མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཡུང་དྲུང་བོན་གྱི་དགེ་བཤེས་མ་ལྔ་སློབ་ཐོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་ནང་གི་བོན་གྱི་བཙུན་དགོན་ཐོག་མ་རཏྣ་སྨན་གླིང་བཙུན་དགོན་གྱི་བཙུན་མ་ལྔ་བསླབ་པ་མཐར་སོན་ཏེ་དགེ་བཤེས་མའི་ཕྱག་འཁྱེར་བཞེས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༨ ནས་ཉིན་བཞིའི་རིང་གཡུང་དྲུང་བོན་གྱི་རཏྣ་སྨན་གླིང་བཙུན་དགོན་དུ་སྐབས་དང་པོའི་དགེ་བཤེས་མ་ཐོན་པའི་མཛད་སྒོའི་སྟེང་། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་གཙོས་པའི་སྨན་རིའི་དཔོན་སློབ་རིན་པོ་ཆེ། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང། མཁན་པོ་དགེ་བཤེས། གྲྭ་བཙུན་སོགས་ཀྱིས་ལྷན་འཛོམས་གནང་སྟེ། ༧སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་སྐབས་དང་པོའི་དགེ་བཤེས་མ་ཐོན་མཁན་བཙུན་མ་ལྔ་ལ་ཕྱག་འཁྱེར་སྩལ་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དགེ་བཤེས་གྱེར་ནག་ཚང་ལ་དེ་འབྲེལ་གནས་ཚུལ་དྲིས་པར་ཁོང་གིས། བཙུན་མ་དེ་དག་གིས་གཞུང་བཀའ་པོད་དྲུག་སྦྱངས་ཏེ། ད་ལོ་སྨན་གླིང་བཙུན་དགོན་གྱི་དགེ་བཤེས་མའི་མཛད་སྒོ་ཐེངས་དང་པོ་ཉིན་བཞིའི་རིང་འཚོགས་ཡོད་པ་རེད། སྤྱིར་བཏང་གིས་སྨན་གླིང་བཙུན་དགོན་ནང་བཙུན་མ་ ༨༠ ལྷག་ཡོད་པ་རེད། ད་ལྟའི་ཆར་གཏན་འཁེལ་མེད་ཀྱང་། ༧སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པའི་དགོངས་གཞི་ལྟར་ན། ལོ་གཉིས་རེའི་མཚམས་ནས་དགེ་བཤེས་མའི་མཛད་སྒོ་ཐེངས་རེ་རེ་འཚོག་རྒྱུའི་དགོངས་གཞི་ཡོད་སྐོར་སོགས་གསུངས་བྱུང་།

ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༡༡ ཉིན་༧སྐྱབས་རྗེ་༧སྨན་རིའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་རཏྣ་སྨན་གླིང་བཙུན་དགོན་ཕྱག་བཏབ་གནང་ཡོད་པ་དང་། བཙུན་དགོན་དེ་ནི་བཙན་བྱོལ་ནང་གི་བོན་གྱི་བཙུན་དགོན་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་། ད་ལྟའི་ཆར་བཙུན་མ་ ༨༠ ལྷག་ཙམ་ཡོད་པ་རེད་འདུག ཕྱི་ལོ་ ༢༠༡༠ ཟླ་ ༡༢ པའི་ཚེས་ ༢༠ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་གིས་རྒྱ་གར་དུའང་བཙུན་མ་རྣམས་ཀྱི་ཆེད་དུ། གཡུང་དྲུང་བོན་གྱི་བཤད་སྒྲུབ་བསྟན་པའི་སྲོལ་བཏོད་པའི་རྟེན་འབྲེལ་གྱི་མཛད་སྒོ་གནང་སྟེ། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༢ ཉིན། ༧སྨན་རིའི་སློབ་དཔོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་ཐུན་མོང་བསྡུས་གྲྭ་ནས་དཔེ་ཁྲིད་དབུ་འཛུགས་ཀྱི་རྟེན་འབྲེལ་ལེགས་པར་གནང་རྗེས། བཙུན་དགོན་རཏྣ་སྨན་གླིང་གི་མཁན་པོ་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་ནས་བཤད་གྲྭ་འདིའི་ཐུགས་འགན་ཡོངས་རྫོགས་བཞེས་ནས། སྡུད་གྲྭ་ནས་བཟུང་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་བཀའ་པོད་དྲུག་དང་མིང་གཞི་སྙན་ངག རྩིས་དཀར་ནག སྐུ་གདུང་དཀྱིལ་འཁོར། གཟུངས་བཞུགས་འབུལ་ཐབས་ཕྱག་ལེན་སོགས། ལོ་ངོ་དུ་མའི་རིང་ཁོང་གཅིག་པུས་འཆད་ཁྲིད་གནངས་ནས། ད་ལོར་གཞི་ནས་སྐབས་དང་པོའི་དགེ་བཤེས་མ་གཏོང་ཐུབ་ཡོད་པ་རེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༣ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 1

  1. ཚེ་དཔག་རིག་འཛིན་ says:
    ལོ་ 4 སྔོན།

    ངོ་མ་རླབས་ཆེན་རྨད་བྱུང་གི་མཛད་བཟང་ཞིག་ཡིན་ལགས་པས། བོད་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་དགོས་པའི་གཏམ་བཟང་ཞིག་ལོས་ཡིན། གུས་པ་བསེ་རུ་ཟང་ཐལ་དུ་འབོད་པས། སྔར་བྱོན་ཟིན་པའི་གཡུང་དྲུང་བོན་ཀྱི་༧བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྤྱི་དང་། ད་ལྟ་ས་ཕྱོགས་གང་ན་འཚོ་བཞུགས་འབྲེལ་ཡོད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དང་། རྗེས་འཇུག་གདུལ་བྱ་སྐྱ་སེར་ཕོ་མོ་ཡོངས་ལ་དགའ་བསུའི་འཚམས་འདྲི་བཀྲིས་བདེ་ལེགས་ཡོད། ལྷག་པར་དུ་སྐབས་དང་པོའི་བསླབ་པ་ཐར་སོན་གཡང་དྲུང་བོན་གྱི་དགེ་བཤེས་མ་ལྔ་ལ་དམིགས་བསལ་ཡི་རངས་དང་འཚམས་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་ཞུ།། །།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese