མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གིས་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་ལ་གྲ་སྒྲིག་དགོས་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཡོ་ཁུ་རེན་ལ་དམག་འཁྲུག་ཁྲོད་རྒྱལ་ཁ་ཐོབ་བཞིན་པའི་སྐབས་འདིར། ཨུ་རུ་སུས་ཨ་རི་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁག་དག་གིས། ཡོ་ཁུ་རེན་ལ་མཚོན་ཆ་མཁོ་སྤྲོད་བྱ་རྒྱུ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་བ་དང་འབྲེལ། ཨུ་རུ་སུས་ཡོ་ཁུ་རེན་སྟེང་རྡུལ་ཕྲན་མཚོན་ཆ་བཀོལ་སྲིད་པའི་ཉེན་བརྡ་བཏང་འདུག

Russian nuclear weapons. Image Credit: Creative Commons.

ད་ལྟ་ཡུ་ཁུ་རེན་དང་ཨུ་རུ་སུའི་བར་དམག་འཁྲུག་བྱུང་སྟེ་ཉིན་གྲངས་ ༥༤ ཙམ་འགྲོ་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཡོ་ཁུ་རེན་གྱིས་མེ་ཤུགས་འཕུར་མདའ་འཕངས་ནས་ཨུ་རུ་སུའི་མཚོ་དམག་གི་ཆེས་གལ་འགངས་ཆེ་བའི་འཐབ་འཁྲུག་གྲུ་གཟིངས་ཤིག་ལ་གཏོར་སྐྱོན་བཏང་རྗེས། གྲུ་གཟིངས་དེ་ཨེ་ཤ་ཡ་དང་ཡུ་རོབ་བར་གྱི་ཐིག་མཚམས་ལྟ་བུའི་མཚོ་ནག་(Black Sea) གི་ནང་དུ་འཐིམས་ཡོད་པ་དང་། ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་དང་སྙིང་སྟོབས་ཞིམ་པ་མེད་པའི་ཡོ་ཁུ་རེན་གྱི་མི་མང་གི་དམག་འཁྲུག་ལ་རྒྱལ་ཁ་ཅུང་ཙམ་ཐོབ་བཞིན་ཡོད་ཀྱང་། དེ་རིང་ཕྱི་ཚེས་ ༡༦ ཉིན་ཨུ་རུ་སུའི་སྲིད་འཛིན་པོ་ཊིན་གྱིས་གཞུང་འབྲེལ་ཐོག་ནས། ཨ་རི་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཡོ་ཁུ་རེན་ལ་མུ་མཐུད་མཚོན་ཆ་མཁོ་སྤྲོད་བྱས་ཚེ་མཇུག་འབྲས་ངན་པ་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད་ལ། ཡོ་ཁུ་རེན་གྱི་སྲིད་འཛིན་རྫི་ལན་སི་ཀེ་ (Zelensky) ལགས་ཀྱིས་ཀྱང་སི་ཨན་ཨན་གསར་ཁང་གི་བཅར་འདྲི་ཞིག་གི་སྐབས། ཨུ་རུ་སུས་ཡོ་ཁུ་རེན་གྱི་སྟེང་རྡུལ་ཕྲན་མཚོན་ཆ་བེད་སྦྱོད་གཏོང་སྲིད་པས། འཛམ་གླིང་རྒྱལ་ཁབ་ཁག་གིས་གྲ་སྒྲིག་བྱ་དགོས་སྐོར་གྱི་ཉེན་བརྡ་བཏང་འདུག

ཨ་རི་གཙོ་བྱས་པའི་མཐུན་གྲོགས་རྒྱལ་ཁབ་དག་ལ་གཞུང་འབྲེལ་ཐོག་ནས་ཉེན་བརྡ་བཏང་བའི་ཤོག་ངོས་གཉིས་ཅན་གྱི་ཨུ་རུ་སུའི་ཡི་གེ་དེ་ཡི་ནང་། ཨ་རི་དང་ནུབ་གླིང་མནའ་འབྲེལ་རྒྱལ་ཁབ་དག་གིས་ཡོ་ཁུ་རེན་ལ་མཚོན་ཆ་མཁོ་སྤྲོད་བྱེད་བཞིན་པ་དེས། ཡོ་ཁུ་རེན་གྱི་དམག་འཁྲུག་ཐོག་མེ་ཐོག་སྣུམ་ལྡུག་དང་རྣག་ཐོག་ཁབ་བརྩེགས་ཀྱི་གཞི་ལས་མ་གྱུར་བས།   ང་ཚོས་རྒྱལ་སྤྱིའི་དང་ས་གནས་ས་ཁུལ་གྱི་བདེ་འཇགས་ལ་ཚོད་དཔག་དཀའ་བའི་མཇུག་འབྲས་ངན་པ་ཡོང་གཞིར་གྱུར་བའི་ཨ་རི་དང་ནུབ་གླིང་མནའ་འབྲེལ་རྒྱལ་ཁབ་ཁག་ནས་ཡོ་ཁུ་རེན་ལ་གོ་མཚོན་མཁོ་སྤྲོད་བྱ་རྒྱུ་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་གི་ཡོད། ཅེས་བརྗོད་ཡོད་པ་དང་། ཨུ་རུ་སུའི་ཉེན་བརྡའི་ཡི་གེ་དེ་ནི་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨུ་རུ་སུའི་ཨ་རིའི་གཞུང་ཚབ་ཁང་བརྒྱུད་ཨ་རིའི་རྒྱལ་སྲིད་ལས་ཁུངས་ལ་སྤྲད་ཀྱང་། ཁ་སང་དེ་རིང་གཞི་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་ཞིག་ཆགས་ཀྱི་འདུག

ཨུ་རུ་སུའི་ཉེན་བརྡའི་ཡི་གེ་དེ་ནི། ཨ་རིས་ཡོ་ཁུ་རེན་ལ་གོ་མཚོན་གསར་པ་མཁོ་སྤྲོད་བྱ་རྒྱུའི་གནས་ཚུལ་ཞིག་ཕྱིར་གྱར་བ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ཨ་རིའི་ངོས་ནས་བདུན་ཕྲག་འདིའི་ནང་ཨུ་རུ་སུའི་དམག་ཤུགས་དང་འདྲ་མཚུངས་ཀྱི་ནུས་པའི་ལྡན་པའི་རྒྱང་འཕེན་མཚོན་ཆ་(howitzers) སོགས་ཨ་སྒོར་ས་ཡ་ ༨༠༠ ལྷག་གི་གོ་མཚོན་ཡོ་ཁུ་རེན་ལ་མཁོ་སྤྲོད་བྱ་རྒྱུ་ཡིན་ཞིང་། ཨ་རིའི་གཞུང་གི་ལས་བྱེད་རྒན་པ་ཞིག་གིས། ཨུ་རུ་སུས་ཉེན་བརྡ་གཏོང་གི་ཡོད་པ་དེས། ཨ་རི་དང་ནུབ་གླིང་མནའ་འབྲེལ་རྒྱལ་ཁབ་དག་གིས་ཡོ་ཁུ་རེན་ལ་དམག་ཤུགས་ཀྱི་རོགས་སྐྱོར་བྱེད་བཞིན་པར་གྲུབ་འབྲས་ཐོན་གྱི་ཡོད་པ་བསྟན་ཡོད། ཅེས་བརྗོད་འདུག་ལ། དམག་འཁྲུག་བྱུང་བ་ནས་ད་བར་ཨ་རི་ཁོ་ནས་ཡོ་ཁུ་རེན་ལ་ཨ་སྒོར་ཐེར་འབུམ་གསུམ་ལྷག་གིས་དམག་ཤུགས་ཐོག་རོགས་རམ་བྱས་ཡོད་འདུག

ཡང་གནད་དོན་དེ་དང་འབྲེལ་ནས། ཁ་སང་ཡོ་ཁུ་རེན་གྱི་སྲིད་རྫི་ལན་སི་ཀེ་ལགས་ཀྱིས་སི་ཨན་ཨན་གསར་ཁང་གི་དམིགས་བསལ་བཅར་འདྲི་ཞིག་གི་སྐབས་བརྗོད་དོན། པོ་ཊིན་གྱིས་ཡོ་ཁུ་རེན་གྱི་མི་མང་གི་ཚེ་སྲོག་དང་མིའི་ཚེ་སྲོག་ལ་རིན་ཐང་དང་བརྩི་མཐོང་འཇོག་གི་མེད་སྟབས། ཁོས་ཡོ་ཁུ་རེན་སྟེང་རྡུལ་ཕྲན་མཚོན་ཆའམ་ཡང་ན་དུག་མཚོན་བེད་སྤྱོད་གཏོང་སྲིད་པ་དང་། གལ་སྲིད་ཨུ་རུ་སུས་རྡུལ་མཚོན་ཆ་བཀོལ་བ་ཡིན་ན། ཡོ་ཁུ་རེན་ལ་ཞེད་སྣང་དང་འཇིགས་སྣང་སྤུ་ཙམ་མེད་པ་མ་ཟད། རྡུལ་ཕྲན་མཚོན་ཆ་བཀོལ་སྲིད་པའི་གནད་དོན་དེ་ནི་ཡོ་ཁུ་རེན་ཙམ་མ་ཟད་འཛམ་གླིང་ཡོངས་ནས་སེམས་འཚབ་སྐྱེས་དགོས་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྐོར་སོགས་བརྗོད་འདུག་ལ། ཡོ་ཁུ་རེན་གྱི་སྲིད་འཛིན་རྫི་ལན་སི་ཀེ་ལགས་ཀྱིས་རྒྱལ་ཁབ་ཀྱི་ཆག་འཇིགས་སྐབས་མགོ་བོ་སྨད་མ་མྱོང་ཞིང་སྤོབས་པ་དང་ལ་རྒྱ་གཟེངས་སུ་གཏད་ནས་དམག་འཁྲུག་བྱུང་བ་ནས་ད་བར་ཕྱིར་མ་བྲོས་བར་ཨུ་རུ་སུའི་བཙན་འཛུལ་འཐབ་འཁྲུག་ལ་སྙིང་སྟོབས་ཆེན་པོས་རྒོལ་ལན་སློག་ནས་བསྡད་ཡོད་པ་རེད།

Institute for the study of War.

ཁ་སང་དགོང་དྲོར་ཡོ་ཁུ་རེན་གྱི་སྲིད་རྫི་ལན་སི་ཀེ་ལགས་ཀྱིས། ཡོ་ཁུ་རེན་མི་མང་ལ་གཏམ་བཤད་སྤེལ་སྐབས། ཁོས་དམག་འཁྲུག་ག་དུས་མཚམས་འཇོག་ཐུབ་མིན་བཤད་ཚོད་དཀའ་ནའང་། ཨུ་རུ་སུའི་དམིགས་འབེན་དང་དམག་གི་སྟོབས་ཤུགས་ཅི་འདྲ་ཡོད་མེད་གསར་ཁང་ཁག་ཁ་ཤས་ལས་ཁོ་རང་གིས་རྒྱས་པ་ཤེས་ཀྱི་ཡོད་པ་དང་། དམག་འཁྲུག་མཚམས་འཇོག་གི་གནས་བབ་ལ་རྒྱུ་རྐྱེན་གཉིས་པ་ལས། ད་ལྟ་ཡོ་ཁུ་རེན་གྱིས་ཨུ་རུ་སུའི་དམག་མི་རྦད་དེ་ཡོ་ཁུ་རེན་ནས་ཕྱིར་འཕུད་ཐུབ་མེད་ནའང་། ཉེ་ལམ་ནས་ཡོ་ཁུ་རེན་གྱི་མི་མང་ལ་དམག་འཁྲུག་ཁྲོད་རྒྱལ་ཁ་ཐོབ་བཞིན་པ་དེ་གཅིག་ཡིན་ཞིང་།  གཉིས་ནི་ཉེ་ལམ་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་དག་གིས་ཨུ་རུ་སུར་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་ཉེས་ཆད་བཅད་པ་དེས་ཕན་ཐོགས་བྱུང་ཡོད་ཀྱང་། ཨུ་རུ་སུའི་དམག་ཤུགས་ལ་དེ་ཙམ་གྱིས་ཁྱད་པར་བཟོ་ཡི་མེད་སྟབས། ཡོ་ཁུ་རེན་ལ་ཨུ་རུ་སུར་ཁ་གཏད་གཅོག་ཐུབ་པའི་གོ་མཚོན་གང་མྱུར་རག་པ་ཡིན་ན། དེ་ཙམ་གྱིས་དམག་འཁྲུག་མཚམས་འཇོག་དང་ཞི་བདེ་ཡོང་གི་ཡོད་སྐོར་སོགས་བརྗོད་འདུག

ད་ལྟ་ཡོ་ཁུ་རེན་གྱི་དམག་ཤུགས་ཀྱིས། འཛམ་གླིང་གི་དམག་ཤུགས་ཆེ་ཤོས་ཨང་གཉིས་པ་ཡིན་པའི་ཨུ་རུ་སུའི་དམག་མི་རྣམས་རྒྱལ་ས་(Kyiv) དང་རྒྱང་ཐག་མེ་ལི་ ༡༢ ཀྱི་སར་ནས། ད་ལྟ་ཤར་ཕྱོགས་ཀྱི་ས་ཁུལ་བར་ཕྱིར་འདེད་གཏོང་ཐུབ་ཡོད་ཅིང་། ད་ལྟ་ཨུ་རུ་སུའི་ངོས་ནས་ཡོ་ཁུ་རེན་གྱི་ཤར་ཕྱོགས་ཀྱི་ས་མཚམས་ལྔ་སྟེ། ཁར་ཀེ་ཝི་་(Kharkiv) དང་ (Luhansk)། ཌོ་ནེ་སི་ཀེ་(Donetsk)དང་མཱ་རའོ་པོལ་(Mariupol)། དེ་བཞིན་ཁཱེར་སན་(Kherson) བཅས་ལ་བཙན་འཛུལ་གྱིས་ཡོ་ཁུ་རེན་ལ་རྒོལ་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་གཉིས་བར་ས་ཁུལ་དེ་དག་གི་ཁུལ་དུ་དམག་འཁྲུག་རྒྱག་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་ནས་མགོ་འཛུགས་ཀྱིས་ད་སྔ་རྒྱལ་ཁབ་གཉིས་ཀྱི་མི་ཤུགས་རྒྱུ་གསུམ་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད་པ་ལས། དེ་རིང་ཡོ་ཁུ་རེན་གྱི་སྲིད་འཛིན་རྫི་ལན་སི་ཀེ་ལགས་ཀྱིས་དམག་འཁྲུག་བྱུང་བ་ད་བར་ཡོ་ཁུ་རེན་གྱི་དམག་མི་ ༣༠༠༠ ལྷག་འདས་གྲོངས་སུ་ཕྱིན་པ་དང་དམག་མི་ ༡༠༠༠༠ ལྷག་ལ་རྨས་སྐྱོན་ཐེབས་ཡོད་སྐོར་བསྒྲགས་འདུག་པ་དང་། ཁོས་ད་དུང་ཡོ་ཁུ་རེན་གྱི་ཤི་རྨས་ཐེབས་པའི་དམག་མིའི་གྲངས་འབོར་ལས་ཨུ་རུ་སུའི་དམག་མི་ཤི་རྨས་ཐེབས་པ་མང་བ་ཡོད་སྐོར་བརྗོད་འདུག་ཀྱང་། བྷི་བྷི་སི་གསར་ཁང་གིས། གྲངས་འབོར་དེ་དག་ཁ་གསལ་དང་མི་མང་ཇི་ཙམ་ཤི་རྨས་ཐེབས་ཡོད་མེད་སོགས་ཀྱི་ཐད་ཞིབ་འཇུག་བྱ་ཐབས་བྲལ་ནའང་། ཕྱོགས་གཉིས་ཀྱི་ངོས་ནས་རང་གི་དགྲ་ཟླར་རང་ཉིད་ལས་ཀྱང་གྱོང་གུད་ཆེ་བ་ཕོག་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༡༢ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 4 སྔོན།

    བྱང་ཕྱོགས་མཐུན་འབྲེལ་རྒྱལ་ཁབ་ཚོའི་ཁ་དམག་འོག་ཡུ་ཀི་རན་ནི་རྒྱ་མིའི་བོད་ལ་བཙན་འཛུལ་བྱེད་པ་དང་འདྲ་བས་རྩ་མེད་བཟོ་རྒྱུ་ཡིན་པ་ནས་ཨུ་རུ་སུའི་ཉེན་བརྡ་ལ་འགན་འཁུར་ནས་འཛམ་གླིང་རྒྱལ་ཁབ་སུའི་ལག་སྔ་ཐུབ་པ་དེར་རྒྱལ་ཁ་ཐོབ་རྒྱུ་ནི་ཐག་གཅོད་ཐུབ་པ་ཞིག་མ་རེད་དམ་། ཧཧཧ འཛམ་གླིང་དམག་ཆེན་གསུམ་པ་ཨེ་ཧཧཧ་། མི་ཆུའི་ནང་དབྱུགས་པ་ལ་རང་ཡང་ཆུའི་ནང་འཛུལ་དགོས་པ་མ་རེད་དམ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese