མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱའི་སྟེང་དགོངས་པ་རྫོགས།

བོད་ཀྱི་དུས་བབ།
༢༠༢༢/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊིར་རྟེན་གཞི་བྱས་པའི་ར་སྟོད་གྲྭ་ཚང་གི་འབྲེལ་ཡོད་དགེ་འདུན་པ་ཞིག་ལ་བཀའ་འདྲི་ཞུས་སྐབས། ཁ་སང་བཞུགས་སྒར་དྷ་སར་རིན་པོ་ཆེ་དགུང་གྲངས་བརྒྱའི་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས་ཡོད་པ་དང་། ཁོང་ལ་སྙུང་གཞི་གང་ཡང་མེད་པར་ཐུགས་ལྷོད་བཞུགས་ངང་དགོངས་པ་རྫོགས་ཡོད་སྐོར་གསུངས་བྱུང་།

Photo: Nicholas Vreeland

འབྲེལ་ཡོད་དགེ་འདུན་པ་ཁོང་གིས་གསུངས་པ་ལྟར་ན། ར་སྟོད་སྐྱོང་བླ་སྐུ་ཕྲེང་བཅུ་གཅིག་པ་རིན་པོ་ཆེ་མཆོག་ལ་ཕྱི་ལོ་ ༢༠༡༩ ཙམ་ལ་༧གོང་ས་མཆོག་ནས་རྒྱ་གར་ནང་བཞུགས་ཚེ་ལེགས་པོ་ཡོད་པའི་བཀའ་སྩལ་དོན་ལྟར། བཞུགས་སྒར་དྷ་རམ་ས་ལར་བཞུགས་ནས་ལོ་གཉིས་ཡས་མས་འགྲོ་ཡི་ཡོད་པ་དང་། ཞིང་གཤེགས་དམ་པ་ཁོང་གི་བཞུགས་ཡུལ་ནས་༧གོང་ས་མཆོག་གི་ཕོ་བྲང་མཇལ་གྱི་ཡོད་སྟབས། འདས་པའི་ལོ་གཉིས་ཙམ་རིང་ཀིརྟིའི་བྱིས་པ་གྲྭ་ཚང་གི་ཉེ་འཁྲིས་མགྲོན་ཁང་ཞིག་ཏུ་བཞུགས་ཡོད་པ་རེད།

ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༢༣ ལོར་བོད་མདོ་ཁམས་བྲག་གཡབ་ཏུ་སྐུ་འཁྲུངས་ཤིང་། དགུང་གྲངས་ལྔའི་སྟེང་༧གོང་ས་སྐུ་ཕྲེང་ ༡༣ པ་ཆེན་པོས་སྐྱོང་བླ་སྐུ་ཕྲེང་ ༡༠ བའི་ཡང་སྲིད་དུ་ངོས་འཛིན་གནང་།  དགུང་ལོ་ ༦ གི་སྟེང་རབ་ཏུ་བྱུང་ནས་ར་སྟོད་གྲྭ་ཚང་དུ་ཆོས་ཞུགས་གནང་། འབྲས་སྤུངས་དུ་གཞུང་ཆེན་སློབ་གཉེར་གནང་སྟེ་དགུང་ལོ་ ༢༡ ཙམ་ལ་ཕེབས་སྐབས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། ཁོང་བོད་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས་ཡོ་རོབ་དང་ཨ་རི་སོགས་སུ་ཕེབས། འདས་པའི་ལོ་ངོ་ ༣༠ རིང་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་གནང་མཛད། རྒྱ་གར་དུ་མོན་གྷོ་འདོད་དགུ་གླིང་ར་སྟོད་གྲྭ་ཚང་ཕྱག་བཏབ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist