མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་ ༡༥ པ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་ ༡༥ པའི་ཐོག་དགོན་སྡེ་དང་མཐོ་སློབ་ཁག་མི་འདྲ་བ་ ༢༦ ནས་ཚོགས་བཅར་བ་ ༩༠ ལྷག་མཉམ་འཛོམས་ཀྱིས་བོད་མིའི་ཤེས་ཡོན་དང་ལོ་རྒྱུས། ཆབ་སྲིད་སོགས་དང་འབྲེལ་བའི་བརྗོད་གཞི་མི་འདྲ་བ་ ༡༣ གྱི་ཐོག་གཏམ་བཤད་དང་བགྲོ་གླེང་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ནས་༡༥ བར་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་ཧི་མ་ཅལ་དུ་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་གླིང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པ་དེ་ཉིད་འཚོག་གི་ཡོད་ཅིང་། འདི་ལོའི་ཚོགས་ཆེན་ཐོག་དགོན་སྡེ་དང་མཐོ་སློབ་ཁག་མི་འདྲ་བ་ ༢༦ ནས་ཚོགས་བཅར་བ་ ༩༠ ལྷག་མཉམ་འཛོམས་ཀྱིས་བོད་མིའི་ཤེས་ཡོན་དང་ལོ་རྒྱུས། ཆབ་སྲིད་སོགས་དང་འབྲེལ་བའི་བརྗོད་གཞི་མི་འདྲ་བ་ ༡༣ གྱི་ཐོག་གཏམ་བཤད་དང་བགྲོ་གླེང་བྱེད་ཀྱི་ཡོད་འདུག

སྐབས་བཅོ་ལྔའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་སྤྱི་ཁྱབ་འབྲེལ་མཐུད་པ་ཐུབ་བསྟན་རབ་བརྟན་ལགས་ཀྱིས་འདི་གའི་གསར་འགོད་པར། སྤྱིར་ལོ་ལྟར་འཚོག་མུས་ཡིན་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདིའི་འབོད་ཚིག་ཙོ་བོ་དེ་རང་ངོ་རང་ཤེས། རང་འགན་རང་འཁུར་ཡིན་ཡང་། སྐབས་སྔ་མའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྟེང་དུ་བོད་ཀྱི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་། དེ་བཞིན་དགོན་པའི་གནས་སྟངས་སོགས་རྒྱུས་ལོན་བྱ་རྒྱུའི་དམིགས་ཡུལ་བཟུང་སྟེ། གཡུང་དྲུང་བོན་གྱི་མ་དགོན་སྨན་རི་གླིང་དུ་འཚོག་རྒྱུའི་མང་མོས་ཐག་གཅོད་བྱས་ཡོད་སྐོར་དང་། ད་ལན་གྱི་ཚོགས་ཆེན་སྟེང་ཕྱི་ནས་མཁས་པའི་གཏམ་བཤད་ཀྱི་ལས་རིམ་རིགས་མེད་པར། སྔར་རྒྱུན་ཚོགས་བཅར་བ་རྣམས་ཚུགས་ཆུང་ ༨ ལ་བགོས་ཏེ་རང་རང་གི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་རྒྱུ་དང་། དེའི་ཐོག་སྨན་རི་གླིང་གི་དཔེ་འཁྲིད་དགེ་རྒན་རྣམ་པས་གཏམ་བཤད་སྤེལ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་བྱུང་།

ཕྱི་ཚེས་ ༡༠ ཉིན་གྱི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོར་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ས་གནས་འགོ་འཛིན་བསྟན་འཛིན་ཆོས་འཕེལ་ལགས། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། དེ་བཞིན་བོན་གཞིས་སཾ་བྷོ་ཊའི་ཉིན་སློབ་ཀྱི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་བཅས་གདན་འདྲེན་ཞུས་ཡོད་འདུག

འདི་ལོའི་ཚོགས་ཆེན་སྟེང་། བཙན་བྱོལ་གྱི་གཞོན་སྐྱེས་རྣམས་རྒྱལ་ཞེན་ཆུང་གྲངས་པའི་རྐྱེན་རྩ་ངོས་བཟུང་ནས་མི་རིགས་ལ་ཤ་ཞེན་གྱི་སེམས་ཚོར་རྣོན་པོ་ཡོང་ཐབས། ཞེས་པ་དང་། འབྱུང་འགྱུར་ཐ་སྙད་གསར་བཟོའི་ལས་འགུལ་རྒྱ་བསྐྱེད་བྱེད་ཚུལ་དང་བོད་གཞིས་བྱེད་གཉིས་ཀྱི་སྤྱི་ཚོགས་ཁྲོད་ཐ་སྙན་གསར་པ་རྣམས་གཅིག་གྱུར་ཡོང་ཐབས་ཇི་དགེའི་སྐོར། མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཚོར་དམིགས་བསལ་དཀའ་ངལ་ཆེ་ཁག་ལ་གདོང་ལེན་ཇི་ལྟར་དགོས་སྐོར། དེ་བཞིན་བོན་བལ་གྱི་ཡིག་ཆ་ཁག་ལས་བསྟན་པའི་ཁོར་ཡུག་གཙང་སེལ་བྱེད་ཕྱོགས་ཞེས་པ་དང་། ཆེས་ལས་རིགས་གཅིག་རྐང་འཛིན་པའི་ཐོན་ཁུངས་རྒྱ་བསྐྱེད་དགོས་པའི་གལ་གནད་སོགས་ཀྱི་སྐོར་གླེང་སློང་དང་གོ་བསྡུར་བྱ་རྒྱུ་ཡིན་པ་རེད་འདུག

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་བཞིན་ཐོག་མར་ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༡ ལ་སྐབས་དེའི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ལྟེ་གནས་ཁང་གི་དྷ་ས་གངས་ཅན་སྐྱིད་གཤོངས་སུ་བོད་ཀྱི་མཐོ་རིམ་སློབ་གཉེར་བ་ ༥༡ ཙམ་ལ་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་ཅིང་། སྐབས་དེར་ཚོགས་བཅར་བའི་ཁྲོད་དུ་བོད་རིགས་མཐོ་རིམ་སློབ་གཉེར་བ་རྣམས་ལོ་རེར་ཐེངས་རེར་མཉམ་འཛོམས་དགོས་པའི་བསམ་ཚུལ་བྱུང་བ་ལྟར། ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་རིགས་མཐོ་རིམ་སློབ་མའི་ས་གནས་འཐུས་མི་རེ་ལྷན་འཛོམས་ཐོག་ཚོགས་ཆེན་གྱི་དགོས་དམིགས་དང་སྒྲིག་གཞི་ཁག་གཏན་འབེབས་བྱས་ཏེ། ཚོགས་ཆེན་སྐབས་དང་པོ་དེ་ཉིད་རྒྱ་གར་གྱི་གྲོང་ཁྱེར་མེང་གྷེ་ལོར་དུ་འཚོགས་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese