མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པི་ཅིང་ཨོ་ལོམ་པིཀ་ལུས་རྩལ་འགྲན་ཚོགས་ནི་ལོ་རྒྱུས་ཐོག་ཆེས་ཚབས་ཆེ་བའི་སྤྱི་མང་འབྲེལ་ལམ་གྱི་གོད་ཆག་ཅིག་རེད།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཨཀ་ཤེས་ན་རམ་གྱིས་བྲིས།
བློ་བཟང་རྒྱ་མཚོས་བོད་བསྒྱུར་བྱས།

གལ་སྲིད་ད་ལྟ་འགྲོ་བཞིན་པའི་པི་ཅིང་ཨོ་ལོམ་པིཀ་ལུས་རྩལ་འགྲན་ཚོགས་དེ་ནི་རྒྱ་ནག་གིས་སྤྱི་མང་འབྲེལ་ལམ་གྱི་བྱེད་སྒོ་ཞིག་ལ་བརྩི་ཡི་ཡོད་ན། ཉེ་བའི་དུས་སུ་རྒྱལ་ཁབ་ཅིག་གིས་སྤྱི་མང་འབྲེལ་ལམ་གྱི་བྱེད་སྒོ་སྡུག་ཤོས་ཞིག་ཏུ་འགྱུར་ཡོད། ང་ཚོ་ལ་དེ་འདྲ་ཡིན་ཚུལ་བརྗོད་པའི་རྒྱུ་མཚན་ཡང་ཡོད། དགུན་དུས་ཨོ་ལོམ་པིཀ་ལུས་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་ཚོགས་སའི་ཕྱི་ལོག་ནས་ཧོ་ལན་ཌའི་བརྙན་འཕྲིན་གསར་འགོད་པ་ཞིག་འཐེན་ནས་འཁྲིད་ཕྱིན་པ་ནས་རྒྱ་ནག་གི་ཁ་གཏད་དུ་འགྱུར་བའི་རྒྱ་གར་དང་ལྷོ་ཀོ་རི་ཡ་བཅས་ལ་ན་ཚ་བཟོས་པའི་བར་དུ་ཡོད། རྒྱ་ནག་གིས་རང་ནུས་གང་ལྕོགས་ཐོག་ད་ཐེངས་ཀྱི་དགུན་ཁའི་ཨོ་ལོམ་པིཀ་ལུས་རྩལ་འགྲན་ཚོགས་ཐོག་རང་ཉིད་ཀྱི་ངོ་གདོང་ངན་པ་དེ་འཛམ་བུ་གླིང་ལ་མངོན་པ་བྱས་ཡོད།

པི་ཅིང་དུ་ཚོགས་བཞིན་པའི་དགུན་ཁའི་ཨོ་ལོམ་པིཀ་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་ཆེན་མོ་དེ་ནི་དོན་དུ་ལོ་ངོ་གཉིས་གོང་ནས་རྒྱ་ནག་ནས་བར་ཐག་རིང་པོ་སྡོད་འདོད་ཅན་གྱི་ལྷོ་ཀོ་རི་ཡ་ལྟ་བུའི་རྒྱལ་ཁབ་དག་ལ་ཚོང་འབྲེལ་གྱི་ལམ་བུ་གོང་སྤེལ་གཏོང་རྒྱུར་ཤུགས་གནོན་བརྒྱག་ཡོད་ཀྱང་། རྒྱ་ནག་གི་བྱེད་སྟངས་ཀུན་གྱིས་ཀོ་རི་ཡ་ཡི་མི་མང་རྣམས་རླུང་ལངས་སུ་བཅུག་ཡོད།དེ་ཡང་རེས་གཟའ་པ་སངས་ཀྱི་ཉིན་དེར་ལྷོ་ཀོ་རི་ཡའི་རྒྱལ་ས་སི་འུལ་༼seoul༽ལ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འགྲམ་དུ་སྤྱི་དམངས་ཤོག་ཁག་ཅིག་འདུ་འཛོམས་བྱས་ནས་རྒྱ་ནག་གི་རྒྱལ་དར་གཙབ་ཧྲལ་དུ་བཏང་ཡོད།

ཁོང་ཚོས་ཐེངས་འདིའི་ཨོ་ལོམ་པིཀ་ཀྱི་ལུས་རྩལ་འགྲན་ཚོགས་ནང་མཉམ་ཞུགས་བྱེད་མཁན་ལྷོ་ཀོ་རི་ཡའི་རྩེད་འགྲན་པ་ཞིག་དང་རྩེད་དཔང་བར་གྱི་རྩོད་རྙོག་དེ་ལ་ངོ་རྒོལ་བྱས་ཞིང་ཁོང་ཚོས་དགུན་དུས་ཨོ་ལོམ་པིཀ་ལ་རྩེད་དཔང་གིས་ཕྱོགས་ལྷུང་བྱས་པ་དེ་ལ་རྒྱ་ནག་གིས་དགོངས་དག་ཞུ་དགོས་ཞེས་རེ་འདུན་བཏོན་ཡོད།  དེ་ཙམ་མ་ཟད་རྒྱ་ནག་གཞུང་གི་དྲང་བདེན་མ་ཡིན་པའི་བྱ་སྤྱོད་ཐོག་སོ་སོའི་གཞུང་གིས་ངོ་རྒོལ་མི་བྱེད་པར་ཁུ་སིམ་པོར་གནས་པ་ལ་ཁོང་ཁྲོ་ལངས་ཡོད།

རེས་གཟའ་ཟླ་བའི་ཉིན་སྐྱེས་པའི་མི་ཊར་༡༠༠༠གྱི་ཕྱེད་མཐའ་མའི་འགྲན་བསྡུར་ནང་ཡོད་པའི་ལྷོ་ཀོ་རི་ཡའི་རྩེད་འགྲན་པ་Hwang Dae-heon དང་Lee June-seo ་གཉིས་རྩེད་མོའི་སྒྲིག་གཞི་༼illegal pass and lane change༽དང་བརྒལ་བའི་མིང་ཐོག་ནས་བརྩིས་མེད་དུ་བཏང་ཡོད། ཐག་གཅོད་དེའི་རྗེས་སུ་རྒྱ་ནག་གི་རྩེད་འགྲན་པ་གཅིག་ལ་གསེར་གྱི་རྟགས་མ་དང་གཞན་ཞིག་ལ་དངུལ་གྱི་རྟགས་མ་ཐོབ་ཡོད་པ་རེད།

དེ་ཙམ་མ་ཟད་རྒྱ་ནག་གིས་ལྷོ་ཀོ་རི་ཡའི་རིག་གཞུང་བདག་བཟུང་བྱེད་པར་ལྷོ་ཀོ་རི་ཡ་ཁོང་ཁྲོ་ཆེན་མོ་ལངས་ཡོད།དེ་ཡང་རྩེད་མོ་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་སུ་འཁྲབ་སྟོན་པ་ཞིག་གིས་ལྷོ་ཀོ་རི་ཡ་ཡི་སྲོལ་རྒྱུན་གྱི་ཆས་གོས་༼hanbok༽་གྱོན་ཡོད་ དང་།དེ་ནི་རྒྱ་ནག་གིས་ལྷོ་ཀོ་རི་ཡའི་ཆས་གོས་དེ་རྒྱ་ནག་གི་ཆས་གོས་ཡིན་པའི་རྣམ་པ་སྟོན་ཐབས་བྱས་ཡོད།དེ་ཡིས་ལྷོ་ཀོ་རི་ཡ་ཡི་ནང་དུ་རྒྱ་ནག་ལ་རྒྱབ་འགལ་གྱི་བསམ་བློ་བསླངས་ཡོད།དེ་བཞིན་སྤྱི་ཚོགས་དྲ་རྒྱ་དང་རྒྱལ་ཡོངས་བརྒྱུད་ལམ་གཉིས་ཀའི་ཐོག་ནས་རྒྱ་ནག་གི་བྱ་སྤྱོད་རྩུབ་པོ་དེ་ལ་སྐྱོན་བརྗོད་བྱས་ཡོད།

ཐ་ན་གཡོན་ཕྱོགས་པའི་གསར་ཁང་༼hankyoreh༽་གིས་ཀྱང་རྒྱ་ནག་གི་བྱ་སྤྱོད་ལ་ཉེས་འཛུགས་བྱས་ཡོད།གསར་ཁང་དེ་ཡིས་༼ང་ཚོས་མུ་མཐུད་ནས་རྒྱ་ནག་དང་ལྷན་དུ་ཁྱིམ་མཚེས་ཀྱི་འབྲེལ་བ་ཡར་རྒྱས་སུ་གཏོང་དགོས་པ་དང་སྦྲགས།ང་ཚོ་ལ་ད་དུང་ལོ་རྒྱུས་འཁྱོག་བཤད་ལ་འབད་པ་བྱེད་མཁན་ཚོ་ལ་ཡར་ལངས་ནས་དགག་པ་རྒྱག་པའི་འདུན་པ་དགོས་ཞེས་བརྗོད་ཡོད།

རྒྱ་ནག་གིས་བྱས་པའི་རིག་གཞུང་བདག་བཟུང་དེ་ནི་ལྷོ་ཀོ་རི་ཡའི་ནང་དུ་དུས་ཡུན་རིང་པའི་གནད་དོན་ཞིག་ཡིན། ཉིས་སྟོང་གཉིས་ནས་རྒྱ་ནག་གིས་ལྷོ་ཀོ་རི་ཡའི་རིག་གཞུང་ནི་རྒྱ་ནག་གི་ཡིན་པ་ལྟ་བུའི་བདག་བཟུང་བྱས་ཡོད་པ་མ་ཟད་ ལྷོ་ཀོ་རི་ཡའི་ཞལ་ལག་ཀེམ་ཆི་༼kimchi༽་ཡང་རྒྱ་ནག་གི་ཞལ་ལག་ཡིན་ཚུལ་གྱི་བདག་བཟུང་བྱས་ཡོད། ན་ནིང་ཡང་། ལྷོ་ཀོ་རི་ཡའི་མི་ཡིས་དྲ་ཐོག་ནས་རྒྱ་ནག་གི་འཚོལ་བཤེར་མ་ལག་༼baidu༽ཐོག་ལྷོ་ཀོ་རི་ཡ་ཡི་ཟས་རིགས་ཡིན་པ་ kimchi and samgyetang་སོགས་བཀོད་ནས་ཟས་རིགས་དེ་དག་གི་འབྱུང་ཁུངས་ནི་རྒྱ་ནག་ཡིན་པ་བཤད་ཡོད།

རྒྱ་ནག་གིས་རྒྱ་གར་དང་ཨུ་རུ་སུ་ལ་འཁྲུལ་བའི་འཕྱིད་བདར་བཏང་།

.པི་ཅིང་གི་ལས་འཆར་ནང་དུ་ལྷོ་ཀོ་རི་གཅིག་པུ་མ་ཡིན་པར་པི་ཅིང་གིས་རྒྱ་གར་ལ་རྨ་ཁ་བཟོས་པ་སླར་གསོ་དང་། ཨུ་རུ་སུ་དང་ལྷན་དུ་གྲོགས་པོའི་འདུ་ཤེས་ཞིག་གཏན་འབེབས་བྱ་འདོད་ཡོད་པ་རེད།  ཡིན་ནའང་། པི་ཅིང་དུ་དགུན་དུས་ཀྱི་ཨོ་ལོམ་པིཀ་དེ་འགོ་མ་འཛུགགས་གོང་དུ་རྒྱ་ནག་གིས་ནོར་འཁྲུལ་ཆེན་མོ་ཞིག་བཟོས་ཡོད།

རྒྱ་ནག་གིས་རྒྱ་གར་དང་ལྷན་དུ་སེམས་ཀྱི་རོལ་རྩེད་ཅིག་བྱ་རྒྱུ་ཐག་གཅོད་བྱས་ནས་ལོ་སྔོན་མ་རྒལ་ཝན་galwanལུང་ གཤོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་བའི་ཁྲོད་དུ་ཡོད་པའི་དམག་མི་qi fabaoཞེས་པ་ཞིག་ལ་ད་ཐེངས་རྩེད་འགྲན་དེའི་དཔལ་འབར་འཁྱེར་བཅུག་ཡོད་པ་རེད། དེར་བརྟེན། ཨུ་རུ་སུའི་སྲིད་འཛིན་གྱིས་ཀྱང་པི་ཅིང་ལ་དགུན་དུས་ཨོ་ལོམ་པིཀ་ནང་རྒྱ་ནག་ལ་མཐོང་ཆུང་གཏོང་བའི་སེམས་ཐག་བཅད་ཡོད། གཤམ་གསལ་དག་ནི་ཨུ་རུ་སུའི་སྲིད་འཛིན་ཧྤུ་ཀྲེན་གྱིས་རྒྱ་ནག་དང་དམར་ཕྱོགས་ཚོགས་པར་ཅི་ཞིག་བྱས་ཡོད་པ་དག་རེད།

༡༽ སྲིད་འཛིན་ཧྤུ་ཀྲེན་རྒྱ་ནག་ཏུ་སྐྱོད་པའི་དུས་ཡུན་ནི་ཐུང་ངུ་ཞིག་ལས་བཏོན་མེད།

༢༽ཞི་ཅིང་ཕིང་གིས་དགུན་ཁའི་ཨོ་ལོམ་པིཀ་ཀྱི་དབུ་འབྱེད་མཛད་སྒོ་ལ་ཕེབས་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་རྒྱལ་ཁབ་རིམ་པའི་ཚད་མཐོ་ཤོས་དང་གྲ་རྒྱས་ཤོས་ཀྱི་གསོལ་སྟོན་བཤམས་ཡོད་ཀྱང་།སྲིད་འཛིན་ཧྤུ་ཀྲེན་ནི་གསོལ་སྟོན་དེ་ལ་མཉམ་ཞུགས་བྱས་མེད།

༣༽ཧྤུ་ཀྲེན་ནི་དགུན་ཁའི་ཨོ་ལོམ་པིཀ་ཀྱི་དབུ་འབྱེད་མཛད་སྒོ་ཡི་སྐུ་མགྲོན་གཙོ་བོ་དེ་བརྩིས་ཀྱང་།ཟླ་བ་གཉིས་པའི་ཚེས་བཞི་ལ་སྲིད་འཛིན་ཧྤུ་ཀྲེན་དང་ཞི་ཅིང་ཕིང་གི་ཐུག་འཕྲད་དེ་ནི་མི་དམངས་ཚོགས་ཁང་ཆེན་པོའི་ནང་མ་ཡིན་པ་ Diaoyutai State Guest Houseཏེའོ་ཡུས་ཐའི་རྒྱལ་ཁབ་རིམ་པའི་གསོལ་མགྲོན་ཁང་དུ་བྱས་ཡོད། དེ་ནི་ཡང་ན་རྒྱ་ནག་གིས་ཧྤུ་ཀྲེན་ལ་དཔོན་པོའམ་སྟོབས་ཆེན་སུ་ཞིག་ཡིན་མིན་སྟོན་འདོད་པ་རེད་ལ།ཡང་ན་ཧྤུ་ཀྲེན་གྱིས་ཞི་ཅིང་ཕིང་ལ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐུག་འཕྲད་བྱ་རྒྱུ་ཁས་ལེན་བྱས་མེད་པ་རེད།

༤༽ཧྤུ་ཀྲིན་གྱིས་ཞིང་ཅིང་ཕིང་ལ་མོ་སི་ཁོ་༼Moscow༽་དང་རྒྱ་གར་བར་གྱི་འབྲེལ་བ་ནི་ཨུ་རུ་སུ་དང་རྒྱ་ནག་བར་གྱི་འབྲེལ་བ་ལས་གལ་གནད་ཆེ་བ་ཡིན་པ་གསལ་བོ་བཟོས་ཡོད།

རྒྱ་ནག་གི་ཡུ་གུར་དྲིལ་བསྒྲགས་གས་འཐོར་བྱུང་།

དགུན་ཁའི་ཨོ་ལོམ་པིཀ་ལ་རྒྱལ་སྤྱིའི་ཐོག་ལྟ་མཁན་ཧ་ཅང་ཉུང་ཡང་མཛད་སྒོ་དེའི་ཐོག་ཏུ་རྒྱ་ནག་གིས་ཡུ་གུར་བ་ཚོ་ལ་ཕན་སེམས་ཐོག་ནས་སྐྱོང་ཚུལ་དང་ལྟ་ཚུལ་གྱི་དྲིལ་བསྒྲགས་མང་པོ་ཞིག་གསལ་སྟོན་བྱས་ཡོད། རྒྱ་ནག་གིས་ཤིན་ཅང་རང་སྐྱོང་ཁུལ་དུ་ཡུ་གུར་བ་ས་ཡ་མང་པོ་དམར་གསོད་དང་བཙན་གཡེམ། མནར་གཅོད་གཏོང་བ་བཅས་བྱས་ཡོད་ཀྱང་། རྒྱ་ནག་གིས་ཡ་མེད་ཀྱིས་དྲ་ལམ་དུ་གངས་ཤུད་མཁན་དང་རྩེད་འགྲན་གྱི་དཔལ་འབར་ཁྱེར་མཁན་Dinigeer Yilamujiang་ནི་ཡུར་གུ་བ་ཞིག་ཡིན་ཚུལ་ཡོད་ཀྱང་། ད་ལྟའི་ཆ་མོ་གང་དུ་ཡོད་དམ། ཡུ་གུར་བའི་བུད་མེད་ཅིག་དྲིལ་བསྒྲགས་ཁོ་ན་ལ་བེད་སྤྱོད་བྱས་ཡོད་ཀྱང་ད་ལྟ་མོ་ཟུར་དུ་བཞག་ཡོད། རེས་གཟའ་སྤེན་པའི་ཉིན་ཡེ་ལཱ་མུ་ཅང་གིས་ཨོ་ལོམ་པིཀ་ལུས་རྩལ་ནང་མཉམ་ཞུགས་བྱས་རྗེས། སྤྱི་ཚོགས་དྲ་ལམ་ནས་གཡོལ་ཏེ་རྒྱ་ནག་གི་རྩེད་འགྲན་པ་གཞན་དང་མཉམ་བསྲིས་ཀྱིས་རྒྱུག་ཕྱིན་ཡོད་པ་རེད།མོ་ནི་གར་སོང་ཆ་མེད་དུ་གྱུར་ཞིང་རྒྱ་ནག་གི་དཔོན་པོ་དག་གིས་ཀྱང་ཁོ་མོ་གློ་བུར་དུ་གར་སོང་ཆ་མེད་དུ་འགྱུར་བ་ལ་འགྲེལ་བརྗོད་བྱས་མེད། དེར་བརྟེན།རྒྱ་ནག་གི་ཡུ་གུར་དྲིལ་བསྒྲགས་དེ་སོ་སོའི་ངོ་གདོང་དུ་ལྷུང་བ་རེད།

ཕྱི་རྒྱལ་གྱི་བརྒྱུད་ལམ་ཁག་ལ་ཞིབ་བཤེར་གཏོང་བ།

གལ་སྲིད་རྒྱ་ནག་གི་གདུག་རྩུབ་ལ་ད་དུང་དོགས་པ་ཡོད་མཁན་ཞིག་ཡིན་ན། རེས་གཟའ་པ་སངས་ཉིན་པི་ཅིང་དགུན་དུས་ཨོ་ལོམ་པིཀ་དབུ་འབྱེད་མཛད་སྒོའི་སྐབས་སུ། དབུ་འབྱེད་མཛད་སྒོ་ཚོགས་སའི་ཕྱི་ལོག་ཏུ་ཧོ་ལན་ཌའི་བརྙན་འཕྲིན་གསར་འགོད་པ་Sjoerd den Daas་ཡིས་གསར་འགྱུར་ཐད་གཏོང་བྱེད་བཞིན་པ་མཚམས་བཅད་དེ་ཁྲིད་ཕྱིན་ཡོད་པ་རེད།

གསར་འགོད་པ་དེས། ང་ཚོ་འདི་ནས་འདྲུད་འགྲོ་ཡི་འདུག་ཅེས་བརྗོད་པ་མ་ཟད། ང་ཚོ་ད་ལྟ་ས་ཆ་གཞན་ཞིག་ནས་ཕྱིར་འབུད་བཏང་སོང་། ང་ཚོ་ཁྱེད་སར་ཕྱིར་ཡོང་རྒྱུར་ང་རང་ཞེད་ཀྱི་འདུག་ཅེས་བརྗོད་ཡོད། དེར་བརྟེན། རྒྱ་ནག་ནང་གི་ཕྱི་རྒྱལ་གྱི་གསར་འགོད་པ་དང་སྒེར་གྱི་གསར་འགོད་པ་ཚོ་ལ་ཁོར་ཡུག་ཡག་པོ་ཞིག་མེད་པ་ཐད་གཏོང་དེ་ལས་རྟོགས་ཐུབ་ཡོད།དེ་ནི་རྒྱ་ནག་གི་དབང་འཛིན་པ་ཚོས་ཕྱི་རྒྱལ་གྱི་གསར་འགོད་ཚོ་ལ་ཞིབ་བཤེར་བྱེད་སྟངས་ཤིག་ཡིན། དེ་ཡང་རྒྱུ་མཚན་གང་ཡང་མེད་པའི་ཐོག་ནས་ཞིབ་བཤེར་བྱེད་སྟངས་ཤིག་རེད།

རྒྱ་ནག་ལ་མཚོན་ན།དགུན་དུས་ཨོ་ལོམ་པིཀ་ལུས་རྩལ་འགྲན་ཚོགས་དེ་ནི་འདས་པའི་ལོ་ཁ་ཤས་ཀྱི་ནང་དུ་རང་གི་ གཟུགས་བརྙན་ལ་གནོད་འཚེ་ཐེབས་པ་དེར་ཚོད་འཛིན་བྱེད་ཐབས་ཤིག་ཡིན།ཡིན་ནའང་།རྒྱ་ནག་གིས་མཇུག་མཐར་ གདུག་རྩུབ་དང་རང་འདོད་ཆེ་ཞིང་བཟོད་སྒོམ་བྱེད་མི་ཐུབ་པའི་སྣང་བརྙན་དེ་ཁས་ལེན་དགོས་པ་རེད།དེ་ནི་དམར་ཕྱོགས་རྒྱལ་ཁབ་ཅིག་གི་ནང་དུ་འཇིགས་སུ་རུང་བའི་སྤྱི་མང་འབྲེལ་ལམ་བྱེད་སྟངས་ཀྱི་ཆ་ཤས་ཤིག་རེད།

དོན་ལ་ནོར་འཁྲུལ་བྱུང་ཡོད་ན་མ་ཡིག་ལ་ཁུངས་གཏུགས་རོགས།https://tfiglobalnews.com/2022/02/12/the-beijing-olympics-goes-down-in-history-as-the-worst-pr-disaster-ever/

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese