མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྒྱལ་ཁབ་ ༡༨ ནང་སྤྲེའུ་འབྲུམ་གྱི་ནད་ཡམས་འགོས་ཁྱབ་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ ༡༨ ཀྱི་ནང་དུ་སྤྲེའུ་འབྲུམ་ནད་འབུ་གསར་དུ་འགོས་ཁྱབ་བྱུང་བ་དང་བསྟུན་རྒྱལ་ཁབ་མང་པོ་ཞིག་གིས་ནད་འབུའི་རིགས་ཀྱི་སྔོན་འགོག་གི་སྨན་ཁབ་གྲ་སྒྲིག་དང་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་སོགས་བཏང་ཡོད་འདུག

Monkeypox is similar to smallpox but less severe and less infectious too. SCIENCE PHOTO LIBRARY

ད་ལྟའི་ཆར་འཛམ་གླིང་ནང་ཏོག་དབྱིབས་ཀྱི་ནད་ཡམས་དང་ཡོ་ཁུ་རེན་གྱི་དམག་འཁྲུག་སོགས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་པའི་ཁར། དེ་སྔ་ཨ་ཧྥི་རི་ཁའི་དབུས་དང་ནུབ་ཀྱི་རྒྱལ་ཁབ་ཁག་ནས་མཆེད་པའི་སྤྲེའུ་འབྲུམ་གྱི་ནད་ཡམས་ཤིག་ད་ལྟ་ཨ་རི་དང་ཡུ་རོབ། ཨོ་གླིང་དང་ཨ་རབ་སྤྱི་མཐུན་རྒྱལ་ཚོགས་(UAE) སོགས་འཛམ་གླིང་རྒྱལ་ཁབ་ ༡༨ ཀྱི་ནང་གི་མི་གྲངས་ ༢༣༧ ཙམ་ལ་འགོས་ཁྱབ་བྱུང་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་གཞན་མང་པོ་ཞིག་གིས། ད་ལྟ་ནས་སྤྲེའུ་འབྲུམ་གྱི་ནད་རྟགས་བརྟག་དཔྱད་དང་སྔོན་འགོག་གི་ཉེན་བརྡ་སོགས་བཏང་ཡོད་པ་རེད།

དེ་འབྲེལ་བྷི་བྷི་སི་གསར་ཁང་གི་གནས་ཚུལ་ནང་། སྤྲེའུ་འབུམ་གྱི་ནད་འབུ་དེ་འགོས་ཁྱབ་ཤུགས་ཆེན་འབྱུང་སྲིད་ཀྱང་། མི་མང་བྱིངས་ལ་འགོས་ཁྱབ་ཀྱི་ཉེན་ཁ་ཅུང་ཆུང་བ་ཡོད་སྐོར་ཆེད་མཁས་པས་བརྗོད་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ད་ལྟ་སྤྲེའུ་འབྲུམ་གྱི་ནད་འབུ་གསར་དུ་འགོས་ཁྱབ་བྱུང་བཞིན་པའི་འཛམ་གླིང་རྒྱལ་ཁབ་ཁག་གིས། དུས་ཐོག་གདོང་ལེན་ལག་བསྟར་བྱས་ཚེ་ནད་འབུ་དེ་གཅུན་ཐུབ་ཀྱི་ཡོད་སྐོར་བརྗོད་ཡོད་ཅེས་བཀོད་འདུག

ད་ལྟ་ཨ་རིའི་ནང་སྤྲེའུ་འབྲུམ་ཀྱི་ནད་འབུ་འགོས་ཁྱབ་བྱུང་བཞིན་པ་དང་འབྲེལ་ནས་ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་གིས། འདས་པའི་ལོ་གཉིས་རིང་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འཕྲད་པ་དང་། ད་ལྟ་ནད་འབུ་གསར་པ་ཞིག་འགོས་ཁྱབ་བྱུང་བ་ཡིན་ན་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པས། མི་ཚང་མས་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་དང་། ད་ལྟ་འཇར་མན་གཞུང་གིས་གཉན་འབུར་རིགས་བཅོས་བྱེད་ཀྱི་སྨན་ཁབ་ (Imvanex vaccine) ཁྱོན་ ༤༠༠༠༠ ཙམ་མངག་ཉོ་བྱས་ཏེ། སྤྲེའུ་འབྲུམ་གྱི་ནད་ཡམས་སྔོན་འགོག་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། དེ་མཚུངས་བཞིན་ཧྥ་རན་སིས་ཕྱིར་ཐོན་པའི་རྒྱལ་ཡོངས་ཀྱི་མི་མང་ཁག་ཅིག་ལ་སྔོན་འགོག་གི་སྨན་ཁབ་བརྒྱག་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་འདུག

ཡང་རྒྱལ་སྤྱིའི་གསར་ཁང་(Fortune) གིས་སྤེལ་བའི་གནས་ཚུལ་ལྟར་ན།  ཉེ་བའི་ཉིན་འགའི་རིང་རྒྱ་ནག་གི་ཝེ་པོད་དྲ་ཚིགས་སྟེང་རྗེས་འབྲངས་པ་ས་ཡ་ ༦།༤༡ ཙམ་ཡོད་པའི་རྒྱ་རིགས་ (Shu Chang) ཟེར་བ་ཞིག་གིས། སྤྲེའུ་འབྲུམ་གྱི་ནད་འབུ་དེ་ནི་ཨ་རིའི་སྐྱེ་དངོས་སྒྲིག་སྦྱོར་བྱས་པའི་ནད་འབུ་ཞིག་ཕྱིར་ཤོར་བ་ཡིན་པའི་སྐྱོན་འཛུགས་བྱས་ཡོད་པ་དང་། སྐྱོན་འཛུགས་བརྙན་ཐུང་དེར་ལྟ་གྲངས་ས་ཡ་ ༥༡ ལྷག་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གྱི་གནས་ཚུལ་གཅིག་ཀྱང་སྤེལ་མེད་པ་རེད། ཨུ་རུ་སུའི་སྐྱེ་དངོས་མཚོན་ཆའི་ཆེད་མཁས་པ་སྐུ་ཞབས་ཨ་ལེ་བྷེག་ (Kenneth Alibek) ལགས་ཀྱིས། དུས་རབས་ཉི་ཤུ་བའི་ནང་ནས་བཟུང་ཨུ་རུ་སུས་སྤྲེའུ་འབྲུམ་གྱི་སྐྱེ་དངོས་མཚོན་ཆ་བེད་སྤྱོད་གཏོང་རྒྱུ་གྲ་སྒྲིག་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༡ ལོར་ཨུ་རུ་སུ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཁ་བྲལ་དུ་ཕྱིན་རྗེས་ཡང་མུ་མཐུད་སྤྲེའུ་འབྲུམ་གྱི་སྐྱེ་དངོས་མཚོན་ཆ་ཚོད་ལྟ་བྱས་ཏེ། མ་འོངས་པར་སྐྱེ་དངོས་མཚོན་ཆ་བསྐྲུན་གྱི་ཡོད་སྐོར་སོགས་བརྗོད་ཡོད་པར་བརྟེན། ཉེ་ལམ་གློ་བུར་དུ་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་སྤྲེའུ་འབྲུམ་གྱི་ནད་འབུ་ཁྱབ་གདལ་བྱུང་བ་ནི་ཨུ་རུ་སུས་ཆེད་དུ་འཛམ་གླིང་ནང་སྐྱེ་དངོས་མཚོན་ཆ་བེད་སྤྱོད་གཏོང་གི་ཡོད་པའི་སྐྱོན་འཛུགས་བྱེད་མཁན་ཡང་བྱུང་ཡོད་པ་རེད།

ད་ལྟ་འཛམ་གླིང་མང་པོའི་ནང་གསར་དུ་འགོས་ཁྱབ་བྱུང་བཞིན་པའི་སྤྲེའུ་འབྲུམ་ནད་འབུ་དེ་ནི། ཕྱི་ལོ་ ༡༩༥༨ ལོར་ཡུ་རོབ་རྒྱལ་ཁབ་ཌན་མག་ནང་ཐོག་མར་ངོས་འཛིན་བྱུང་བ་དང་། ཕྱི་ལོ་ ༡༩༧༠ ལོར་དབུས་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁོན་གྷོ་ནང་ཐོག་མར་མིར་འགོས་ཁྱབ་བྱུང་བ་ནས་ད་བར་ཨ་ཧྥི་རི་ཁའི་དབུས་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ ༡༡ ནང་འགོས་ཁྱབ་བྱུང་བཞིན་པའི་ནད་ཅིག་ཡིན་ཡང་། ད་རེས་འཛམ་གླིང་རྒྱལ་ཁབ་གཞན་ནང་གློ་བུར་དུ་འགོས་ཁྱབ་བྱུང་བ་དང་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ཏུ་ཕྱིན་མྱོང་མེད་པའི་མི་ཁག་ཅིག་ལ་ནད་འབུ་འགོས་ཁྱབ་བྱུང་བའི་ཐད་དོགས་སློང་མང་པོ་ཞིག་ཡོང་གི་ཡོད་པ་རེད།

ཆེད་མཁས་པས་གསུངས་པ་ལྟར་ན། སྤྲེའུ་འབྲུམ་དེ་ནི་ནད་འབུས་བཟུང་བའི་སེམས་ཅན་དང་མི་ལ་འབྲེལ་འདྲིས་ཉེ་བོ་བྱུང་བའམ་ཡང་ན་སེམས་ཅན་དེས་སོ་བརྒྱབ་པ་དང་སེན་བྲད། རྨ་ཁ་བཟོས་པ་དང་ཁྲག་དང་སེམས་ཅན་གྱི་ཤ་སོགས་བརྒྱུད་ནས་འགོས་ཀྱི་ཡོད་འདུག་ལ། ནད་རྟགས་ནི་ཚ་བ་རྒྱས་པ་དང་ཟ་འཁྲུག་ལངས་པ། འབུར་དོད་ཐོན་པ། མགོ་ན་བ་དང་ཐང་ཆད་པ། པགས་མདོག་འགྱུར་བ་དང་པགས་བཤུས་ཐེབས་པ་སོགས་ཡོང་གི་ཡོད་པ་ལས་ནད་རྟགས་ཚབས་ཆེན་གྱི་རིགས་གང་ཡང་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༧ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese