མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སློབ་མ་རྣམས་ལ་སློབ་ཡོན་སྤར་སྣོན་གྱི་དཀའ་ངལ་ཡོད་པ་དེ་སེལ་ཐབས་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་ལས་ཁུངས་ཀྱིས་བོད་རིགས་སློབ་ཕྲུག་རྣམས་ལ་རྒྱ་གར་གྱི་ཡུལ་མིའི་སློབ་མ་གཅིག་མཚུངས་ཀྱིས་སློབ་ཡོན་ཆག་ཡང་གཏོང་བར་རེ་བ་གནང་གི་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

ཕྱི་ལོ ༢༠༡༩ ཕྱི་ཟླ་ ༧ པ་བཟུང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇ་བ་ཧར་ལལ་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོས། ཕྱི་གླིང་བའི་སློབ་མ་ཚོར་སློབ་ཡོན་སྤར་སྣོན་གྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་ལྟར། ཉེ་ལམ་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་དང་། དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་གཉིས་ཀྱིས་གཙུག་ལག་སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་ལྕམ་སན་ཊུ་ཤི་རུ་པན་ཌུ་ཏི་ (Santishree D Pandit) ལགས་ཀྱི་གཙོས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས། བོད་ཕྲུག་ཚོར་སློབ་ཡོན་ཆག་ཡང་གནང་དགོས་སྐོར་གླེང་སློང་བྱས་ཡོད་པ་རེད།

དེའི་ཐད་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས། བར་ལམ་ནེ་རུ་གཙུག་ལག་སློབ་ཁང་དུ་སྐྱོད་བཞིན་པའི་བོད་ཕྲུག་མང་པོ་ཞིག་ལ་སློབ་ཡོན་ཆེན་པོ་ཆགས་པའི་རྐྱེན་གྱིས། མཐོ་སློབ་དེར་མུ་མཐུད་ནས་སློབ་སྦྱོང་བྱ་རྒྱུར་དཀའ་ངལ་འཕྲད་བསྡད་ཡོད་པ་རེད། ཕྱི་ཟླ་ ༤ ཚེས་ ༢༨ ཉིན་ཤེས་རིག་ལས་ཁུངས་ཀྱི་སྐུ་ངོ་བཀའ་བློན་མཆོག་དང་། དྲུང་ཆེ་གཉིས་ལྡི་ལིར་ཆེད་དུ་ཕེབས་ཏེ་མཐོ་སློབ་དེའི་རིགས་བདག་མཆོག་དང་མཇལ་འཕྲད་ཞུས་ནས། རྒྱ་གར་ནང་ཡོད་པའི་བོད་ཕྲུག་རྣམས་ནི་སྐྱབས་བཅོལ་བོད་མིའི་མི་རབས་གསུམ་པ་དང་བཞི་བ་ཆགས་ཡོད་ཅིང་། ལྷག་པར་སློབ་ཕྲུག་དེ་ཚོ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ངོས་ལེན་ཡོད་པའི་སློབ་གྲྭ་ནས་ཐོན་པ་ཤ་སྟག་ཡིན་སྟབས། དཀའ་ངལ་དེ་དག་སེལ་ཐབས་ཀྱིས་རོགས་ཞུ་སྐབས། ཁོང་ཚོས་ཀྱང་གསན་བཞེས་ཡག་པོ་གནང་བྱུང་བས། ང་ཚོས་གྲུབ་འབྲས་ཡག་པོ་ཞིག་འཐོན་པའི་ཡིད་ཆེས་བྱེད་བཞིན་ཡོད། འོན་ཀྱང་ཁོང་ཚོའི་ཚོགས་འདུ་དང་། དེ་བཞིན་ཁྲིམས་དང་སྒྲིག་གཞི་མང་པོར་བསྟུན་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ཅེས་གསུངས་སོང་།

ཕྱི་ལོ ༢༠༡༧ ལོར་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོས་ཕྱི་རྒྱལ་གྱི་སློབ་མ་ཚོར་སློབ་ཡོན་སྤར་སྣོན་གྱི་སྲིད་ཇུས་ཤིག་བཟོས་ཏེ། དེ་སྔོན་ཕྱི་གླིང་བའི་སློབ་ཕྲུག་ཅིག་གིས་སྤྱི་ཚོགས་ཚན་རིག་དང་ཚན་རིག་སོགས་ཀྱི་སློབ་ཚན་ལ་ལོ་རེར་ཨ་སྒོར་ ༢༠༠  ཡིན་ཡང་། སློབ་ཡོན་སྤར་སྣོན་བྱས་རྗེས་སྤྱི་ཚོགས་ཚན་རིག་ལ་སློབ་མ་རེ་ཡིས་ལོ་རེར་སློབ་ཡོན་ཁྱོན་ཨ་སྒོར་ ༢༤༠༠  དང་ཚན་རིག་ལ་ཨ་སྒོར་ ༣༤༠༠ བཅས་སྤྲོད་དགོས་བྱུང་ཡོད་སྟབས། ཕྱི་ལོ ༢༠༡༩ ལོ་གཅིག་པུར་མཐོ་སློབ་དེར་བོད་ཕྲུག་ ༤༡ ཚུད་རྒྱུགས་ཀྱི་ལམ་ནས་འདེམས་ཐོབ་བྱུང་བའི་ཁྲོད། སློབ་མ་གྲངས་ ༣ ལས་གཞན་རྣམས་ཀྱིས་སློབ་ཞུགས་བྱེད་ཐུབ་མེད་ཅིང་། ཨབ་གྷ་ནི་སི་ཐན་གྱི་སློབ་མ་གྲངས་ ༡༡ འདེམས་ཐོན་བྱུང་ཡོད་ཀྱང་། སློབ་མ་གྲངས་༢ ལས་གཞན་རྣམས་ཀྱིས་སློབ་ཞུགས་བྱེད་ཐུབ་མེད་པ་རེད་འདུག

སྤྱིར་ནེ་རུ་གཙུག་ལག་སློབ་གཉེར་ཁང་དེ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁུལ་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་རྩེ་གྲས་ཤིག་ཡིན་ཅིང་། བོད་པའི་སློབ་ཕྲུག་མང་པོ་ཞིག་གིས་སློབ་ཆེན་དེར་ཞུགས་རྒྱུར་འབད་འབུངས་བྱེད་ཀྱིན་ཡོད་པ་ལྟར། ད་བར་བོད་ཕྲུག་མང་པོས་སློབ་ཆེན་དེར་འཛུལ་ཞུགས་གནང་ཐབས་བྱས་ཡོད་ཀྱང་། སློབ་ཡོན་སྤར་སྣོན་གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། སྐྱབས་བཅོལ་བོད་མིའི་སློབ་ཕྲུག་མང་པོ་ཞིག་ལ་སློབ་ཡོན་འདང་ངེས་མེད་པའི་དཀའ་ངལ་འོག ཕྱི་ལོ་ ༢༠༢༠ ལོའི་ཐོ་གཞུང་ལྟར་ན། ད་ལྟ་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོར་བོད་ཕྲུག་ ༥ ལས་མེད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

ཆུ་ཚོད་ ༡ སྔོན་ལ།
TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

༢༠༢༦/༠༨/༢༨
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

༢༠༢༦/༠༨/༢༨
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese