང་།

ཡང་ཕྱི་ཟླ་ ༡ ཚེས་ ༡ ཡས་མས་སུ་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་གྲྭ་བཀྲ་ཤིས་རྡོ་རྗེ་ལགས་སུ། བྲག་མགོ་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ད་ལྟ་ད་དུང་བྲག་གཡབ་ཁུལ་གྱི་ཉེན་རྟོག་ལས་ཁུངས་ཀྱི་མངག་གཏོང་ཁང་ཟེར་བའི་ནང་བཅུག་ཡོད་འདུག

གཞན་ཡང་བྲག་མགོ་རུ་འཛིན་བཟུང་བཀག་ཉར་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་བྱུང་གི་ཡོད་ཀྱང་། གནས་ཚུལ་ཁ་གསལ་རག་རྒྱུ་ཁག་པོ་ཡིན་པ་དང་། འབྲེལ་ཡོད་བོད་མི་ཞིག་གིས་དེང་སྐབས་བྲག་མགོར་དམ་དྲག་ཧ་ཅང་ཆེ་བ་དང་། དམིགས་བསལ་བྲག་མགོ་ནས་བྱུང་བའི་གནས་ཚུལ་རིགས་ཕྱིར་ཤོར་ཚེ། འབྲེལ་ཡོད་ནང་མི་དང་བཅས་པར་གནོན་ཤུགས་སྤྲད་ནས་མི་མང་གི་རང་དབང་འཕྲོག་གི་ཡོད་སྐོར་དང་། བྲག་མགོར་གནས་རིག་གསར་བརྗེ་བསྐྱར་སྤེལ་ལྟ་བུའི་གནས་སྟངས་བྱུང་དོན་གཙོ་བོ་ནི་རྫོང་དཔོན་གསར་པ་ཞིག་བསྐོས་ཡོད་པ་ཁོས་བསྒྲུབས་པ་ཡིན་སྐོར་ཡང་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese