མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་ནས་ལྷོ་ཕྱོགས་གཞིས་ཆགས་ཁག་ནང་འཚམས་གཟིགས་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇི་ཊི་ཀུ་མར་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༢༠ བར་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ལྔའི་ནང་འཚམས་གཟིགས་གནང་བཞིན་ཡོད་པ་རེད།

སྐུ་ཞབས་སུ་ཇེ་ཊི་ཀུ་མར་མཆོག་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་གཞིས་ཆགས་ནང་ཕེབས་པ། ༢༠༢༢།༠༥།༡༧ Photo:Tibettimes.net

རྒྱ་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇི་ཊི་ཀུ་མར(Shiri Sujeet Kumar)མཆོག་གིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ནང་འཚམས་གཟིགས་གནང་བཞིན་པ་ལྟར། དེ་རིང་ཕྱི་ཚེས་ ༡༨ ཉིན་མོན་གྷོ་གཞིས་ཆགས་ནང་འཚམས་གཟིགས་གནང་གི་ཡོད་འདུག་ལ། ཁོང་གིས་ཟླ་འདིའི་ཕྱི་ཚེས་༡༥ ཉིན་ནས་ཚེས་༡༩ བར་གྱི་ཉིན་གྲངས་ལྔ་རིང་ཀོ་ལི་གྷལ་དོན་ལྡན་གླིང་ནས་དབུ་འཛུགས་ཀྱིས་ལྷོ་གཞིས་ཁག་ལྔའི་ནང་འཚམས་གཟིགས་གནང་བཞིན་ཡོད་པ་དང་། འཚམས་གཟིགས་སྐབས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་ས་གནས་གཞིས་མགོ་རྣམ་པ། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་བཅས་ལྷན་བཅར་ཞུས་འདུག

ཁ་སང་ཕྱི་ཟླ་༥ ཚེས་༡༧ ཉིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་གཟིགས་སྐོར་གནང་སྟེ་མི་མང་ལ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཁོང་གི་སྔོན་གྱི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྣམ་པས་བོད་དོན་ཐད་འགན་འཁུར་ཆེན་པོ་ལེན་ཡོད་པ་བཞིན་ཁོང་གིས་ཀྱང་འགན་ཆེན་པོ་ལེན་རྒྱུ་ཡིན་སྐོར་དང་། རྒྱ་གར་གྲོས་ཚོགས་ནང་བོད་ཀྱི་གྲོགས་པོ་ཞིག་ཡོད་སྙམ་པའི་འདུ་ཤེས་དེ་ཁོང་ལ་ཡོད་པ་ནང་བཞིན་བོད་མི་ཚོའི་ངོས་ནས་ཀྱང་ཡིད་ཆེས་གནང་དགོས་པ་དང་། བོད་དོན་ཆབ་སྲིད་ཐོག་ནས་ཁོང་གིས་གང་ཐུབ་ཀྱིས་རྒྱབ་སྐྱོར་ཞུ་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་འདུག

ཡང་ཁོང་གིས། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་ཚོས་༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་རཏ་རཏྣ་འབུལ་ལམ་ཞུ་རྒྱུར་གྲོས་ཚོགས་འཐུས་མི་གཞན་དང་ལྷན་དུ་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་ཞེས་དང་། རྒྱ་གར་ལ་ཆ་མཚོན་ན་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་པར་ལོ་ངོ་༢༠༠ལྷག་འགོར་ཡོད་སྟབས། ང་ཚོའི་མི་རབས་འདིའི་ཐོག་བོད་དོན་བདེན་མཐའ་མ་གསལ་ཡང་མི་རབས་རྗེས་མའི་སྐབས་བོད་དོན་བདེན་མཐའ་གསལ་ངེས་ཡིན་པའི་རེ་བ་དང་ཡིད་ཆེས་མ་བརླག་པའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་གསུངས་སོང་།

མང་ཚོགས་ཀྱི་དྲི་བ་ཞིག་ལ་ལན་འདེབས་གནང་སྐབས་རྒྱ་གར་གཞུང་གིས་ད་བར་བོད་དོན་ཐད་རྒྱ་ནག་གཅིག་གི་ལངས་ཕྱོགས་སྲིད་ཇུས་འཛིན་བཞིན་ཡོད་ན་ཡང་སྲིད་བློན་མུ་དྷི་སྲིད་གཞུང་གི་འགོ་ཁྲིད་པའི་སྲིད་གཞུང་གིས་སྲིད་ཇུས་དེར་རིམ་པས་འགྱུར་བ་འགྲོ་རྒྱུའི་རྟགས་མཚན་མཐོང་གི་ཡོད་སྐོར་དང་། ས་མཚམས་ཐད་རྒྱ་དཀར་ནག་གི་ས་མཚམས་མ་ཡིན་པར་འཕགས་བོད་ས་མཚམས་ཞེས་བེད་སྤྱོད་བྱེད་བཞིན་ཡོད་པ་སོགས་གསུངས་སོང་།

སྐུ་ཞབས་སུ་རྗེ་ཊི་ཀུ་མར་མཆོག་ནས་སྦེལ་ཀོབ་གཞིས་ཆགས་ཀྱི་བོད་ཁྱིམ་ནང་འཚམས་གཟིགས་གནང་བ། ༢༠༢༢།༠༥།༡༧ Photo:Tibettimes.net

ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འདི་གའི་གསར་འགོད་པར་ཁོང་ལྷོ་སྤྱིར་མ་བསླེབས་གོང་ལྡི་ལིར་རྒྱ་གར་བོད་དོན་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ལས་ཁུངས་ནང་ཞབས་ཕྱི་ཞུས་སྐབས། འདི་ལོའི་ཕྱི་ཟླ་གཉིས་པའི་ནང་ཁོང་གི་ལས་དྲུང་བརྒྱུད་ནས་ལྷོ་ཕྱོགས་ས་གནས་ལ་བཅར་རྒྱུའི་འཆར་གཞི་ཡོད་སྐོར་འགྲེལ་བརྗོད་བྱུང་བ་དང་ཕྱི་ཟླ་གསུམ་པའི་ནང་ལྷོ་སྤྱིར་བསྐོར་བཞག་བྱུང་རྗེས། ཟླ་འདིའི་ཕྱི་ཚེས་༡༥ ནས་༢༠ བར་ལྷོ་ཕྱོགས་གཞིས་ཆགས་ཁག་ལ་གཟིགས་སྐོར་གནང་རྒྱུ་གོ་སྒྲིག་ཞུས་པ་ཡིན། སུ་ཇེ་ཊི་ཀུ་མར་མཆོག་གིས་ཐེངས་འདིར་ལྷོ་ཕྱོགས་ལ་གཟིགས་ཞིབ་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ནང་འདས་པའི་ལོ་ངོ་དྲུག་བཅུའི་ནང་དམིགས་ཡུལ་དང་པོ་བོད་དོན་བདེན་མཐའ་མ་གསལ་བར་དུ་བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སླད་གོམ་པ་ཇི་ལྟར་སྤོས་ཡོད་མེད་ཤེས་རྟོགས་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

སྐུ་ཞབས་སུ་ཇི་ཊི་ཀུ་མར་མཆོག་ཕྱི་ལོ་༢༠༠༩ ལོར་བོད་ནང་ཕེབས་མྱོང་ཡོད་པ་མ་ཟད། ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐེངས་གསུམ་མཇལ་མོལ་གནང་མྱོང་ཡོད་པ་དང་། སྔ་ལོ ་༢༠༢༡ ལོར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ངོས་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་རྗེས་༢༠༢༡ཕྱི་ཟླ་༡༢ཚེས་༢༢ཉིན་ཁོང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག་གནང་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༦ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese