མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱོགས་ཁག་རྒྱལ་ཁབ་བཞིས་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་རྒོལ་ལན་སྤྲོད་ཕྱོགས་ཐོག་གྲོས་བསྡུར་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལན་ཕྱོགས་ཁག་རྒྱལ་ཁབ་བཞིའི་ལྷན་ཚོགས་ཐོག་རྒྱལ་ཁབ་བཞིས་སྔར་ལས་ལྷག་མཉམ་འབྲེལ་ནུས་པ་སྤུངས་ཏེ་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་བརྟན་སྲུང་གིས་རྒྱ་ནག་གཞུང་གི་དབང་ཤུགས་སྐྱེད་པར་རྒོལ་ལན་སློག་དགོས་སྐོར་གླེང་སློང་གནང་ཡོད་འདུག

Leaders of the Quad nations meet in Tokyo .24/5/22 photo :CNN

དེ་རིང་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ་ཕྱོགས་ཁག་རྒྱལ་ཁབ་བཞི་ (THE QUAD) ཡི་སྲིད་བློན་རྣམས་སྐོང་ཚོགས་གནང་ཏེ།  ཕྱོགས་ཁག་རྒྱལ་ཁབ་བཞིའི་ཉིན་གཅིག་རིང་གི་ནང་མོལ་ཚོགས་འདུ་ཞིག་འཚོགས་འདུག་ལ།  ད་ལན་གྱི་ཚོགས་འདུ་དེའི་སྟེང་རྒྱ་ནག་གཞུང་གིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་སྟོབས་ཤུགས་སྐྱེད་ནས་སིམ་འཛུལ་བྱེད་མུས་ཡིན་པའི་གནད་དོན་དང་། བྱང་ཀོ་རི་ཡིའི་རྡུལ་ཕྲན་མཚོན་ཆ་བཟོ་སྐུན་བྱེད་བཞིན་པའི་སྐོར། ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་གྱི་གནད་དོན་བཅས་ཀྱི་སྐོར་ལ་གླེང་སློང་གནང་ཡོད་འདུག་ལ།   ཕྱི་ལོ ༢༠༢༣ ལོའི་ཕྱོགས་ཁག་རྒྱལ་ཁབ་བཞིའི་ཚོགས་འདུ་གསུམ་པ་དེ་ཨོ་གླིང་དུ་འཚོག་གཏན་ཁེལ་ཡོད་འདུག

གསར་འགོད་ལྷན་ཚོགས་ཐོག་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷའེ་ཌིན་ ( Biden ) མཆོག་གིས། ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པ་དེས་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལ་དོ་ཕོག་ཆེན་པོ་ཞིག་བཟོས་ཡོད་པ་མ་ཟད། ཁྲོམ་གཞུང་དུ་མི་མང་དཀྱུས་མ་མང་པོ་ཞིག་དམར་གསོད་བྱས་ཡོད་པ་དང་། སྐྱབས་བཅོལ་བ་ས་ཡ་མང་པོ་ཞིག་རང་ཁོངས་ནས་བྲོས་དགོས་བྱུང་ཞིང་། མང་པོ་ཞིག་རྒྱང་བུད་དུ་བཏང་ཡོད་པ་རེད། དེ་ནི་ཡུ་རོབ་གཅིག་པུའི་གནད་དོན་ཞིག་གཏན་ནས་མིན་པར་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ་རེད། ཨུ་རུ་སུས་ཡུ་ཀེ་རེན་གྱི་སློབ་གྲྭ་དང་། འགྲེམས་སྟོན་ཁང་། མཆོད་ཁང་སོགས་སུ་གཏོར་རྒོལ་བྱས་ཏེ། ཡུ་ཁེ་རིན་གྱི་རིག་གཞུང་རྩ་གཏོར་གཏོང་ཐབས་བྱེད་ཀྱི་ཡོད་སྟབས། ཨ་རིས་མུ་མཐུད་དུ་རྒྱལ་སྤྱིའི་ཐོག་ནས་ཨུ་རུ་སུར་བརྡ་ལན་སྤྲོད་རྒྱུའི་ཐད་ལས་དོན་གཉེར་རྒྱུ་དང་། ཨུ་རུ་སུའི་ཡུ་ཁེ་རིན་ལ་བཙན་འཛུལ་གྱི་གནད་དོན་དེའི་ཐོག་ནས་ཕྱོགས་ཁག་རྒྱལ་ཁབ་བཞིའི་དམིགས་ཡུལ་དང་རིན་ཐང་མཐོར་འདེགས་གཏང་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་ཡོད་འདུག

ཨོ་གླིང་གི་སྲིད་བློན་གསར་པ་ཨེན་ཐོ་ནི་ཨལ་བྷེ་ནི་སི་ (Anthony Albanese) ལགས་ཀྱིས། སོ་ལོ་མོན་( solomon) གླིང་ཕྲན་ཚུད་པའི་ཞི་བདེ་རྒྱ་མཚོའི་ཁུལ་གི་གླིང་ཕྲན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོ་དང་ལྷན་དུ་འབྲེལ་ལམ་བསྐྱར་གསོ་བྱ་འཆར་ཡོད་པ་དང། ཉེ་ལམ་སོ་ལོ་མོན་གླིང་ཕྲན་ནས་རྒྱ་ནག་གཞུང་གིས་གླིང་ཕྲན་དེའི་རྒྱལ་སྲུང་གི་ཐད་ལ་འགེབ་སྲུང་བྱ་རྒྱུར་གྲོས་ཆོད་ཅིག་བཞག་ཡོད་པས། རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་གི་ས་ཚིགས་ཤིག་གཟུགས་རྒྱུའི་ཉེན་ཁ་མཐོང་གི་ཡོད་སྐོར་དང་། ཁོང་གིས་གནམ་གཤིས་འགྱུར་ལྡོག་ནི་གླིང་ཕྲན་རྒྱལ་ཁབ་ཁག་གི་རྒྱལ་སྲུང་དང་ཚོང་འབྲེལ་སོགས་ཀྱི་ཐད་ནས་གདོང་ལེན་བྱ་དགོས་པའི་གནད་དོན་ཞིག་ཡིན་སྟབས། ཨོ་གླིང་གིས་ཕྱི་ལོ་ ༢༠༣༠ བར་དུག་རླུང་སོགས་ཉུང་འཕྲི་བྱེད་པར་ལས་འགུལ་སྤེལ་མུས་ཡིན་པའི་སྐོར་སོགས་གསུངས་ཡོད་འདུག

 ཉི་ཧོང་གི་སྲིད་བློན་ཧྥི་མི་ཡོ་ཀི་སི་ཌ་(Fumio kishiada) མཆོག་གིས། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པ་དེ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་འགལ་ཡོད་ཅིང་། ང་ཚོས་དེ་འདྲ་བའི་གནད་དོན་ཞིག་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་མི་ཡོང་བར་བྱ་དགོས། གནད་དོན་དེའི་དབང་གིས་་བྱ་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་སུ་ཕྱོགས་ཁག་རྒྱལ་ཁབ་བཞི་ཡིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་རང་དབང་ལྡན་པ་ཞིག་བསྐྲུན་རྒྱུར་ཁས་ལེན་དང་མཉམ་རུབ་བྱ་དགོས་སྐོར་སོགས་གསུངས་ཡོད་འདུག

 དེ་བཞིན་རྒྱ་གར་སྲིད་བློན་མུ་དྷི( Narendra Modi ) མཆོག་གིས། ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་འཕྲད་མུས་ཡིན་པའི་སྐབས་འདིར། ཏོག་དབྱིབས་འགོག་ཁབ་དང་། གནམ་གཤིས་འགྱུར་ལྡོག་གི་ལས་འགུལ། ཚོང་འབྲེལ་སོགས་ཀྱི་ཐད་ལ་མཉམ་འབྲེལ་གྱིས་ལས་དོན་སྤེལ་དགོས། དེས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཕྱོགས་ཁག་རྒྱལ་ཁབ་བཞི་ཡི་སྣང་བརྙན་བསྐྲུན་པར་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་གསུངས་ཡོད་འདུག

 ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པའི་གནད་དོན་ནི་ཕྱོགས་ཁག་བཞི་ཅན་གྱི་རྒྱལ་ཁབ་རྣམས་ཀྱི་མགོ་ཁྲིད་བཞི་ཡི་གླེང་སློང་བྱ་རྒྱུའི་གནད་དོན་གཙོ་བོ་ཞིག་ཆགས་ཏེ། ཨ་རི་དང་། ཉི་ཧོང་། ཨོ་གླིང་སོགས་ཀྱིས་ཨུ་རུ་སུས་ཁྲིམས་མཐུན་མིན་པའི་བཙན་འཛུལ་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཀྱང་། འདས་པའི་ཟླ་ཤས་གོང་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་ཕུད་གཏང་རྒྱུ་འོས་ཤོག་བླུགས་པའི་ཁྲོད། རྒྱ་གར་དང་རྒྱ་ནག་སོགས་བར་གནས་སུ་བསྡད་ཡོད་འདུག རྒྱ་གར་གཞུང་གི་གོ་མཚོན་བརྒྱ་ཆ་ ༥༠ ལྷག་ཨུ་རུ་སུ་ནས་ཉོ་ཡི་ཡོད་པ་དང་། ཨུ་རྒྱ་གཉིས་ལ་ཚོང་གི་འབྲེལ་ལམ་ཡག་པོ་ཡོད་ཀྱང་། རྒྱ་གར་གཞུང་གིས་ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པའི་ཐད་གླེང་སློང་གང་ཡང་བྱས་མེད་སྟབས། གནད་དོན་དབྱེ་ཞིབ་པ་དག་གིས། རྒྱ་གར་ལ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱི་མཐའ་མཚམས་ཁག་ནས་རྙོག་གླེང་མང་པོ་ཞིག་ཡོང་གི་ཡོད་པས། རྒྱ་གར་གཞུང་གིས་ཡུ་ཀེ་རེན་གྱི་གནས་དོན་ལ་སེམས་འཚབ་བྱེད་ཀྱིན་མེད་པར། སོ་སོའི་མཐའ་མཚམས་ཀྱི་ཉེན་ཁར་སེམས་ཁྲལ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་ཀྱང་། ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གིས་ཨ་རི་དང་རྒྱ་གར་གཉིས་ཀྱིས་ཡུ་ཀེ་རེན་དང་འབྲེལ་བའི་གནད་དོན་ཐད་ལ་གྲོས་མོལ་བྱ་རྒྱུའི་རེ་འདུན་བཏོན་ཡོད་འདུག

ཡང་ཕྱོགས་ཁག་རྒྱལ་ཁབ་བཞི་ཡི་ཚོགས་འདུ་དེའི་སྟེང་ལྷོ་ཤར་ཨེ་ཤ་ཡའི་འབར་མ་ ( Myanmar ) ནང་དམག་གིས་བཙན་འཛུལ་བྱེད་མུས་ཡིན་པའི་ཁར། སྣུམ་དང་རླངས་རྫས་ཀྱི་ཁྲལ་ཉུང་འཕྲི་དགོས་པའི་སྐོར་དང་། ཨན་གྷ་ནི་སི་ཐན་ (Afghanistan ) དུ་དྲག་སྤྱོད་རིང་ལུགས་པས་སྲིད་གཞུང་བཙན་འཕྲོག་བྱས་ནས། རྒྱལ་ཁབ་ནང་གི་བུད་མེད་རྣམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་དང་། བུད་མེད་མང་པོ་ཞིག་སློབ་གྲྭར་འགྲོ་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་མ་ཟད། ཁ་ཆེ་བུད་མེད་དག་ཕྱི་རོལ་དུ་ངོ་རས་ངེས་པར་དུ་གྱོན་ནས་འགྲོ་དགོས་པ། དེ་བཞིན་འགྲོ་མིའི་རིགས་ཀྱི་གནད་དོན་དང་འབྲེལ་ནས་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་དང་གྲོས་མོལ་བྱས་ཏེ། བྱང་ཀོ་རི་ཡའི་ནད་ཡམས་ཀྱི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་སྐོར་སོགས་གླེང་སློང་གནང་ཡོད་འདུག

 ཁོ་ཝ་ཊི་ ( Quad ) ནི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྒྱ་གར་དང་། ཉི་ཧོང་། ཨོ་གླིང་བཅས་ཀྱིས་གྲུབ་པའི་ཕྱོགས་ཁག་རྒྱལ་ཁབ་བཞི་ཡི་ཚོགས་སྡེ་ཞིག་ཡིན་ཞིང་།  ཕྱོགས་ཁག་འདི་ནི་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་ཁ་གཏད་གཅོག་མཁན་ཞིག་ཏུ་གྱུར་ཡོད་འདུག   རིམ་གྱིས་ཨེ་ཤ་ཡའི་བྱང་ཆིངས་སྒྲིག་འཛུགས་ (ASIAN NATO) ཞིག་ཏུ་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཕྱོགས་ཁག་རྒྱལ་ཁབ་བཞི་དེས་ཨེ་ཤ་ཡའི་ཁུལ་གྱི་རྒྱ་ནག་གཞུང་གི་དབང་ཤུགས་ལ་འགོག་རྒོལ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་སྲུང་ཆེད་ཡིན་པ་རེད་འདུག འདས་པའི་ལོ་ཤས་རིང་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་རི་དང་ཉི་ཧོང། རྒྱ་གར་བཅས་ནས་དམག་སྦྱོང་བྱས་པར་ཨོ་སི་ཊོ་ལི་ཡ་མཉམ་ཞུགས་བྱས་མེད་ཀྱང་། ཕྱི་ལོ ༢༠༢༠ ལོར་ཨོ་སི་ཊོ་ལི་ཡའི་དམག་དཔུང་ཀྱང་དམག་སྦྱོང་དེར་མཉམ་ཞུགས་བྱས་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༠ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༡ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༤ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese