མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལིའི་འཕྲོད་བསྟེན་བློན་ཆེན་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དབུས་གཞུང་གིས་རྒྱལ་ས་ལྡི་ལིའི་འཕྲོད་བསྟེན་བློན་ཆེན་གྱིས་ཧིན་སྒོར་གཱ་རའོ་མང་པོ་ལྐོག་ཟ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་ཀྱང་། ལྡི་ལིའི་སྲིད་དོན་པ་མང་པོ་ཞིག་གིས་དེ་ནི་མུ་དྷིའི་གཞུང་གི་རང་གི་ཆབ་སྲིད་ཀྱི་མངོན་འདོད་སྒྲུབ་ཐབས་ཡིན་པའི་སྐྱོན་བརྗོད་བྱེད་ཀྱིན་འདུག

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་གར་དཔལ་འབྱོར་ལྷན་ཁང་གི་དཔལ་འབྱོར་དང་འབྲེལ་བའི་ཉེས་དོན་ཞིབ་དཔྱོད་ཁང་(ED) གིས།  ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་ཝིན་དྷི་གེ་ཇི་ཝལ་ (Arvind Kejriwal) ལགས་ཀྱིས་སྣེ་ཁྲིད་པའི་རྒྱལ་ས་ལྡི་ལིའི་བློན་ཆེན་བདུན་ལས། འཕྲོད་བསྟེན་དང་འཛུགས་སྐྲུན་སོགས་ཀྱི་བློན་ཆེན་སྐུ་ཞབས་སཱ་ཊེན་དྷར་ཇེན་ (Satyendar Jain) ལགས་ཀྱིས། ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་རང་ཉིད་གཞུང་གི་ལས་བྱེད་ཅིག་ཡིན་པའི་གོ་སྐབས་དང་བསྟུན། ཧིན་སྒོར་གཱ་རའོ་  ༤།༨༡ ཀྱི་མ་དངུལ་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད།

ད་ལྟའི་ཆར་རྒྱལ་ས་ལྡི་ལིའི་འཕྲོད་བསྟེན་བློན་ཆེན་ཁོང་ལ་ཁྲིམས་ཀྱི་ཐག་གཅོད་ག་འདྲ་ཞིག་ཡོང་མིན་གསལ་ཁ་མེད་ཀྱང་། ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་ཝིན་དྷི་གེ་ཇི་ཝལ་ལགས་ཀྱིས་སྣེ་ཁྲིད་ཅིང་ལྐོག་ཟ་རུལ་སུངས་ཚར་གཅོད་ཀྱི་མིང་བྱང་འོག་གསར་འཛུགས་བྱས་པའི་ཨེ་ཨེ་པེ་ (AAP) སྲིད་དོན་ཚོགས་པའི་འཐུས་མི་མང་པོ་ཞིག་གིས། ད་རེས་སྐུ་ཞབས་སཱ་ཊེན་དྷར་ཇེན་ལགས་འཛིན་བཟུང་བྱེད་དོན་ནི་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་དང་འབྲེལ་བ་ཡོད་པས་ཡིན་པ་དང་། དེ་ཡང་སྐུ་ཞབས་སཱ་ཊེན་དྷར་ཇེན་ལགས་ནི་ཨེ་ཨེ་པེ་སྲིད་དོན་ཚོགས་པའི་ཧི་མ་ཅལ་གྱི་འགན་འཛིན་ཡིན་སྟབས། མུ་དྷི་ཡིས་སྣེ་ཁྲིད་པའི་བྷེ་ཇི་ཕེ་སྲིད་དོན་ཚོགས་པས་དབུས་ཞིབ་དཔྱོད་ལས་ཁུངས་སོགས་གང་ལ་གང་འདོད་དུ་བེད་སྤྱད་ཀྱིས་སོ་སོའི་ཆབ་སྲིད་ཀྱི་ཕུགས་མདུན་མངོན་འགྱུར་ཡོང་ཐབས་བྱེད་ཀྱི་ཡོད་སྐོར་སོགས་ལ་སྐྱོན་བརྗོད་བྱས་འདུག་པ་མ་ཟད། ད་སྔ་བར་ཨེ་ཨེ་པེ་སྲིད་དོན་ཚོགས་པའི་འཐུས་མི་མང་པོ་ཞིག་ལ་བྷེ་ཇི་ཕེ་ཡིས་ཉེས་མེད་ཉེས་འཛུགས་གང་ཡོང་བྱས་ནའང་། གྱོད་འཛུགས་རྫུན་མ་ཡིན་པ་དང་ཁུངས་སྐྱེལ་ཐུབ་ཀྱི་མེད་པར་བརྟེན། ད་ཐེངས་འཛིན་བཟུང་བྱས་པའི་འཕྲོད་བསྟེན་བློན་ཆེན་ཁོང་མགྱོགས་མྱུར་ཀློད་གྲོལ་ཡོང་བར་གདེང་ཚོད་ཆེན་པོ་ཡོད་སྐོར་སོགས་བརྗོད་འདུག

ད་ལྟ་རྒྱ་གར་དབུས་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་ཁྲོད་དུ། ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གཞོན་པ་མཱ་ནེ་ཤི་ (Manish Sisodia) ལགས་དང་གྲོས་ཚོགས་འཐུས་མི་ཨ་ཏི་ཤི་ (Atishi)། ཨེ་ཨེ་པེ་སྲིད་དོན་ཚོགས་པའི་འཐུས་མི་ (Saurabh Bharadwaj) སོགས་གནད་ཡོད་མི་སྣ་མང་པོ་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་ཝིན་དྷི་གེ་ཇི་ཝལ་ལགས་ཀྱིས་མཛད་སྒོ་ཞིག་གི་སྟེང་། བྷེ་ཇི་ཕེ་སྲིད་དོན་ཚོགས་པས་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་སཱ་ཊེན་དྷར་ཇེན་ལགས་འཛིན་བཟུང་བྱ་རྒྱུ་ཡིན་པའི་གསང་བའི་གནས་ཚུལ་ཞིག་མཁོ་སྤྲོད་བྱུང་ཡོད་པ་ཡོངས་བསྒྲགས་བྱས་ཡོད་པ་རེད་ལ། སྐུ་ཞབས་ཨར་ཝིན་དྷི་གེ་ཇི་ཝལ་ལགས་ཀྱིས་སྣེ་ཁྲིད་པའི་ཨེ་ཨེ་ཕེ་སྲིད་དོན་ཚོགས་པར་འདི་ལོའི་ལོ་མགོར་པཎ་ཇབ་མངའ་སྡེའི་ནང་འོས་བསྡུར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་། དེ་བཞིན་དུ། འདི་ལོའི་ལོ་མཇུག་ཏུ་འཁེལ་བའི་ཧི་མ་ཅལ་གྱི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད། ཨེ་ཨེ་པེ་སྲིད་དོན་ཚོགས་པར་རྒྱལ་ཁ་ཤུགས་ཆེན་འཐོབ་པར་རེ་བ་ཆེན་པོ་ཡོད་སྐོར་རྒྱ་གར་གྱི་གསར་ལམ་ཁག་ཅིག་གིས་བརྗོད་འདུག

ཐེངས་འདིའི་སྐུ་ཞབས་སཱ་ཊེན་དྷར་ཇེན་ལགས་ཀྱི་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་དེ་ནི། ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་དབུས་ཞིབ་དཔྱོད་ལས་ཁུངས་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཐོ་འགོད་བྱས་པ་ཞིག་ཡིན་པ་དང་། དེ་འབྲེལ་ཐད་དཔལ་འབྱོར་དང་འབྲེལ་བའི་དབུས་ཉེས་དོན་ཞིབ་དཔྱོད་ཁང་(ED) གིས།  ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་སྐུ་ཞབས་སཱ་ཊེན་དྷར་ཇེན་ལགས་གཞུང་གི་སྲི་ཞུའི་ལས་བྱེད་པ་ཡིན་སྐབས། རང་ཉིད་ཀྱི་སྟངས་འཛིན་འོག་ཡོད་པ་དང་མ་དངུལ་གྱི་ཁེ་སྤོགས་ལྡན་པའི་བཟོ་གྲྭ་ཁག་ཅིག་ལ། ངེས་མེད་བཟོ་གྲྭ་དང་ཁྲིམས་འགལ་གྱི་ལམ་ཁ་བརྒྱུད་ཧིན་སྒོར་གཱ་རའོ་ ༤།༨༡ ཙམ་གྱི་ས་ཁང་ཐོ་འགོད་བྱས་ཡོད་པ་དང་། དོན་དངོས་ཐོག་ཁོས་སྒོར་མོ་དེ་དག་སྤྱད་ནས་རྒྱལ་ས་ལྡི་ལིའི་གཡས་གཡོན་ས་ཁུལ་དུ་ས་ཆ་ཉོས་པའམ་ཡང་ན་ས་ཞིང་ཉོས་པའི་དངུལ་གྱི་སྐྱིན་ཚབ་འཇལ་ཡོད། ཅེས་བརྗོད་ཡོད་པ་དང་། དབུས་ཞིབ་དཔྱོད་ལས་ཁུངས་ཀྱིས། སྐུ་ཞབས་སཱ་ཊེན་དྷར་ཇེན་ལགས་ཀྱིས་རང་ཉིད་དང་འབྲེལ་བའི་བཟོ་གྲྭ་དེ་དག་གི་མ་དངུལ་འབོར་ཆེན་དེའི་འབྱུང་ཁུངས་གསལ་བོ་བཤད་རྒྱུ་མེད་སྐོར་བརྗོད་ཡོད་པ་རེད།

ཡང་རྒྱ་གར་བང་ཆེན་གསར་ཁང་གི་གནས་ཚུལ་ནང་། ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ བར་སྐུ་ཞབས་སཱ་ཊེན་དྷར་ཇེན་རང་ཉིད་ཀྱི་མིང་ངམ་ཡང་ན་ནང་མི་སྤུན་ཉེ་ཡི་མིང་དང་མི་གཞན་གྱི་མིང་ཐོག་ཏུ་ཡོད་པའི་བཟོ་གྲྭ་(Prayas Info Solutions)དང་(Akinchan Developers Pvt Ltd)། དེ་བཞིན་(Managalyatan Projects) དང་(Indo-Metal Impex Pvt Limited)བཅས་ངེས་མེད་བཟོ་གྲྭ་བཞི་བརྒྱུད་ཧིན་སྒོར་གཱ་རའོ་  ༤།༦༣ བླངས་ཡོད་པ་དང་། བཟོ་གྲྭ་དེ་དག་གི་མ་དངུལ་གྱི་གསུམ་ཆ་གཅིག་སྐུ་ཞབས་སཱ་ཊེན་དྷར་ཇེན་རང་ཉིད་དམ་ཡང་ན་བཟའ་ཟླར་བདག་གི་ཡོད་སྐོར་བརྗོད་འདུག

རྒྱ་གར་དབུས་ཞིབ་དཔྱོད་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། ད་རེས་ནི་སྐུ་ཞབས་སཱ་ཊེན་དྷར་ཇེན་ལགས་ཀྱིས་ལྐོག་ཟ་རུལ་སུངས་བྱས་པ་ཐོག་མ་མིན་པར། ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་ཁོས་བཟོ་གྲྭ་དེ་དག་བརྒྱུད་ཧིན་སྒོར་གཱ་རའོ་  ༡༡།༧༨ ལྐོག་ཟ་རུལ་སུངས་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༠ ནས་ ༢༠༡༦ བར་ཁོས་ལྐོག་ཟ་རུལ་སུངས་བྱས་པའི་དངུལ་དེ་དག་གིས་ལྡི་ལིའི་གཡས་གཡོན་ས་ཁུལ་བཞི་ནས་ས་ཆ་ཨེར་ཀ་ ༣༢༢ ལྷག་ཉོས་ཡོད་འདུག

ད་ལྟ་དགུང་ལོ་ ༥༧ ཙམ་ཡིན་པའི་སྐུ་ཞབས་སཱ་ཊེན་དྷར་ཇེན་ལགས་ཀྱིས་སྤྱི་ཁྱབ་བློན་ཆེན་ཨར་ཝིན་དྷི་གེ་ཇི་ཝལ་ལགས་ཀྱི་འཛིན་སྐྱོང་འོག རྒྱལ་ས་ལྡི་ལིའི་འཕྲོད་བསྟེན་བློན་ཆེན་སྐབས་གསུམ་རིང་གནང་མྱོང་ཞིང་། ད་ལྟའང་འཕྲོད་བསྟེན་དང་འཛུགས་སྐྲུན། གློག་ཤུགས་སོགས་ཀྱི་བློན་ཆེན་གྱི་འགན་ཁུར་ཞུ་མུས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༨ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese