མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༡༧༠ ལྷག་ལ་རྩྭ་སའི་བདག་དབང་སྐོར་གྱི་འདྲི་ཞིབ་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མགོ་ལོག་ཁུལ་དགའ་བདེ་རྫོང་ཆུ་འབྲི་སྡེ་བའི་འབྲོག་ཁུལ་དུ་ས་ཁྲིམས་སྐོར་སྐྱོད་ཟེར་བ་བྱས་ཏེ་ལོ་ངོ་ ༥༠ རིང་རྩྭ་ས་བཀོལ་སྤྱོད་བདག་དབང་མི་མང་ལ་ཡོད་ཟེར་བའི་ཡིག་ཆ་དེ་ཕྱིར་བསྡུ་ཡི་ཡོད་པས་དེ་ལ་མོས་མཐུན་མེད་པའི་བོད་མི་ ༡༧༠ ལྷག་ལ་འདྲི་ཞིབ་བྱེད་བཞིན་འདུག

མགོ་ལོག་དགའ་བདེ་རྫོང་ཐོག་གི་མི་མང་ཞིབ་བཤེར། Photo:Tibettimes.net

རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དུ་ལོ་ངོ་ ༥༠ རིང་རྩྭ་ས་བཀོལ་སྤྱོད་བདག་དབང་ས་གནས་མི་མང་ལ་ཡོད་ཟེར་བའི་ས་ཁྲིམས་དེར་བསྐྱར་ཞིབ་བྱས་ནས་དུས་ཡུན་རྫོགས་པ་རྣམས་ཀྱི་བདག་དབང་ཕྱིར་བསྡུ་བྱེད་ཀྱི་ཡོད་སྟབས། མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་ཀྱི་བོད་མི་མང་པོ་ཞིག་གིས་དེ་ལ་མོས་མཐུན་མ་བྱས་པར་བརྟེན། ས་གནས་བོད་མི་ ༡༧༠ ལྷག་ཅིག་ས་གནས་ཉེན་རྟོག་ཁང་དུ་མི་རེ་རེ་བཞིན་འབོད་འགུག་བཀག་སྐྱིལ་བྱས་ཏེ་འདྲི་ཞིབ་བྱེད་བཞིན་འདུག

འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར། དེ་རིང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་ཆུ་འབྲི་སྡེ་བའི་འབྲོག་ཁུལ་དུ་ས་ཁྲིམས་སྐྱོད་སྐོར་ཟེར་བའི་ཁྲིམས་ཀྱི་ལས་འགུལ་སྤེལ་ཏེ། ས་གནས་ཉེན་རྟོག་པ་དང་འབྲེལ་ཡོད་ལས་བྱེད་པ་བཅས་སྡེ་བའི་ནང་དུ་ཡོང་སྟེ། དེ་སྔའི་རྩྭ་སའི་སྐོར་སྐྱོད་ཡིག་ཆ་(རྩྭ་ས་བཀོལ་སྤྱོད་དཔང་ཡིག)ཟེར་བ་དེའི་དུས་ཡུན་རྫོགས་ཡོད་མེད་ལ་ལྟ་ཞིབ་བྱེད་ཀྱི་འདུག གལ་སྲིད་དུས་ཡུན་རྫོགས་ཡོད་ན་ཡིག་ཆ་དེ་གཞུང་ལ་ཕྱིར་སྤྲོད་དགོས་པ་དང་། རྗེས་ཕྱོགས་ས་ཆ་སོ་སོས་མུ་མཐུད་བེད་སྤྱོད་གཏོང་ཆོག་ཀྱང་ས་ཆའི་བདག་དབང་སྲིད་གཞུང་ཁོ་ནར་ཡོད་ལུགས་བཤད་པའི་རྐྱེན་གྱིས།

ས་གནས་མི་མང་གིས་མི་མང་གི་ས་ཆ་མི་མང་ལ་བདག་པ་དང་། དེ་སྔོན་མི་མང་ལ་བདག་པའི་ཡིག་ཆའང་སྤྲད་ཡོད་སྟབས། ད་ལྟ་ཕྱིར་བསྡུ་བྱེད་དགོས་དོན་གང་ཡང་མེད་སྐོར་བརྗོད་སྐབས། གོང་རིམ་གྱི་བཀའ་རྩིས་མེད་བཏང་སྟེ་རྒྱལ་ཁབ་ཀྱི་བདག་དབང་ལ་བསྙོན་འཛུགས་བྱེད་ཀྱི་ཡོད་པའི་ཉེས་མིང་འོག ས་གནས་བོད་མི་ ༡༧༠ ལྷག་དགའ་བདེ་རྫོང་ཉེན་རྟོག་ཁང་དུ་རེ་རེ་བཞིན་འབོད་འགུག་བཀག་སྐྱིལ་བྱས་ཏེ་འདྲི་རྩད་བྱེད་ཀྱི་ཡོད་སྐོར་དང་། འདྲི་ཞིབ་སྐབས་དེ་སྔོན་སྤྲད་པའི་རྩྭ་ས་བཀོལ་སྤྱོད་དཔང་ཡིག་གི་དུས་ཡུན་ཚང་ན་ངེས་པར་དུ་རྒྱལ་ཁབ་ལ་སྤྲོད་དགོས་ཀྱི་ཡོད་པ་དང་། མ་སྤྲད་ན་ཁྲིམས་དང་འགལ་གྱི་ཡོད་པ་སོགས་ངོས་ཟིན་པའི་ཐོག་ནས་མོས་མཐུན་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་བྱུང་།

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྩྭ་ས་བཀོལ་སྤྱོད་དཔང་ཡིག Photo:Tibettimes.net

ཤེས་རྟོགས་བྱུང་བར་གཞིགས་ན། རྩྭ་ས་བཀོལ་སྤྱོད་དཔང་ཡིག་ཟེར་བ་དེ་གཞིར་བཟུང་ནས་ལོ་ངོ་ ༥༠ དུས་ཡུན་རྫོགས་ཟིན་རྗེས་རྩྭ་ས་གཞུང་བསྡུ་ཟེར་བའི་ལས་འགུལ་དེ་སྤེལ་གྱི་ཡོད་པ་དང་། ལས་འགུལ་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་དང་། རྨ་སྟོད་རྫོང་། དགའ་བདེ་རྫོང། དར་ལག་རྫོང་། པད་མ་རྫོང། གཅིག་སྒྲིལ་རྫོང་བཅས་རྫོང་དྲུག་ནང་ལག་བསྟར་བྱས་དང་བྱེད་ཀྱི་ཡོད་འདུག

ཕྱི་ལོ་༢༠༢༡ ཟླ་༡༠ ནང་སྐྱེ་རྒུ་མདོ་ཁུལ་དུའང་རྩྭ་ས་བཀོལ་སྤྱོད་དཔང་ཡིག་ཟེར་བ་དེ་གཞིར་བཟུང་ནས་འབྲོག་པའི་རྩྭ་ས་གཞུང་བསྡུ་བྱ་རྒྱུ་ཡིན་པའི་དྲིལ་བསྒྲགས་བྱས་ཡོད་པ་མ་ཟད། དེ་འབྲེལ་གྱི་ཚོགས་འདུ་རིམ་པར་འཚོགས་ནས་ས་གནས་མང་ཚོགས་ལ་སེམས་འཚབ་ཆེན་པོ་བསླངས་བའི་གནས་ཚུལ་ཐོན་ཡོད་ཀྱང་། ཕྱིས་སུ་གནས་ཚུལ་དེ་དངོས་སུ་ལག་བསྟར་ག་འདྲ་བྱས་ཡོད་མེད་ད་ལྟའི་ཆར་ཤེས་རྟོགས་ཐུབ་མ་སོང་།

མགོ་ལོག་དགའ་བདེ་རྫོང་ཁོངས་ཀྱི་ས་ཁྲིམས་སྐོར་སྐྱོད། Photo:Tibettimes.net

ན་ནིང་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁག་སོ་སོར་རྩྭ་ས་གཞུང་བསྡུའི་དྲིལ་བསྒྲགས་དང་དེ་འབྲེལ་གྱི་ཚོགས་འདུ་རིམ་པར་འཚོགས་ཏེ། རྩྭ་སའི་བདག་དབང་སྐོར་ཀྱི་ལམ་སྟོན་དང་རྩྭ་ས་བཀོལ་སྤྱོད་ཀྱི་བདག་དབང་འཛིན་ཡིག་ཟེར་བའི་ཤོག་གྲངས་༡༧ ཅན་གྱི་ལག་དེབ་དམར་པོ་ཞིག་ཀྱང་འགྲེམས་སྤེལ་བྱས་ཏེ། རྩྭ་ས་ནི་རྒྱལ་ཁབ་ལ་དབང་བར་བརྟེན།  རྒྱལ་ཁབ་ལ་ག་དུས་དགོས་མཁོ་ཡོད་ན། དེ་དུས་རྒྱལ་ཁབ་ཀྱིས་གཞུང་བཞེས་བཏང་ཆོག་པའི་དྲིལ་བསྒྲགས་བྱས་ཡོད་པ་དང་། དུས་ཡུན་ལོ་ ༥༠ ཟིན་རྗེས་རྩྭ་ས་གཞུང་བཞེས་གཏོང་བའི་སྲིད་ཇུས་དེ་ནི་ལོ་རབས་ ༧༠ ནང་རྒྱ་གཞུང་གིས་གཏན་འབེབ་ལག་བསྟར་བྱས་པ་ཞིག་ཡིན་འདུག

སྤྱིར་བཏང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་མང་པོ་ཞིག་རྒྱ་ནག་གཞུང་ཕྱོགས་ནས་དྲིལ་བསྒྲགས་བྱེད་བཞིན་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རང་བྱུང་སྲུང་སྐྱོང་ཁུལ་ཆེན་མོ་ཟེར་བར་ངོས་འཛིན་བྱེད་ཀྱི་ཡོད་སྟབས། འདས་པའི་ལོ་ངོ་འདི་དག་རིང་རྒྱ་ནག་གཞུང་གིས་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་གི་མིང་ཐོག་ནས་ས་ཁུལ་དེའི་འབྲོག་སྡེ་མང་པོ་ས་གནས་གཞན་དུ་བཙན་གྱིས་གནས་སྤོར་དུ་བཅུག་དང་འཇུག་བཞིན་ཡོད་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མིང་ཐོག་ནས་ཕྱུག་དོར་རྩྭ་གསོ་དང་རྩྭ་ཕྱུགས་དོ་མཉམ་ཟེར་བའི་སྲིད་ཇུས་སྤེལ་ནས། འབྲོག་སྡེ་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས་མཉམ་ལས་ཁང་འཛུགས་པ་དང་། འབྲོག་པའི་འཚོ་རྟེན་གཙོ་བོ་རྩྭ་ས་གཞུང་བསྡུ་དང་ཕྱུགས་གྲངས་ལ་ཚོད་འཛིན་བྱས་དང་བྱེད་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་འབྲོག་པ་མང་པོ་ཞིག་ལས་མེད་དུ་གྱུར་ཏེ་སྲིད་གཞུང་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པའི་གནས་སྟངས་སུ་ལྷུང་བཅུག་གི་ཡོད་པ་རེད།

ས་གནས་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༤ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༢༡ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese