མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ནོར་ནག་གི་ཐོན་རྫས་ཀྱིས་ཧྲང་ཧེ་གྲོང་ཁྱེར་ལ་རམ་འདེགས་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཀྱི་སྒོ་ཕྱུགས་སེམས་ཅན་གཡག་དང་ཆུ་སོགས་ཀྱི་ཐོན་རྫས་ཧྲང་ཧེ་གྲོང་ཁྱེར་ནང་སྐྱེལ་འདྲེན་གྱིས། ད་ལྟ་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག་བཟའ་ཆས་འདང་ངེས་མེད་པའི་དཀའ་ངལ་སེལ་ཐབས་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་ནང་ཨོ་མི་ཁུ་རོན་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་ཤུགས་ཆེན་ཕྲད་བཞིན་ཡོད་པ་དང་བསྟུན། ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པ་དང་རྒྱ་ནག་དབུས་དམར་ཤོག་ཚོགས་པ་གཉིས་གྲོས་བསྡུར་བྱས་པ་བརྒྱུད།  བོད་ཀྱི་སྒོ་ཟོག་སེམས་ཅན་གཡག་དང་དྭངས་གཙང་གི་ཆུ་སོགས་བོད་མཐོ་སྒང་གི་རང་བྱུང་ཐོན་རྫས་མི་ཉུང་བ་ཞིག་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ནང་སྐྱེལ་འདྲེན་གྱིས། ད་ལྟ་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཁྲོད་བཟའ་ཆས་འདང་ངེས་མེད་པའི་དཀའ་ངལ་སེལ་ཐབས་བྱེད་བཞིན་ཡོད་འདུག

དེ་འབྲེལ་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་། བོད་ཀྱི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཧྲང་ཧེ་དང་བྱང་ཤར་གྱི་ཞིང་ཆེན་ཇི་ལིན་ནང་ཏོག་དབྱིབས་གཉན་རིམས་བཀག་འགོག་གི་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་མཚོན་སླད། བོད་རང་སྐྱོང་ལྗོངས་ངོས་ནས་ཐོན་རྫས་ཀྱི་ཞལ་འདེབས་རྒྱག་གི་ཡོད་ཅེས་བརྗོད་འདུག་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ད་ལྟ་རྒྱ་ནག་ནང་ཏོག་དབྱིབས་འགོས་ཁྱབ་ཀྱི་དཀའ་ངལ་འཕྲད་ཡུལ་ཆེ་ཤོས་ཧྲང་ཧེ་གྲོང་ཁྱེར་ལ་གཡག་ཤ་སྐམ་པོ་ཏུན་གྲངས་ ༢༠༠ སམ་ཡང་ན་ཀི་ལོ་གྷི་རམ་འབུམ་ ༢ དང་བོད་ཀྱི་ཆུ་ཏུན་གྲངས་ ༣༠༠༠ སམ་ཡང་ན་ཀི་ལོ་གྷི་རམ་འབུམ་ ༣༠ ཚུད་པའི་བོད་ཀྱི་སྒོ་ཟོག་སེམས་ཅན་དང་འབྲེལ་བའི་རང་བྱུང་ཐོན་རྫས་ཀྱི་བཟའ་ཆས་མང་དག་ཅིག་རྒྱབ་སྐྱོར་གྱི་ཚུལ་དུ་སྐྱེལ་འདྲེན་བྱས་ཡོད་འདུག

ཐེངས་འདིར་བོད་ཀྱི་རང་བྱུང་ཐོན་རྫས་ཀྱིས། རྒྱ་རིགས་རྣམས་ལ་རོགས་འདེགས་བྱེད་བཞིན་པའི་ཐག་གཅོད་དེ་ནི། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་བཀོད་འདོམས་འོག བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པས། སྐྱིན་ཚབ་དངུལ་དངོས་སོགས་གང་ཡང་མི་དགོས་པར་རྒྱབ་སྐྱོར་མཚོན་བྱེད་དུ་མཁོ་སྤྲོད་བྱས་ཚུལ་བརྗོད་འདུག་ཀྱང་།  ཐེངས་འདིར་རྒྱ་ནག་གཞུང་གིས་བོད་ཀྱི་ནོར་ནག་ག་ཚོད་ཅིག་གི་སྲོག་བཅད་ཡོད་པ་དང་། ནང་པ་ཞིག་ལ་མཚོན་ན་སྲོག་གཅོད་པ་ནི་སྡུག་པ་ཆེས་ཆེ་བའི་བྱ་སྤྱོད་ཅིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་སྒོ་ཕྱུགས་སེམས་ཅན་ལའང་བཙན་འཛུལ་བྱེད་ཀྱི་ཡོད་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་རེད།

ད་རེས་ཧྲང་ཧེ་ཙམ་མ་ཡིན་པར་རྒྱ་ནག་གི་ཞིང་ཆེན་ཇི་ལིན་ལའང་བོད་ཀྱི་ནོར་ནག་གི་ཐོན་རྫས་སྐྱེལ་འདྲེན་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས། བོད་ཀྱི་གསོ་བ་རིག་པའི་གཞུང་ལས་བྱུང་བའི་བོད་སྨན་རྒྱ་ནག་ནང་སྐྱེལ་འདྲེན་གྱིས། ཏོག་དབྱིབས་གཉན་རིམས་བཅོས་ཐབས་བྱས་ཡོད་ལ། སྐབས་དེར་རྒྱ་ནག་གི་ཏོག་ནད་ཀྱི་སྨན་པ་གཙོ་བོ་ཀྲུང་ནན་ཧྲན་སོགས་ཀྱིས་བོད་སྨན་ལ་གདེང་འཇོག་ཆེན་པོ་བྱས་ཤིང་། བོད་སྨན་གྱིས་ཏོག་ནད་ཀྱི་དཀའ་ངལ་སེལ་ཐུབ་སྐོར་སོགས་བརྗོད་ཡོད།

ད་ལྟ་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག ཞིང་ཆེན་རིམ་པའི་ས་ཁུལ་ ༡༨ དང་གྲོང་ཁྱེར་ཁག་ ༤༤ ནང་ཕྱེད་དང་ཁྱོན་ཡོངས་ནས་ཁྱིམ་སྡོད་བཀའ་རྒྱ་བཏང་ཡོད་པར་བརྟེན། རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་མི་མང་ལ་ཉིན་རེའི་འཚོ་བའི་ཐད་དཀའ་ངལ་འཕྲད་དེ། ཕྱིར་ཐོན་ནས་གཞུང་ལ་ངོ་རྒོལ་བྱེད་པ་དང་། ཁག་ཅིག་གིས་རང་སྲོག་གཅོད་པ་སོགས་ཀྱི་གནས་ཚུལ་མང་དག་ཅིག་བྱུང་དང་བྱུང་མུས་ཡིན་པ་མ་ཟད། དམིགས་བསལ་རྒྱ་ནག་གི་ཚོང་འབྲེལ་གྱི་ལྟེ་བར་གྱུར་བའི་ཧྲང་ཧེ་གྲོང་ཁྱེར་གྱི་མི་གྲངས་ས་ཡ་ ༢༥ ལྷག་ཁྱིམ་སྡོད་བཀག་རྒྱའི་འོག་བཅུག་སྟེ། མི་མང་ལ་ཉིན་རེའི་འཚོ་བར་དཀའ་ངལ་ཤུགས་ཆེན་འཕྲད་ཀྱི་ཡོད་པ་དང་། ད་ལྟ་ཧྲང་ཧེ་གྲོང་ཁྱེར་ནང་ཏོག་དབྱིབས་ནད་པ་ ༣༠༨༤ དང་འདས་གྲོངས་སུ་ཕྱིན་པ་ ༧ བྱུང་འདུག་ལ། རྒྱ་ནག་རྒྱལ་ཡོངས་སུ་ད་སྔ་བར་ཏོག་དབྱིབས་ནད་པ་ཁྱོན་ ༡༩༡༡༡༢ དང་འདས་གྲོངས་སུ་ཕྱིན་པ་ ༤༦༥༥། དྲག་བསྐྱེད་བྱུང་བ་ ༡༥༥༦༨༤ བྱུང་ཡོད་སྐོར་རྒྱལ་སྤྱིའི་གསར་ཁང་(world ometer) གིས་སྤེལ་འདུག

ཉེ་ལམ་ནས་རྒྱ་ནག་གཞུང་གིས། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ཕྱོགས་ཡོངས་ནས་ཁྱིམ་སྡོད་བཀག་རྒྱའི་བཅུག་སྟེ། སྐུ་འབུམ་དགོན་པ་སོགས་སྒོ་བརྒྱབ་ནས་མང་ཚོགས་མཆོད་མཇལ་དུ་གཏོང་གི་མེད་པ་དང་། དེ་མཚུངས་བཞིན་བོད་ཀྱི་ས་ཁུལ་གཞན་དུ་ཏོག་དབྱིབས་གཉན་རིམས་ཀྱི་བརྟག་དཔྱད་བྱས་མེད་ཚུལ་བརྗོད་ནས་བོད་མི་ཁག་ཅིག་འཛིན་བཟུང་བྱས་པ་དང་དགོན་པར་མཆོད་མཇལ་མི་གཏོང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

སྐར་མ ༡༨ སྔོན་ལ།
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

ཆུ་ཚོད་ ༧ སྔོན་ལ།
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 1

  1. དགའ་འཇམ་བྷོ། says:
    ལོ་ 4 སྔོན།

    ནོར་ནག་གཅིག་བུ་ག་ལ་ཡིན། རྒྱ་ཡར་རྒྱས་གཏོང་བྱེད་བོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese