མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇི་ནེ་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ ༡༤ པའི་ཐོག་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་མཁན་ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཨེ་ནི་སི་ཀན་ཊིར་ལགས་སུ་ཕྱི་ལོ་ ༢༠༢༢ ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་ཕུལ་ཡོད་འདུག

Poet and freedom activist Tenzin Tsundue unfurling a Tibetan national flag at the Geneva summit 2022.

ཁ་སང་ཕྱི་ཚེས་ ༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཇི་ནེ་ཝར་མགོ་འཛུགས་བྱས་པའི་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་པ་ ༢༥ ལས་གྲུབ་པའི་ཇི་ནེ་ཝའི་ལྷན་ཚོགས་ཐེངས་ ༡༤ པའི་(Geneva Summit 2022) ཐོག རྒྱ་ནག་དམར་གཞུང་གི་བཙན་གནོན་འོག་ཡོད་པའི་བོད་དང་ཧོང་ཀོང་། ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཁག་ཅིག་གིས་གཏམ་བཤད་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་མཁན་བོད་དོན་རྒྱབ་སྐྱོར་བ་ཨེ་ནི་སི་ཀན་ཊིར་ལགས་སུ་འདི་ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་ཕུལ་ཡོད་འདུག་ལ། གཟེངས་རྟགས་དེ་ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་སུ་གནང་ཡོད་པ་རེད།

དེ་ཡང་ཁ་སང་ཕྱི་ཚེས་ ༦ ཉིན་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཇེ་ནི་ཝའི་ཚོགས་ཆེན་དེའི་སྟེང་བོད་ཀྱི་རྒྱལ་དར་འཕྱར་ནས་རྣམ་ཐར་གྱི་དབྱངས་རྟ་རིང་པོ་ཞིག་འཐེན་ནས་ཀི་ཞིག་བཏབ་རྗེས་བོད་ཀྱི་རྒྱལ་དར་སྐོར་ལ་ཁོང་གིས། བོད་ཀྱི་རྒྱལ་དར་འདི་ནི་ཕྱི་ལོ་ ༡༩༡༦ སྟེ་འཛམ་གླིང་དམག་ཆེན་དང་པོའི་དུས་དཀྱིལ་དུ་བཟོས་པ་ཞིག་ཡིན་ཞིང་།  སྐབས་དེར་འཛམ་གླིང་གི་ས་ཁུལ་ཕྱེད་ཀར་གཞན་གྱི་བཙན་འཛུལ་བྱས་ཏེ་རང་བཙན་མེད་པ་རེད། ང་རང་ཚོས་ཕན་ཚུན་དགྲ་བོ་དང་གསོད་རེས་བྱ་མི་དགོས་ཤིང་། ང་ཚོས་ཕན་ཚུན་མི་དགའ་བ་བྱ་དགོས་དོན་གཏན་ནས་མེད། མི་ལོ་མང་པོ་ཞིག་གི་ཡར་སྔོན་དུ་རྒྱ་ནག་གཞུང་གིས་ང་རང་བཙོན་འཇུག་བྱས་ཏེ། ཕྱི་ཡི་འབྲེལ་ལམ་རྦད་དེ་བཅད་བྱུང་ལ།  ཁྲིམས་རྩོད་པར་ཞུ་གཏུགས་བྱ་མི་ཆོག་ཅིང་། ཁོང་ཚོས་ག་རེ་བྱ་རྒྱུ་ཡིན་མིན་སོགས་ཅི་ཡང་མི་བཤད་པ་རེད།  ཁོང་ཚོས་འདྲི་རྩད་མ་བྱས་པའི་གོང་དུ།  ངའི་མིག་བཀབ་ནས་ཉེས་རྡུང་དང་མནར་གཅོད་ཚད་མེད་བཏང་བྱུང་། དེ་མ་ཟད་ཁོང་ཚོས་ང་ལ་ཁ་ལག་མི་སྤྲད་ཅིང་། ཐ་ན་གཉིད་ཀྱང་ཁུག་བཅུག་མ་སོང་། ཞེས་བརྗོད་སོང་།

ཡང་ཁོང་གིས། ཕྱི་ལོ ༡༩༤༩  ལོར་རྒྱ་ནག་གཞུང་གིས་བོད་སར་ཐོག་མར་བཙན་འཛུལ་བྱས་ཤིང་།  བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་ཡོད་ཀྱང་། རྒྱལ་སྤྱིའི་མི་མང་ཕལ་ཆེར་བར་གནད་དོན་དེའི་ཐད་གོ་རྟོགས་མེད་ལ།  བོད་དོན་གོ་རྟོགས་ཡོད་མཁན་ཚོས་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གི་དམག་དོན་དང་། དཔལ་འབྱོར། ཆབ་སྲིད་ཀྱི་སྟོབས་ཤུགས་སོགས་འཕེལ་རྒྱས་འགྲོ་མུས་ཡིན་པས། ཉེ་ལམ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཨང་དང་པོར་ཆགས་རྒྱུར་དམིགས་ཡུལ་བཅངས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག མན་ཇུ་སོགས་ལ་དུས་གཅིག་ཏུ་བཙན་འཛུལ་བྱས་ཤིང་། རྒྱལ་ཁབ་དེ་དག་གི་ས་ཁྱོན་གྲུ་བཞི་མ་ས་ཡ་ ༩།༦ སྟེ་རྒྱ་ནག་གི་ས་ཁྱོན་བརྒྱ་ཆ་ ༦༠ ཟིན་ཡོད་སྟབས། ད་ལྟའི་རྒྱ་ནག་གི་ས་ཁྱོན་བརྒྱ་ཆ ༦༠  ལྷག་བཙན་འཛུལ་བྱས་ནས་བྱུང་ཡོད་པ་རེད།  ཅེས་དང་། འཛམ་གླིང་གི་སྲིད་གཞུང་ཁག་གིས་ཚོང་གི་ཁེ་ཕན་ཁོ་ནའི་ཆེད་དུ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

Tibetan filmmaker Dhondup Wangchen receives the prestigious Courage Award from the Chinese dissident and former political prisoner Yang Jianli on Mar 27. (Photo courtesy: Geneva Summit)

དེ་བཞིན་ཚོགས་ཆེན་དེའི་ཐོག་ཧོང་ཀོང་གི་རང་དབང་འཐབ་རྩོད་པ་ཇོ་ཡེ་སུ ( Joey Siu)  ལགས་ཀྱིས། ཧོང་ཀོང་དེ་འོས་བསྡུའི་ལམ་ལུགས་ཅན་གྱི་དམངས་གཙོ་ཞིག་ཆགས་ཐུབ་ཀྱི་མེད་ལ།  ཁོང་ཚོས་རང་ཉིད་ཀྱི་མགོ་ཁྲིད་འོས་འདེམས་བྱེད་པའི་ཐོབ་ཐང་མེད་ལ། ཐ་ན་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དག་ཀྱང་རྒྱ་ནག་གཞུང་གིས་འདེམས་བསྐོས་བྱས་པའི་མགོ་ཁྲིད་དེ་དག་གིས་བཟོ་ཡི་ཡོད་སྐོར་དང་། ཧོང་ཀོང་མི་དམངས་ཀྱིས་ད་བར་ཚད་དང་ལྡན་པའི་དམངས་གཙོ་ཐོབ་པར་འཐབ་རྩོད་བྱས་ཡོད་པ་དང་། ཕྱི་ལོ ༢༠༡༩ ཕྱི་ཟླ ༧ ནང་ཧོང་ཀོང་ནང་དུ་གཞི་རྒྱ་ཆེ་བའི་ཡར་ལངས་བྱས་ཏེ། མི་མང་འབུམ་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད། སྐབས་དེར་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཧོང་ཀོང་བ་སྟོང་ཕྲག་མང་པོར་རྡུང་རྡེག་བཏང་བ་དང་བཙོན་འཇུག་སོགས་བྱས་ཡོད་ལུགས་དང་།  དེ་བཞིན་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ ༤༦ ལ་ལོ་གཅིག་ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་རྣམས་ལ་དྲག་གནོན་དང་དམ་དྲག་ཤུགས་ཆེན་བྱས་ཏེ། སློབ་ཕྲུག་ཚོགས་པ་དང་། ལས་འགུལ་ཚོགས་པ། གསར་ཁང་མང་པོ་ཞིག་སྒོ་བརྒྱག་བཅུག་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན་ཡུ་གུར་གྱི་རང་དབང་འཐབ་རྩོད་པ་རུ་ཤི་ཧན་ཨབ་བྷ་སི་ (Rushanabbas ) ལགས་ཀྱིས། རྒྱ་ནག་གཞུང་གིས་ཡུ་གུར་གྱི་མི་མང་སྟོང་ཕྲག་མང་པོར་བཙན་གནོན་ཚད་ལས་འདས་པ་བྱས་ཡོད་ཅིང་། ཡུ་གུར་གྱི་ས་ཚིགས་མང་པོ་ཞིག་ཏུ་ངལ་རྩོལ་ཁང་ཆེད་འཛུགས་ཀྱིས་ཡུ་གུར་མི་མང་རྣམས་བྲན་གཡོག་ཏུ་བཀོལ་བ་དང་། ཡུ་གུར་གྱི་ཤེས་ཡོན་པ་དང་། སྨན་པ་སོགས་འཛིན་བཟུང་བྱས་ཡོད། དེ་བཞིན་ཡུ་གུར་བའི་ས་གནས་མང་པོ་བཙན་འཕྲོག་བྱས་ཏེ། རྒྱ་རིགས་ཚོང་པ་ཚོར་བགོ་འགྲེམས་བྱེད་ཀྱི་ཡོད་སྐོར་དང་། ཡུ་གུར་གྱི་བུད་མེད་མང་པོ་ཞིག་རྒྱ་རིགས་དང་བཙན་གྱིས་གཉེན་སྒྲིག་བྱེད་དུ་འཇུག་གི་ཡོད་པ་མ་ཟད།  ཡུ་གུར་བུད་མེད་སྟོང་ཕྲག་མང་པོར་རྒྱ་རིགས་སྐྱེས་པས་བཙན་གཡེམ་དང་མནར་གཅོད་བཏང་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༦ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༨ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese