མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྩོན་འགྲུས་ལགས་ཀྱིས་ཉིན་གྲངས་ ༢༨ རིང་ཡུ་རོབ་ནང་བོད་དོན་སྐོར་སྐྱོད་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཉིན་གྲངས་ ༢༨ རིང་ཡུ་རོབ་ཀྱི་རྒྱལ་ཁབ་དྲུག་ནང་བོད་དོན་སྐོར་སྐྱོད་གནང་སྟེ་དེ་རིང་ནས་མཇུག་བསྡུ་ཡི་ཡོད་པས་སང་ཉིན་རྒྱ་གར་ནང་ཕྱིར་ལོག་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ཁོང་ལ་ད་བར་ཡུ་རོབ་ཀྱི་རྒྱལ་ཁབ་ག་ཚོད་ཅིག་གི་ནང་དུ་ལས་འགུལ་ཅི་སྤེལ་སྐོར་དྲིས་པར་ཁོང་གིས། ད་ལྟའི་ཆར་ཡུ་རོབ་ཁུལ་ལ་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་འདི་ཉི་མ་ ༢༨ ཀྱི་ལས་རིམ་ཞིག་རེད། ཐོག་མར་སུད་སི་ (Switzerland) ནང་ (Geneva Summit) མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཇི་ནི་ཝའི་ཚོགས་ཆེན་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ནང་ལ་བོད་དོན་སྐོར་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བ་རེད། སུད་སི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྐབས་འདི་དམ་འཛིན་བྱས་ཐུབ་ནས་ང་ཡོང་ཐུབ་པ་བྱུང་རེད། དེའི་རྗེས་སུ་སུད་སིའི་ནང་ལོགས་ཀྱི་གྲོང་ཁྱེར་ཁག་མང་པོ་ཞིག་ལ་ཕྱིན་ཏེ་བོད་དོན་སྐོར་སྐྱོད་བྱ་རྒྱུ་བྱུང་སོང་། དེ་ནས་སི་ཝེ་ཌན་ (Sweden) ལ་ཕྱིན་ནས་བོད་དོན་རྒྱབ་སྐྱོར་བ་ཁག་ལ་སྐད་ཆ་བཤད་པ་དང་། ནོར་ཝེ་དང་ཌན་མག་ (Denmark)། སེ་པན་གྱི་གྲོང་ཁྱེར་བྷར་སེ་ལོ་ན་ (Barcelona) བཅས་ལ་བོད་དོན་དྲིལ་བསྒྲགས་དང་སྐོར་སྐྱོད་བྱས་པ་ཡིན། ད་ལྟའི་ཆར་ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech Republic) ནང་བསླེབས་ཡོད། སང་ཉིན་རྒྱ་གར་དུ་ལོག་འགྲོ་རྒྱུ་ཡིན། ནུབ་ཕྱོགས་རྒྱལ་ཁབ་ནང་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་བྱེད་པའི་སྐབས་སུ། གཙོ་བོ་གསར་འགྱུར་བརྒྱུད་ལམ་ཁག་གི་མི་དེ་དག་ལ་སྐད་ཆ་བཤད་པ་དང་། སློབ་གྲྭ་ཁག་དང་གཙུག་ལག་སློབ་གཉེར་ཁང་གི་ནང་གཏམ་བཤད། དེ་བཞིན་པར་དང་བརྙན་བསྟན་ནས་གཏམ་བཤད་བྱས་ཡིན། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་ཐུག་ནས་དེང་དུས་བོད་ཀྱི་གནས་སྟངས་ག་བར་བསླེབ་ཡོད་མེད་དང་རྒྱལ་སྤྱིའི་ཆབ་སྲིད་ནང་བོད་ཀྱི་གནད་དོན་ག་འདྲ་ཡོད་པའི་སྐོར་སོགས་བཤད་ཡིན། དེའི་ཞོར་ལ་བོད་པའི་སྤྱི་ཚོགས་ནང་དམ་ཚིག་གཙང་མ་ཡོང་རྒྱུ་དང་རྡོག་རྩ་གཅིག་སྒྲིལ་ཡོང་རྒྱུའི་སྐོར་བགྲོ་གླེང་བྱེད་པ་སོགས་ལས་རིམ་སྣ་མང་སྤེལ་རྒྱུ་བྱུང་སོང་། ཅེས་བརྗོད་བྱུང་།

Lecture on “Cultural Resistance in Tibet” at the Gothenburg University, Sweden.

ད་ལན་གཙོ་བོ་ཇི་ནི་ཝའི་ཚོགས་འདུར་བཅར་བ་ལས་ཡུ་རོབ་ནང་རྐང་བཙུགས་ནས་སྐོར་སྐྱོད་དུ་བསླེབས་མེད་པ་དང་། ལོ་ལྟར་ཇི་ནི་ཝར་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཚོགས་ཆེན་ཞིག་འཚོག་གི་ཡོད་པ་ལྟར། ད་ལྟ་བར་དུ་ཚོགས་འདུ་དེའི་ཐོག་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་དང་བསྟན་འཛིན་འཇིགས་མེད་ལགས་་སོགས་མང་པོ་ཞིག་ཕེབས་ཐུབ་ཡོད་ཀྱང་། ཉེ་བའི་ལོ་གཉིས་ནང་བོད་པའི་སྐུ་ཚབ་བསླེབས་ཐུབ་མེད་སྟབས། ད་ལན་སུད་སི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་ཁོང་སྐད་བཏང་ཡོད་པ་ལྟར། ད་ལན་གྱི་ཚོགས་འདུའི་ཐོག་གཏམ་བཤད་ཧ་ཅང་ཡག་པོ་བྱུང་བ་དང་། མི་མང་པོས་དགའ་མོས་བྱེད་ཀྱི་ཡོད་སྐོར་དང་། ཡུ་རོབ་ཏུ་བསླེབས་པའི་ཞོར་དུ་རྒྱལ་ཁབ་དྲུག་ནང་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་སོགས་བྱས་ཏེ་དེ་རིང་ནས་མཇུག་སྒྲིལ་གྱི་ཡོད་སྐོར་བརྗོད་བྱུང་།

The two MPs, Mr Rasmus Hansson (the Green Party) (L), next to him is Ms Mari Holm Lønseth (Conservative Party).
Aksel (adviser for the Christian Democratic Party) (R) and Alexander Zlatonos Ibsen, a senior adviser to MP Ine Eriksen Søreide from the Conservative Party (R)

གསར་འགོད་པས་ཁོང་ལ་ད་ལན་གྱི་ལས་འགུལ་གྲུབ་རྗེས་བོད་དོན་སྐོར་གྱི་ལས་འགུལ་ག་རེ་སྤེལ་རྩིས་ཡོད་མེད་དྲིས་པར། ཁོང་གིས་རྒྱ་གར་ནང་སློབ་སྦྱོང་བྱས་པ་དང་རྒྱ་གར་གྱི་ཆབ་སྲིད་གནས་སྟངས་ལ་རྒྱུས་ཡོད་པར་བརྟེན། མ་འོངས་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་ལས་རྒྱ་གར་རང་གི་ནང་དུ་ལས་འགུལ་སྤེལ་རྩིས་ཡོད་ལ། རྒྱ་གར་རྒྱལ་ཡོངས་ནང་ལོ་ལྟར་ཟླ་དྲུག་རིང་མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་གི་ནང་ཤེས་ཡོན་དང་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་གཏམ་བཤད་བྱེད་དུ་འགྲོ་ཡི་ཡོད་པ་དེ་མུ་མཐུད་ནས་གནང་རྒྱུ་དང་། ཡང་སྐབས་རེར་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་གནད་དོན་གལ་ཆེན་དེ་འདྲ་ཡོད་ན་གོ་སྐབས་དམ་འཛིན་གྱིས་འགྲོ་འཆར་ཡོད་སྐོར་དང་། ཕྱིའི་རྒྱལ་ཁབ་ཁག་གི་ནང་མི་སེར་ཆགས་པའི་བོད་རིགས་ཚོས་སོ་སོའི་གནས་ཡུལ་རྒྱལ་ཁབ་ནང་བོད་དོན་ལས་འགུལ་སྤེལ་རྒྱུ་དེ་འོས་འགན་ཞིག་ཆགས་ཡོད་པ་དང་། དེ་བཞིན་རྒྱ་གར་ནང་ལས་འགུལ་སྤེལ་རྒྱུ་དེ་རྒྱ་གར་ནང་གནས་སྡོད་ཁོང་ལྟ་བུའི་ལས་འགན་ཆགས་ཡོད་པའི་ངོས་འཛིན་གནང་གི་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese