མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོ་ཉིན་གྲངས་གསུམ་རིང་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོའི་ཐོག་༧གོང་ས་མཆོག་གིས་ཇོ་ནང་པར་དང་པོའི་སངས་རྒྱས་ལས་ཕྱུང་བའི་སྦྱོར་དྲུག་གི་རྨང་གཞི་བཟང་པོ་ཡོད་པ་འདི་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་རྣམ་པར་དག་པ་མཛད་དེ་དུས་འཁོར་སྦྱོར་དྲུག་གི་སྒོམ་གྲྭ་ཞེས་མིང་ཐོགས་པ་ཇི་བཞིན་རིགས་གཅིག་རྐང་འཛིན་གྱིས་མིང་དོན་མཚུངས་པ་ཞིག་གནང་གལ་ཤིན་ཏུ་ཆེ་བའི་གསུང་འཕྲིན་སྩལ་འདུག

ཕྱི་ཚེས་ ༡༤ ནས་ཉིན་གསུམ་རིང་ཇོ་ནང་དུས་འཁོར་སྒྲུབ་ཁང་ཆེན་མོའི་ཚོགས་ཁང་དུ་དུས་འཁོར་བགྲོ་གླེང་ཆེན་མོ་འཚོག་བཞིན་པ།

ཁ་སང་ཕྱི་ཚེས་ ༡༤ ནས་ཉིན་གསུམ་རིང་གོ་པལ་པུར་དུ་རྟེན་གཞི་བྱས་ཡོད་པའི་ཇོ་ནང་དུས་འཁོར་སྒྲུབ་ཁང་ཆེན་མོའི་ཚོགས་ཁང་དུ། ཀུན་མཁྱེན་དོལ་པོ་སངས་རྒྱས་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༦༦༠ འཁོར་བའི་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོ་དབུ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་བློ་བཟང་བསྟན་པའི་མཚན་མཆོག དེ་བཞིན་མཁན་ལས་ཟུར་དང་བགྲོ་གླེང་གནང་མཁན་ཆོས་བརྒྱུད་ཁག་གི་སྐུ་ཚབ་གཉིས་རེ་བཅས་ཕེབས་ཡོད་འདུག

བགྲོ་གླེང་གོ་སྒྲིག་ཚོགས་པའི་ཚོགས་གཙོ་སློབ་དཔོན་ལྷ་སྐྱབས་ལགས་ཀྱིས་འདི་གའི་གསར་འགོད་པར། འདི་ལོར་གངས་ཅན་ལྗོངས་སུ་མདོ་སྔགས་ཟུང་འབྲེལ་གྱི་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་ཀུན་མཁྱེན་དོལ་པོ་སངས་རྒྱས་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༦༦༠ འཁོར་བའི་བཀའ་དྲིན་རྗེས་དྲན་ཞུ་ཆེད། ༧སྐྱབས་རྗེ་ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ཐུགས་འགན་ཆེ་བཞེས་འོག  འདི་ག་ཇོ་ནང་དུས་འཁོར་གྲྭ་ཚང་གི་བགྲོ་གླེང་བཀོད་སྒྲིག་ལྷན་ཚོགས་ཀྱིས་འཕགས་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་ཀྱིས་ཉམས་བཞེས་ཕྱག་ལེན་གནང་བཞིན་པའི་རྒྱུད་ཀྱི་རྒྱལ་པོར་གྲགས་པའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཉིན་གྲངས་གསུམ་རིང་འཚོགས་བཞིན་ཡོད་སྐོར་གསུངས་བྱུང་།

ཕྱི་ཚེས་ ༡༤ ནས་ཉིན་གསུམ་རིང་ཇོ་ནང་དུས་འཁོར་སྒྲུབ་ཁང་ཆེན་མོའི་ཚོགས་ཁང་དུ་དུས་འཁོར་བགྲོ་གླེང་ཆེན་མོ་འཚོག་བཞིན་པ།

ཡང་ཁོང་གིས། དཔལ་མཆོག་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གང་གི་དབང་དུ་བྱས་ཀྱང་གྲངས་གནས་དྲུག་ཅུ་འདི་ནི་ཆེས་གལ་ཆེ་བའི་གྲངས་གནས་ཤིག་ཡིན་པ་སོགས་ཀྱིས་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་ལོ་འདི་ཀུན་མཁྱེན་དུས་གསུམ་སངས་རྒྱས་རྗེས་དྲན་གྱི་ལོར་གཏན་ཁེལ་གནང་བ་ཞིག་ཡིན་པ་དང་། ཡང་སྒོས་སུ༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༤ བར་སྨིན་སྩོལ་བཀའ་དྲིན་བསྐྱངས་ཤིང་། ཡང་ནས་ཡང་དུ་རྒྱུད་སྡེ་འདི་ཉིད་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་དགོས་པའི་བཀའ་དགོངས་ཟབ་མོ་སྒྲུབ་པ་སོགས་ཀྱི་ཆེད། ད་ལན་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་ཐུབ་པ་ནི། ཀུན་མཁྱེན་དོལ་པོ་སངས་རྒྱས་མ་ཟད་རིས་སུ་མ་ཆད་པའི་དཔལ་དུས་ཀྱི་འཁོར་ལོའི་བསྟན་པར་ཕྱག་རྗེས་རྨད་དུ་བྱུང་བ་འཇོག་གནང་མཁན་གྱི་སྐྱེས་ཆེན་དམ་པ་དེ་དག་ལའང་རང་བཞིན་གྱིས་རྗེས་དྲན་དུ་འགྲོ་བས། དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་འདི་ལ་བརྟེན་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་ཏུ་དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། རྒྱུད་སྡེ་འདི་ལ་གསན་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གནང་མཁན་གྱི་སྐྱེས་ཆེན་དམ་པ་རྒྱུན་མི་ཆད་པར་བྱོན་སླད་སོགས་ཀྱི་ཆེད་དུ་དམིགས་ནས་བགྲོ་གླེང་འདི་ཉིད་གོ་སྒྲིག་ཞུས་པ་ཡིན། ཞེས་གསུངས་བྱུང་ལ། མ་འོངས་པར་རིས་མེད་ཀྱི་བགྲོ་གླེང་དང་འབྲེལ་བའི་བོད་ཕྱི་ནང་གི་དཔྱད་རྩོམ་གྱི་དེབ་ཅིག་ཀྱང་པར་སྐྲུན་གནང་འཆར་ཡོད་སྐོར་གསུངས་བྱུང་།

༧ གོང་ས་རྒྱལ་བ་རིན་པོ་མཆོག་གིས་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོར་སྩལ་བའི་བཀའ་ཡིག་ནང་། ཀུན་མཁྱེན་དོལ་པོ་བ་དགོངས་པ་རྫོགས་ནས་ལོ་ ༦༦༠ འཁོར་བའི་དུས་ཚིགས་བཀའ་དྲིན་རྗེས་དྲན་ཞུ་བའི་ལོ་འདིར། ཕྱི་ནང་གཞན་གསུམ་གྱི་བདག་ཉིད་ཅན་གདོད་མའི་མགོན་པོ་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གྱི་བསྟན་པ་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་ཆེད་ཆོས་བརྒྱུད་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་མང་པོ་གདན་ཞུས་ཀྱིས་ཉིན་གསུམ་རིང་བགྲོ་གླེང་གནང་འཆར་ལ་ལེགས་སོ་ཡི་རང་གི་བསྔགས་བརྗོད་དང་འབྲེལ་ཚོགས་ཞུགས་པ་ཚང་མར་འཚམས་འདྲི་ཞུ། ད་རེས་ངོས་རང་ངོ་བཅར་མ་ཐུབ་ཀྱང་ཞུ་འདོད་པ་གཅིག་ལ། བདག་ཅག་གི་སྟོན་པ་ཟས་གཙང་སྲས་དགུང་ལོ་སོ་དྲུག་ལ་ཕེབས་སྐབས་འཕགས་ཡུལ་གྱི་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་གཙོ་བོར་གྱུར་པའི་དག་པའི་འཁོར་ཐུན་མོང་མ་ཡིན་པ་རྣམས་ཀྱི་ངོར་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཐོག་མར་གསུངས་ཤིང་། དུས་ཕྱིས་འཕགས་ཡུལ་གྱི་དུས་ཞབས་པ་ཆེན་པོ་འཇམ་དཔལ་རྡོ་རྗེ་ཤམ་བྷ་ལར་བྱོན་ནས་རིགས་ལྡན་དངོས་དང་མཇལ་སྟེ་དུས་ཀྱི་འཁོར་ལོའི་དབང་ལུང་མན་ངག་ཡོངས་སུ་རྫོགས་པ་གསན་པ་དང་། དེ་ཡང་འགའ་ཞིག་ཐུགས་ངོར་བཟུང་ཞིང་། འགའ་ཞིག་གླེགས་བམ་དུ་བྲིས་ཏེ་འཕགས་ཡུལ་དུ་གདན་དྲངས་པ་ནས་བཟུང་དུས་འཁོར་གྱི་བསྟན་པ་དར་མགོ་ཚུགས་པ་དང་། སྤྱིར་ན་དུས་འཁོར་གྱི་རྩ་རྒྱུད་ལ་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་ཀྱང་བོད་དུ་གཅིག་སྟེ་དབང་མདོར་བསྟན་མ་གཏོགས་མ་འགྱུར། འོན་ཀྱང་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་མཁས་གྲུབ་དམ་པ་མང་པོས་དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་ཉམས་བཞེས་གནང་སྟེ་དར་ཁྱབ་ཆེན་པོ་བྱུང་ཡོད། ཅེས་གསུངས་འདུག

ཡང་མགོན་པོ་གང་ཉིད་ཀྱིས། ལྷག་པར་ཇོ་ནང་པར་དང་པོའི་སངས་རྒྱས་ལས་ཕྱུང་བའི་སྦྱོར་དྲུག་གི་རྨང་གཞི་བཟང་པོ་ཡོད་པ་འདི་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་རྣམ་པར་དག་པ་མཛད་དེ། དུས་འཁོར་སྦྱོར་དྲུག་གི་སྒོམ་གྲྭ་ཞེས་མིང་ཐོགས་པ་ཇི་བཞིན་རིགས་གཅིག་རྐང་འཛིན་གྱིས་མིང་དོན་མཚུངས་པ་ཞིག་གནང་གལ་ཤིན་ཏུ་ཆེ་བའི་གཞེན་སྐུལ་དང་། ད་རེས་ཀྱི་བགྲོ་གླེང་འདི་ཐོག་དཀའ་གནད་ཀྱི་མདུད་རྒྱ་ལྷུག་པོར་གྲོལ་ཞིང་སྦྱོར་དྲུག་གི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པའི་སྨོན་ལམ་ཞུ། ཞེས་གསུངས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༦ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese