མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤོག་ར་བཀྲ་ཤིས་གླིང་གི་རུམ་གདན་བཟོ་གྲྭའི་རྩོད་རྙོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་ཡོད་ཀྱང་ཁ་མཆུ་དེབ་སྐྱེལ་ཐུབ་མི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

སྤོག་ར་བཀྲ་ཤིས་གླིང་གི་རུམ་གདན་བཟོ་གྲྭའི་འགན་འཛིན་སྐབས་བཞི་བ་དང་ལྔ་བའི་རྩོད་རྙོག་བྱུང་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་ཡོད་ཀྱང་ཁ་མཆུ་དེབ་སྐྱེལ་བྱེད་ཐུབ་མི་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ཁུལ་གྱི་བོད་མི་ཁག་ཅིག་ལ་བཀའ་འདྲི་ཞུས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། འདས་ལོའི་ཕྱི་ཟླ་ ༡ པོའི་ནང་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་གི་རུམ་གདན་བཟོ་གྲྭའི་སྐབས་ལྔ་བའི་འགན་འཛིན་གྱི་འོས་མི་ཀརྨ་བསོད་ནམས་དང་སྐབས་བཞི་བའི་རུམ་གདན་བཟོ་གྲྭའི་འགན་རྡོ་རྗེ་དགྲ་འདུལ་ལགས་གཉིས་བར་འོས་བསྡུ་བྱེད་སྐབས། རྡོ་རྗེ་དགྲ་འདུལ་ལགས་སུ་འོས་གྲངས་ ༨༧ ཐོབ་པ་དང་། ཀརྨ་བསོད་ནམས་ལགས་སུ་འོས་གྲངས་ ༩༩ བཅས་ཆགས་ཏེ། དངོས་གཞིའི་སྐབས་མང་མོས་ཐོག་ནས་ཀརྨ་བསོད་ནམས་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་ཀྱང་། རྡོ་རྗེ་དགྲ་འདུལ་ལགས་ཀྱིས་འོས་བསྡུ་དྲང་པོ་བྱུང་མེད་སྐོར་བརྗོད་ནས། ས་གནས་རུམ་གདན་བཟོ་གྲྭའི་འགན་འཛིན་གྱི་གོ་གནས་རྩིས་སྤྲོད་མ་བྱས་ནས་ད་ལྟ་ལོ་གཅིག་ལྷག་འགྲོ་ཡི་འདུག

གཞིས་མི་ཀརྨ་བསོད་ནམས་དང་རྡོ་རྗེ་དགྲ་འདུལ། སྤོག་ར་བཀྲ་ཤིས་གླིང་གཞིས་མགོ་བཅས་ནས་ཁ་མཆུ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་ཟིན་ཡོད་སྐོར་འགྲེལ་བརྗོད་བྱས་པ་ལྟར། ཕྱི་ཟླ་ ༢ ཚེས་ ༡༧ ཉིན་འདི་གའི་གསར་འགོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབྲེལ་བ་ཞུས་ཏེ། འབྲེལ་ཡོད་ནས་ཁ་མཆུ་དེ་ཁྲིམས་ཞིབ་ཁང་ལ་གཏུགས་ཟིན་ཡོད་སྐོར་བརྗོད་པ་དེ་བདེན་མིན་བཀའ་འདྲི་ཞུས་ཀྱང་བཀའ་ལན་གནང་མ་སོང་ཡང་།  དེ་རིང་ཕྱི་ཟླ་ ༣ ཚེས་ ༧ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འདི་ག་གསར་ཁང་དུ་ཁ་མཆུ་དེ་དང་འབྲེལ་བའི་གསལ་བཤད་ཡིག་ཆུང་ཞིག་འབྱོར་བའི་ནང་དུ། བལ་ཡུལ་སྤོག་ར་བཀྲིས་གླིང་གཞིས་མི་ཀརྨ་བསོད་ནམས་ནས་འདི་ལས་སུ་ཞུ་སྙན་ཕུལ་བའི་ཐད། འདི་ནས་དོ་བདག་ལ་སྤྱི་མང་གཏུགས་བཤེར་གྱི་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གཞིར་བཟུང་ཁྲིམས་གཏུགས་དགོས་པའི་ལམ་སྟོན་སོང་ཡོད་པ་ལས་ཁ་མཆུ་དེབ་སྐྱེལ་བྱུང་མེད། ཅེས་གསལ་བཤད་གནང་བྱུང་།

 འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སྤོག་ར་བཀྲ་ཤིས་གླིང་གི་ས་གནས་གཞིས་མགོ་དང་ས་གནས་འོས་བསྡུའི་འགན་འཛིན་ཡེ་ཤེས་ཆོས་སྒྲོན་ལགས་སུ། གནད་དོན་དེའི་ཐད་དགོངས་འཆར་དང་ལམ་སྟོན་ག་རེ་གནང་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་ཕྱོགས་གཉིས་ཀྱི་ངོས་ནས་ཁྲིམས་ཁང་ལ་གཏུགས་ཚར་བ་ཡིན་གསུངས་བྱུང་བས། ད་ལྟ་ང་ཚོའི་ངོས་ནས་དམིགས་བསལ་གསལ་བཤད་གང་ཡང་ཞུ་རྒྱུ་མི་འདུག ཅེས་དང་། འགན་འཛིན་གྱི་གོ་གནས་རྩིས་སྤྲོད་མ་བྱུང་བའི་ཐད་ཁོང་གིས། ཁོང་གིས་(རྡོ་རྗེ་དགྲ་འདུལ) འོས་བསྡུ་དྲང་པོ་བྱུང་མ་སོང་ཞེས་རྩིས་སྤྲོད་གནང་གི་མེད་གསུང་གི་ཡོད་པ་རེད། འོས་བསྡུའི་འགན་འཛིན་ངོས་ནས་སོ་སོའི་ལས་འགན་བསྒྲུབས་བཞག་ཡོད། ད་དེ་གཙང་མ་ཞིག་བཟོ་དགོས་ཀྱི་ཡོད་པ་རེད། སྤྱིར་བཏང་བཟོ་གྲྭ་དེ་ས་གནས་ཀྱི་བཟོ་གྲྭ་ཡིན་དུས། བཟོ་གྲྭའི་འགན་འཛིན་ལྷན་ཚོགས་ལ་འགན་དམིགས་བསལ་ཞིག་ཡོད་པ་རེད་ལ། བཟོ་གྲྭ་དེ་ཐད་ཀར་ས་གནས་མགོ་འཛིན་ལས་ཁུངས་འོག་མེད་པ་དང་། ད་ལྟ་གནས་ཚུལ་དེ་ཁྲིམས་ལ་གཏུགས་ཚར་བ་ཞིག་ཆགས་ཀྱི་ཡོད་དུས་ཁྲིམས་ཐོག་རང་ནས་ཐག་གཅོད་དགོས་པ་ཞིག་ཆགས་ཀྱི་ཡོད། ཅེས་བརྗོད་བྱུང་།

ས་གནས་འོས་བསྡུའི་འགན་འཛིན་ཡིན་པའི་ངོས་ནས་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས། ས་གནས་མགོ་འཛིན་ལས་ཁུངས་ཀྱི་སྒྲིག་གཞིའི་ནང་གསལ་ལྟར། ད་སྔ་བར་ས་གནས་འོས་བསྡུ་ལས་ཁུངས་ཀྱིས་སྤོག་ར་བཀྲ་ཤིས་གླིང་གི་རུམ་གདན་བཟོ་གྲྭའི་འགན་འཛིན་སྐབས་རིམ་པའི་འོས་བསྡུར་མཐུན་འགྱུར་སྦྱར་ཡོད་པ་ལྟར། ད་རེས་ཀྱང་འོས་བསྡུའི་མཐུན་འགྱུར་སྦྱར་བ་ཙམ་ལས་འོས་བསྡུ་དྲང་པོ་བྱུང་མ་སོང་ཞུ་བའི་གནད་དོན་དེ་གཙང་མ་བཟོ་བའི་འགན་ཆ་ཚང་རུམ་གདན་བཟོ་གྲྭའི་འགན་འཛིན་ལྷན་ཚོགས་ལ་ཡོད་པ་དང་། འོས་བསྡུ་ལས་ཁང་ངོས་ནས་འགན་ཡོད་པ་གཞིར་བཟུང་མཐུན་འགྱུར་ཞུས་ནས་ལས་འགན་བསྒྲུབས་པ་ཙམ་མ་གཏོགས། འོས་བསྡུ་ལས་ཁུངས་རང་གི་ཐག་གཅོད་ཐོག་མཐའ་གཅིག་ཏུ་འགྲོ་དགོས་ཀྱི་མེད་པ་དང་། བཟོ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་ག་རེ་བྱས་ན་དེའི་ཐོག་འགྲོ་རྒྱུ་ཡིན་སྐོར་དང་། ད་རེས་དཀའ་རྙོག་བྱུང་སྐབས་འགན་ཁུར་མཁན་གཅིག་ཀྱང་ཡོང་གི་མེད་པ་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་ན་མ་གཏོགས་ཐར་ལམ་གཅིག་ཀྱང་མེད་དུས། མ་འོངས་པར་རུམ་གདན་བཟོ་གྲྭའི་འགན་འཛིན་ལྷན་ཚོགས་རང་ངོས་ནས་འོས་བསྡུའི་ཚོགས་ཆུང་བཙུགས་ནས་འོས་བསྡུ་བྱ་དགོས་ཀྱི་ཡོད་པ་ལས། ས་གནས་འོས་བསྡུ་ལས་ཁང་ནས་རུམ་གདན་བཟོ་གྲྭའི་འགན་འཛིན་གྱི་འོས་བསྡུར་མཐུན་སྦྱོར་བསྐྲུན་རྒྱུ་མཚམས་འཇོག་དགོས་པའི་གནས་སྟངས་ཤིག་ཏུ་ལྷུང་ཡོད་སྐོར་སོགས་བརྗོད་བྱུང་།

གསར་འགོད་པས་ཁ་པར་བརྒྱུད་རྡོ་རྗེ་དགྲ་འདུལ་ལགས་སུ་རྩིས་སྤྲོད་རྩིས་ལེན་མ་གནང་བའི་རྒྱུ་མཚན་གང་ཡིན་སྐོར་འདྲི་སྐབས། གནས་ཚུལ་ཆ་ཚང་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཚོགས་དྲུང་ལས་ཁུངས། དབུས་འོས་བསྡུ་ལས་ཁུངས་དང་ནང་སྲིད་སོགས་ཚང་མར་ཕུལ་ཚར་བ་རེད། དངོས་གཞིའི་སྐབས་རོགས་པ་འཁྲིད་ཆོག་གི་མེད་ཀྱང་། མི་ཞིག་ལ་རོགས་པ་བཏང་ནས་བཙན་གྱིས་འོས་བླུག་བཅུག་པ་རེད། ཁོང་གིས་ང་ལ་འོས་བསྡུ་དྲང་པོ་བྱུང་མ་སོང་ཞེས་ལབ་བྱུང་། ཞེས་བརྗོད་བྱུང་བ་དང་། རྡོ་རྗེ་དགྲ་འདུལ་ལགས་ཀྱིས་འོས་བསྡུའི་སྐབས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༩ དང་ ༢༤ གཉིས་ལ་འགལ་ཡོད་སྐོར་བརྗོད་དེ་རྩིས་སྤྲོད་རྩིས་ལེན་བྱས་མེད་འདུག

ཡང་གསར་འགོད་པས་ཀརྨ་བསོད་ནམས་ལགས་སུ་དེའི་འབྲེལ་ཐད་སྐད་ཆ་འདྲི་སྐབས། ས་གནས་འོས་བསྡུ་ལས་ཁུངས་ཀྱི་གོ་སྒྲིག་འོག་འོས་བསྡུ་བྱས་ཏེ་མི་མང་གི་འོས་དེ་ང་ལ་ཐོབ་པ་རེད། ཕྱི་ཟླ་ ༢ ཚེས་ ༡༥ ཉིན་སྐབས་བཞི་བའི་འགན་འཛིན་གྱི་ལས་ཡུན་རྫོགས་ཀྱི་ཡོད་པ་ལྟར། ཕྱི་ཟླ་ ༢ ཚེས་ ༡༤ ཉིན་འོས་བསྡུ་ལས་ཁུངས་ནས་ང་ལ་སྐབས་ལྔ་བའི་རུམ་གདན་བཟོ་གྲྭའི་འགན་འཛིན་གྱི་འོས་བསྡུར་རྒྱལ་ཁ་ཐོབ་པའི་ཡི་གེ་འབྱོར་བྱུང་། འོན་ཀྱང་། རྡོ་རྗེ་དགྲ་འདུལ་ལགས་ཀྱིས་འོས་བསྡུ་དང་པོ་བྱུང་མ་སོང་ལབ་ནས་རྩིས་སྤྲོད་རྩིས་ལེན་མ་བྱས་པ་དང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཟླ་གསུམ་བཞི་ཙམ་རིང་ལུས་པ་རེད། དེ་ནས་ང་ཚོ་ནང་སྒྲིག་བྱེད་རྩིས་བྱས་པ་རེད་དེ། རྡོ་རྗེ་དགྲ་འདུལ་ལགས་ཀྱིས་དེ་འགྲིག་གི་མི་འདུག་གསུངས་པ་རེད། ཕྱི་ཟླ་ ༧ ཚེས་ ༡༥ ཉིན་རྩིས་ཞིབ་ཚར་གྱི་ཡོད་སྟབས། དེ་དུས་ནང་སྒྲིག་བྱ་རྒྱུ་བྱས་པ་རེད་དེ་བཟོ་གྲྭའི་འགན་འཛིན་ལྷན་ཚོགས་ནང་ཁུལ་མ་འཆམ་ནས་རྩིས་སྤྲོད་རྩིས་ལེན་བྱུང་ཡོད་པ་མ་རེད། དེར་བརྟེན། ང་དང་ས་གནས་མགོ་འཛིན། རྡོ་རྗེ་དགྲ་འདུལ་ལགས་བཅས་འཛོམས་ནས་གྲོས་བསྡུར་བྱས་པ་རེད། རྩིས་སྤྲོད་རྩིས་ལེན་མ་བྱས་ན་ལས་ཀ་འཐུས་ཤོར་འགྲོ་ཡི་ཡོད་པ་རེད། ང་རང་མི་མང་གིས་བདམས་པ་ཡིན་དུས་རྩིས་སྤྲོད་རྩིས་ལེན་མ་བྱས་ན་ཁྲིམས་ཞིབ་ཁང་ལ་གཏུག་གི་ཡིན་ལབ་དུས། རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གཏུགས་ཤོག་གསུངས་པ་རེད། ཅེས་དང་།  བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་སོགས་ལ་སྙན་ཞུ་རིམ་པར་ཕུལ་ཏེ་བཀའ་ལན་ལམ་སྟོན་གནང་བ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་དགོས་བྱུང་ཡོད་སྐོར་བརྗོད་བྱུང་།

གཞན་ཡང་། གསར་འགོད་པས། བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ལ་སྐད་ཆ་འདྲི་སྐབས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་སྤྱི་འཐུས་ཕྱོགས་ཕེབས་གནང་སྲོལ་ཡོད་པ་ལྟར། ཕྱི་ཟླ་ ༡ ཚེས་ ༣ ནས་ ༡༧ བར་བོད་མི་མང་སྤྱི་འཐུས་རྣམ་རྒྱལ་སྒྲོ་དཀར་མཆོག་དང་སྤྱི་འཐུས་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་བལ་ཡུལ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྐབས། སྤོག་ར་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་ཀྱི་གནས་སྟངས་སྤྱིའི་སྐོར་ལ་གཟིགས་ཞིབ་གནང་ཡོད་པ་དང་། ཉིན་དེར་རུམ་གདན་བཟོ་གྲྭའི་འགན་འཛིན་གྱི་དབང་ཆ་རྩིས་སྤྲོད་མ་བྱུང་བའི་ཐད། འོས་ཐོབ་མཁན་ཀརྨ་བསོད་ནམ་ལགས་ནས་སྤྱི་འཐུས་རྣམ་གཉིས་དང་ཐུག་འཕྲད་ཀྱིས་རུམ་གདན་བཟོ་གྲྭའི་འགན་འཛིན་གྱི་གོ་གནས་རྩིས་སྤྲོད་རྩིས་ལེན་མ་ཞུས་པའི་གནས་སྟངས་ཡར་ཞུ་དང་སྦྲགས་སྙན་ཞུ་བཅས་ཕུལ་ཡོད་པ་དང་། འོས་བསྡུ་དྲང་པོ་བྱུང་མ་སོང་གསུང་མཁན་རུམ་གདན་བཟོ་གྲྭའི་སྐབས་བཞི་བའི་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཉིན་དེར་ལས་ཁུངས་སུ་ཕེབས་མེད་པ་མ་ཟད། འོས་བསྡུ་དྲང་པོ་བྱུང་མེད་སྐོར་དང་འབྲེལ་ནས་སྤྱི་འཐུས་རྣམ་པ་གཉིས་ལ་ཐུག་འཕྲད་དང་གསལ་བཤད་སོགས་གང་ཡང་གནང་མེད་སྐོར་སོགས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༦ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༩ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese