མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ཞིག་བཙོན་འཇུག་བྱས་རྗེས་གོ་ཐོས་མེད་པར་གྱུར་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཉིང་ཁྲི་ས་ཁུལ་སྐྱེམས་སྟོང་རྫོང་ནས་ཡིན་པའི་ནམ་མཁའ་ཞེས་པ་ཞིག་ལ་བཙོན་འཇུག་ཁྲིམས་ཆད་ལོ་ ༥ ལྷག་བཅད་ཡོད་ཀྱང་ད་བར་ལོ་ལྔ་འགྲོ་བཞིན་ཡོད་ནའང་གང་དུ་ཡོད་མེད་ཙམ་ཡང་ཤེས་ཀྱི་མི་འདུག

ལོ་ལྔ་ལྷག་བཙོན་འཇུག་ཁྲིམས་ཐག་བཅད་པའི་ནམ་མཁའ། པར་བོད་ནས་འདི་ག་གསར་ཁང་དུ་མཁོ་སྤྲོད་གནང་།་

ཕྱི་ལོ་ ༢༠༡༨ ལོའི་ལོ་འགོ་ཙམ་ལ་ཉིང་ཁྲི་ས་ཁུལ་སྐྱེམས་སྟོང་རྫོང་ཁོངས་ནས་ཡིན་པའི་བོད་མི་ནམ་མཁའ་ཞེས་པ་ཞིག་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་ཉེས་མིང་འོག་ལོ་ ༥ དང་ཟླ་༣ གྱི་ཁྲིམས་ཐག་བཅད་ཡོད་ཀྱང་། ད་ལྟ་བར་དུ་ཐུག་འཕྲད་དུ་འགྲོ་མཁན་མེད་ལ་བཙོན་ཁང་གང་དུ་བཅུག་ཡོད་མེད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་འདི་ག་དུས་བབ་གསར་འགོད་པར། ཕྱི་ལོ་༢༠༡༨ ལོའི་ལོ་འགོར་ས་གནས་ཉེན་རྟོག་པས་ནམ་མཁའ་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་ཉིང་ཁྲི་ས་ཁུལ་ཞོ་ཁ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དེས། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་གྱི་ནག་ཉེས་བཙུགས་ཏེ་ནམ་མཁའ་ལགས་ལ་ལོ་༥ དང་ཟླ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་ཡོད་ཀྱང་། དེ་ནས་བཟུང་གོ་ཐོས་གང་ཡང་མེད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ནམ་མཁའ་ལགས་ཀྱི་ཕ་མ་གཉིས་སྔ་མོ་ནས་འདས་གྲོངས་སུ་ཟིན་ཕྱིན་པ་དང་། ཁོང་གིས་ཞོ་ཁ་རྫོང་ཁོངས་ཀྱི་ཁྱིམ་ཚང་ཞིག་ཏུ་གཡོག་པོ་བྱས་ནས་ཡུན་རིང་ཕྱིན་རྗེས། སྟབས་མ་ལེགས་པ་ཞིག་ལ་ཁྱིམ་ཚང་དེའི་བདག་པོ་རླངས་འཁོར་བརྡབ་སྐྱོན་བྱུང་སྟེ་ཚེ་ལས་འདས་པ་དང་། འདས་པོའི་བཟའ་ཟླ་ཁྱིམ་ཚང་གཞན་ཞིག་ཏུ་མནའ་མར་ཕྱིན་ཡོད་སྟབས། ནམ་མཁའ་སྡོད་ཡུལ་མེད་པར་འཁྱམ་ཉུལ་གྱིས་འཚོ་བ་སྐྱེལ་དགོས་བྱུང་། ཡིན་ནའང་། དུས་རྒྱུན་སྡེ་མི་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བོ་ཡོད་པ་མ་ཟད། མི་ལས་ངན་ཞིག་ཡིན་ཡང་ཡ་རབས་གཉོམ་ཆུང་ཞིག་ཡིན་འདུག

རང་ལོ་ ༦༠ ཡས་མས་ཤིག་ཡིན་པའི་ནམ་མཁའ་ལགས་ནི་ཉིང་ཁྲི་ས་ཁུལ་སྐྱེམས་སྟོང་རྫོང་(ད་ལྟ་རྒྱ་ནག་གཞུང་གིས་སྣང་རྫོང་སྐྱེམས་སྟོང་ཡུལ་ཚོ་རུ་བསྒྱུར་ཡོད)ཨ་རོང་གྲོང་ཚོ་ནས་ཡིན་ཞིང་། ཁོང་ལ་བཟའ་ཟླ་དང་བུ་ཕྲུག སྤུན་མཆེད་སོགས་གང་ཡང་མེད་པའི་མི་ཁེར་རྐྱང་ཞིག་ཡིན་འདུག ཁོང་གི་ཕ་མིང་ལ་ཡུས་ལོ་དང་མ་མིང་ལ་སྐྱིད་ཉི་མ་ཟེར་གྱི་ཡོད་འདུག

ས་གནས་གསར་འགོད་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist