མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དམངས་གཙོ་དར་སྤེལ་ཆེད་གསར་འགྱུར་བརྒྱུད་ལམ་གྱི་འོས་འགན་གླེང་བ།

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་དང་བསྟུན་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ཀྱི་དམངས་གཙོ་དར་སྤེལ་ཆེད་གསར་འགྱུར་བརྒྱུད་ལམ་གྱི་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་སོང་།

བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་བོད་མི་མང་སྤྱི་འཐུས་ལས་ཐོག་དང་བོད་དོན་ལས་འགུལ་བསྟི་གནང་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ཚན་པའི་འགན་འཛིན་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ཀྱིས། སྤྱི་ཚོགས་ཤིག་གི་དམངས་གཙོ་གོང་འཕེལ་འགྲོ་བར་གསར་འགྱུར་བརྒྱུད་ལམ་ལ་རང་དབང་དགོས་པ་གལ་ཆེན་ཡིན་པ་དང་། སྤྱི་ཚོགས་དྲ་ལམ་ཤུགས་ཆེར་ཁྱབ་བཞིན་པའི་དུས་སྐབས་སུ་གསར་འགྱུར་བརྒྱུད་ལམ་གྱི་ཤུགས་རྐྱེན་ཇེ་ཆུང་དུ་འགྲོ་བཞིན་ཡོད་སྐོར། དེ་སྔ་ཡིན་ན་གསར་འགྱུར་བརྒྱུད་ལམ་གྱི་གཞི་རྩའི་སྒྲོམ་གཞི་དེ་བར་གནས་ལྟ་བུ་བསྡད་དེ་བདེན་པ་ལ་རྒྱབ་སྐྱོར་མ་བྱས་པར་ཕྱོགས་ཚང་མའི་བསམ་ཚུལ་སྤེལ་གྱི་ཡོད་ནའང་། ད་ལྟའི་དུས་སྐབས་སུ་གསར་འགྱུར་བརྒྱུད་ལམ་གྱིས་མདུན་ལ་ཐོན་ནས་དྲང་བདེན་ལ་བློ་སྟོབས་ཆེན་པོས་རྒྱབ་སྐྱོར་བྱ་དགོས་སྐོར་དང་། སྤྱི་ཚོགས་དྲ་ལམ་གྱིས་རང་ཉིད་ལ་བཀོལ་སྤྱོད་པ་ཇེ་མང་དུ་གཏོང་ཆེད། བཀོལ་སྤྱོད་པ་རྣམས་ལ་རང་གི་ལྟ་བའམ་དགའ་ཕྱོགས་དང་མཐུན་པའི་གནས་ཚུལ་རྣམས་མཁོ་སྤྲོད་མང་བ་བྱེད་ཀྱི་ཡོད་པ་ལས། ལྟ་བ་མི་མཐུན་པའི་གནས་ཚུལ་རྣམས་གང་ཉུང་ཉུང་སྤྲོད་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།

དེའི་རྗེས་བོད་མི་མང་སྤྱི་འཐུས་དང་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་པདྨ་མཚོ་ལགས་ཀྱིས། རང་དབང་དང་རང་བཙན་ལྡན་པའི་རྒྱལ་ཁབ་ཀྱི་གསར་འགོད་པ་དང་བསྡུར་ན། བོད་མིའི་གསར་འགོད་པ་རྣམས་ལ་འགན་ལྷག་མ་ཞིག་ཡོད་ནའང་། མཐུན་རྐྱེན་གྱི་ཆ་ནས་ཞན་པ་ཡོད་སྐོར་དང་། བཙན་བྱོལ་སྤྱི་ཚོགས་ནང་གི་གསར་འགྱུར་བརྒྱུད་ལམ་འདི་དམངས་གཙོའི་ཀ་བ་བཞི་པ་ཡིན་ཟེར་བ་ལྟར། བོད་ནང་གི་གནས་ཚུལ་རྣམས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྐྱེལ་ཐུབ་པ་དང་། བཙན་བྱོལ་ནང་གི་གཞུང་མང་གཉིས་དབར་གྱི་ཟམ་པ་ལྟ་བུའི་ནུས་པ་ཆེ་ཤོས་ཐོན་མཁན་དེ་གསར་འགྱུར་བརྒྱུད་ལམ་ཁག་ཡིན་སྟབས། དོན་དངོས་ཐོག་གསར་འགོད་པ་ཚོས་དམངས་གཙོའི་ཐོབ་ཐང་དང་རང་དབང་རྣམས་སྲུང་སྐྱོབ་དང་ལག་བསྟར་སྔར་ལྷག་བྱ་དགོས་སྐོར་བརྗོད་སོང་།

ཕ་ཡུལ་གསར་ཁང་གི་རྩོམ་སྒྲིག་པ་ཟུར་པ་དང་བོད་ཀྱི་ཐེབས་རྩའི་འགན་འཛིན་གཞོན་པ་ཤེས་རབ་འོད་ཟེར་ལགས་ཀྱིས། ཇེམ་སི་ཧཱ་མི་ཊོན (James Hamilton)ཟེར་བ་ཞིག་གིས་གསར་འགྱུར་བརྒྱུད་ལམ་དང་དཔལ་འབྱོར་དབར་གྱི་འབྲེལ་བའི་སྐོར་གྱི་དཔེ་དེབ་ཅིག་བརྩམས་པའི་ནང་། དེང་སང་གསར་འགྱུར་དེ་དམངས་གཙོ་འཕེལ་རྒྱས་ཀྱི་ལག་ཆ་ཞིག་མིན་པར། གསར་འགྱུར་འབྲི་མཁན་དེ་སོ་སོའི་མདུན་ལམ་ཡར་རྒྱས་གཏོང་འདོད་ཡོད་མཁན་ཞིག་དང་། གསར་ཁང་གི་བདག་པོ་དེ་དཔལ་འབྱོར་གྱི་ཁེ་ཕན་དགོས་མཁན་ཞིག གསར་འགྱུར་ཀློག་མཁན་ཡིན་ནའང་རང་གི་ལྟ་གྲུབ་ལ་ཕན་པ་བཤད་མཁན་ལ་ལྟ་མཁན་ཞིག་ཆགས་ཡོད་སྐོར་གྱི་སྡོམ་ཚིག་ཅིག་བརྒྱབ་ཡོད་པ་དང་། བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ལྟར་ཆགས་ཡོད་མེད་ལ་མ་ལྟོས་པར། སྤྱི་ཚོགས་ནང་ཕྱོགས་ལྷུང་གི་གནས་ཚུལ་ཡོང་གི་ཡོད་པ་དང་། དེ་ལའང་ཕྱོགས་གཅིག་ནས་ལྟ་གྲུབ་ཀྱི་དབྱེ་བ་ཡོང་བཞིན་པ་དེར་གནད་འགག་དེ་ཙམ་མེད་ནའང་། ལྟ་གྲུབ་མི་འདྲ་བའི་རྐྱེན་གྱིས་མི་ཕན་ཚུན་ལ་མི་དགའ་བའི་རྣམ་པ་ཐོན་བཞིན་པ་དེ་གནས་སྟངས་ཞན་པོ་ཡིན་སྐོར་དང་། འདས་པའི་དུས་ཡུན་ནང་བོད་མིའི་སྤྱི་ཚོགས་ནང་འོས་བསྡུ་དང་ཁྲིམས་དཔོན་གྱི་གནས་ཚུལ་ཐོན་སྐབས་ཕན་ཚུན་དབར་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་ཉུང་བ་དང་། མི་དགའ་སར་ཁ་གཏད་གཅོག་ཐབས་སོགས་མང་དུ་ཕྱིན་ཡོད་སྐོར་བརྗོད་སོང་ལ། ཨ་རི་གཙོས་པའི་རྒྱལ་ཁབ་གཞན་ནང་སྤྱི་ཚོགས་དུམ་བུར་འགྲོ་བཞིན་པའི་ཐད་ལ་གསར་ཁང་གིས་འགན་ཆེན་པོ་ལེན་གྱི་ཡོད་ནའང་། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ནང་དེ་ལྟར་ཡོང་གི་མེད་སྟབས། གསར་ཁང་རྣམས་ཀྱིས་སྤྱི་ཚོགས་དུམ་བུར་གྱེས་བཞིན་པའི་ཐད་ལ་འགན་འཁུར་ལེན་དགོས་པ་གལ་ཆེན་དུ་མཐོང་གི་ཡོད་སྐོར་བརྗོད་སོང་།

དེ་བཞིན་རང་དབང་ཅན་གྱི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་དམངས་གཙོ་ཞེས་པ་དེ་མི་མང་དཀྱུས་མའི་ཁེ་ཕན་རྣམས་སྲུང་སྐྱོབ་ཀྱི་ཆེད་དུ་མི་མང་གིས་འོས་བསྡུ་བརྒྱུད་ནས་བཙུགས་པའི་སྲིད་གཞུང་དེ་ཡིན་དགོས་པ་དང་། གསར་འགོད་པར་གཞུང་གི་མི་སྣ་དང་ཆབ་སྲིད་པ་རྣམས་ཀྱིས་མི་མང་གི་ཁེ་ཕན་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་མེད་སྟངས་འཛིན་བྱ་རྒྱུའི་ལས་འགན་ཡོད་སྐོར་དང་། དམངས་གཙོ་ཟེར་བ་དེ་བོད་པའི་འཐབ་རྩོད་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། དམངས་གཙོ་ཞིག་ལག་བསྟར་ཡང་དག་བྱེད་པར་རྒྱལ་ཁབ་ཅིག་དགོས་ཀྱི་ཡོད་པ་དང་། བཙན་བྱོལ་ནང་དམངས་གཙོ་འཛུགས་དགོས་དོན་ཡང་རྒྱལ་ཁབ་ཤོར་བའི་རྐྱེན་གྱིས་ཡིན་པ་དང་། བོད་ཀྱི་དམངས་གཙོ་ཡར་རྒྱས་ཟེར་དུས་ཤུགས་ཀྱིས་བོད་ཀྱི་འཐབ་རྩོད་དང་འབྲེལ་བ་ཆགས་ཡོད་པ་དེར་བསམ་བློ་གཏོང་གལ་ཆེ་སྐོར་བརྗོད་སོང་།

དེ་རྗེས་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ནང་མཚམས་རེར་གསར་འགྱུར་བརྒྱུད་ལམ་ལས་ཀྱང་མང་ཚོགས་ཁྲོད་ནས་བྱུང་བའི་གནས་ཚུལ་རིགས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་དུས་སྐབས་ཤིག་ཡིན་པ་དང་། དུས་སྐབས་འདིའི་ནང་གསར་འགྱུར་བརྒྱུད་ལམ་ཁག་གིས་མི་མང་ལ་གསར་འགྱུར་ཙམ་འདོན་སྤེལ་བྱ་རྒྱུ་མེད་པར། མི་མང་གི་བསམ་ཚུལ་འགྱུར་བ་གཏོང་རྒྱུའི་ཐད་ལ་བསྐྱར་ཞིབ་བྱ་དགོས་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་ཚན་པས་སྲིད་སྐྱོང་སྔ་རྗེས་ཀྱི་ལས་རིམ་གང་ཡོད་མེད་དྲིལ་བསྒྲགས་བྱེད་བཞིན་པའི་རྐྱེན་གྱིས་མང་ཚོགས་ངོས་ནས་དེར་དོ་སྣང་བྱེད་ཤུགས་ཆུང་དུ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་མི་མང་གི་བསམ་ཚུལ་ལས་འོས་འདེམས་བྱས་པའི་མགོ་འཁྲིད་དེ་གལ་ཆེར་བརྩིས་པའི་རྐྱེན་གྱིས། མགོ་འཁྲིད་རྣམས་ཀྱིས་སོ་སོ་མུ་མཐུད་གནས་རྒྱུའི་ཆེད་དུ་མི་མང་བ་རྣམས་ཀྱི་མོས་མཐུན་ཡོད་པའི་གནས་ཚུལ་བཤད་པ་ལས་བོད་ཀྱི་རྩ་དོན་བཤད་ཀྱི་མེད་པའི་དཀའ་ངལ་ཡོད་པར་བརྟེན། བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་མི་མང་གི་བསམ་ཚུལ་བཤད་དེ་སྤྱི་ཚོགས་ནང་ལམ་བུ་གསར་བ་གཏོད་ཐུབ་རྒྱུ་དང་ཕྱོགས་ལྷུང་མེད་པའི་རྣམ་པ་ཐོན་རྒྱུར་འབད་བརྩོན་གནང་དགོས་སྐོར་བརྗོད་སོང་།

གཞན་ཡང་བགྲོ་གླེང་སྐབས་གཏམ་བཤད་པ་རྣམས་ཀྱིས་གསར་འགོད་པས་སྲིད་གཞུང་ཕྱི་གསལ་ནང་གསལ་ཡོང་རྒྱུར་འགན་འཁུར་ཇི་ལྟར་བྱ་དགོས་པ་དང་། བཙན་བྱོལ་བོད་མིའི་གསར་འགོད་པ་རྣམས་ཀྱིས་དམིགས་བསལ་གདོང་ལེན་བྱ་དགོས་པའི་གནད་དོན། དེ་བཞིན་སྤྱི་ཚོགས་ནང་ལྟ་བ་མ་མཐུན་པའི་རྐྱེན་གྱིས་མང་ཚོགས་ནང་གཤོག་ཁག་འགྱུར་བཞིན་པའི་ཐད་གསར་འགོད་པས་ལས་འགན་ཇི་ཡིན་དང་། གསར་འགྱུར་བརྒྱུད་ལམ་རྣམས་ཀྱིས་འགན་འཁུར་ལེན་ཕྱོགས་ཇི་ཡིན་སོགས་ཀྱི་ཐད་ལ་དྲི་བ་དྲིས་ལན་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese