མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ནང་དུ་སྐོར་སྐྱོད་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནས་ཁེ་ན་ཌའི་ནང་ཕེབས་འབྱོར་གྱིས་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་སོགས་གནང་གི་ཡོད་འདུག


Sikyong Penpa Tsering and Zeekyab Rinpoche with Canadian MPs.

ཁ་སང་ཕྱི་ཚེས་ ༣ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་ཁེ་ན་ཌའི་ཁང་ཁྱིམ་དང་སྣ་མང་རིག་གཞུང་གི་བློན་ཆེན་ (Ahmed Hussen) མཆོག་དང་། ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Arif Virani) མཆོག དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཞན་བཞི་དང་། ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞུ་གཏུག་ལས་འཆར་འགན་འཛིན་ (Mehmet Tohti)། ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་སྟོན་པ་ (Herb Davis)ལགས། བྷི་རོག་གཙུག་ལག་སློབ་ཆེན་(Brock University) གྱི་་སློབ་དཔོན་ཆེན་མོའི་ཕྱག་རོགས་ (Charles Burton) ལགས་སོགས་ཆེད་ཕེབས་གནང་ཡོད་འདུག

སྐབས་དེར་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Arif Virani) མཆོག་གིས། སྐུ་མགྲོན་རྣམས་ངོ་སྤྲོད་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་འདུག དེ་རྗེས་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༧པན་ཆེན་རིན་པོ་ཆེ་མཆོག་འཛིན་བཟུང་བཙན་འཕྲོག་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད་འདུག

ཕེབས་བསུའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་སླད་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁེ་ན་ཌའི་གཞུང་མང་གཉིས་ཀྱིས་ཁེ་ན་ཌར་གནས་སྡོད་བྱས་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་གཟིགས་རྟོགས་དང་མཐུན་གྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག་ལ། མཛད་འཆར་ལྟར་ན། ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་སོགས་གནང་གི་ཡོད་འདུག

Tibetans of NY&NJ attends Sikyong’s public address on 1 May 2022.

ཟླ་འདིའི་ཕྱི་ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞི་ཚོགས་ཁང་དུ་ས་གནས་བོད་མི་ཚོར་གསུང་བཤད་གནང་སྐབས། ང་ཚོ་ཚང་མས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་སྐོར་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ༧གོང་ས་མཆོག་གི་མཛད་འཕྲིན་སྐོར་ཤེས་ན་ང་ཚོས་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་རྗེས་སུ་དྲན་ངེས་རེད། ང་ཚོ་དམངས་གཙོ་དང་རང་དབང་ལུང་པའི་ནང་གནས་སྡོད་བྱེད་བཞིན་ཡོད་སྟབས་སྐད་ཆ་ཤོད་སྟངས་དང་དགོངས་ཚུལ་འགྲིག་མ་འགྲིག་ཕྲན་བུ་ཡོང་གི་ཡོད་ཀྱང་། བོད་སྤྱི་པའི་རྩ་དོན་ལ་ཐུག་དུས་བོད་མི་ཚང་མས་མཐུན་སྒྲིལ་གཅིག་གྱུར་གྱིས་འཐབ་རྩོད་བྱེད་ཐུབ་པའི་རེ་བ་བརྒྱག་གི་ཡོད་པ་རེད། ང་ཚོ་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྐོར་ཤེས་རྟོགས་བྱེད་རྒྱུ་གལ་ཆེན་ཆགས་ཡོད་ལ། བོད་བཙན་པོའི་རྒྱལ་རབས་ནས་བོད་སིལ་བུར་འཐོར་བ། ཕག་མོ་གྲུ་པ་དང་། རིན་སྤུངས་པ། སྡེ་པ་གཙང་པ། དགའ་ལྡན་ཕོ་བྲང་བཅས་ཀྱི་འབྱུང་རིམ་དང་། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་སྐོར་འགྲེལ་བཤད་ག་རེ་རྒྱག་གི་ཡོད་མེད་དང་། བོད་པས་སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་སྐོར་འགྲེལ་བཤད་ག་རེ་རྒྱག་གི་ཡོད་མེད། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་བོད་པའི་ལོ་རྒྱུས་སྐོར་འགྲེལ་བཤད་ག་རེ་རྒྱག་གི་ཡོད་མེད་དང་ང་ཚོ་བཙན་བྱོལ་དུ་འབྱོར་བ་སོགས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྐོར་ཤེས་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ང་ཚོ་བཙན་བྱོལ་དུ་འབྱོར་ནས་༸གོང་ས་མཆོག་གིས་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་ནས་བོད་ཀྱི་ངོ་བོ་ཞེས་པ་དེ་བསྐྲུན་གནང་མཛད་ཡོད་སྐོར་གསུངས་ཡོད་འདུག

ད་དུང་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྩ་མེད་གཏོང་གི་ཡོད་པས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཁྲིམས་ལུགས་དབང་འཛིན་དང་ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཀའ་ཤག་དབར་ལྗིད་མཉམ་སྟངས་འཛིན་དགོས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་ཁག་གིས་རང་དབང་གི་སྒོ་ནས་ལས་དོན་གནང་དགོས་ཤིང་། བཀའ་ཤག་སྐབས་བཅུ་དྲུག་པས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཏན་འཇགས་ཐབས་ཇུས་ཚོགས་ཆུང་གསར་འཛུགས་དང་། བདེ་སྲུང་ལས་ཁུངས་ཀྱིས་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་གནང་དགོས་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམས་ཀྱིས་བོད་ནང་གི་གནས་ཚུལ་ལ་ཉམས་ཞིབ་གནང་དགོས། ད་དུང་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་པ་རྣམས་ཀྱིས་རྒྱལ་ཁབ་སོ་སོའི་གཞུང་དང་གྲོས་ཚོགས། བསམ་མཛོད་བསྟི་གནས་ཁང་སོགས་ཀྱི་ནང་བོད་ཀྱི་གནས་ཚུལ་མཁོ་སྤྲོད་དང་ཞུ་གཏུག་གནང་དགོས། མ་འོངས་པར་བཀའ་བློན་ཆ་ཚང་བྱུང་བ་ཡིན་ན། འཛིན་སྐྱོང་བཀའ་ཤག་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་རྒྱལ་ཁབ་ཁག་གི་དཔོན་རིགས་རྣམས་ལ་འབྲེལ་བ་འཛུགས་རྒྱུ། བོད་མིའི་སྒྲིག་འཛུགས་དང་མི་མང་གི་དབར་འབྲེལ་བ་དམ་ཟབ་གཏོང་རྒྱུའི་འགན་གཙོ་བོ་འཁུར་གྱི་ཡིན་སྐོར་དང་། བོད་དོན་ཞུ་གཏུག་ལས་འགུལ་སྐོར་ངོ་སྤྲོད་དང་། བོད་དང་ཨ་རི་བར་གྱི་ཆབ་སྲིད་ཀྱི་འབྲེལ་ལམ་སྐོར་གསུང་བཤད་གནང་བ་དང་། བོད་དོན་ཞུ་གཏུག་སྔར་ལྷག་གཏོང་བར་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་དང་། བོད་རིགས་གཞོན་སྐྱེས་རྣམས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་མཉམ་རུབ་ཀྱིས་འབད་བརྩོན་བྱ་དགོས་པའི་སྐུལ་མ་གནང་ཡོད་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༡༥ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༡༥ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese