མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟློས་གར་གྱི་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་བསྡུས་སོང་།

འདི་ལོ་ཡང་རྔོན་པ་རུ་ཁག་གིས་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་རྒྱལ་ཁ་བླངས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོ་ཡང་རྔོན་པ་རུ་ཁག་གིས་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་རྒྱལ་ཁ་བླངས་སོང་།

རྒྱ་ལུ་རུ་ཁག་ལ་རྐང་བྲོ་གླུ་གཞས་འགྲས་བསྡུར་གྱི་རྒྱལ་ཁ་ཐོབ། པར་དབང་། tibettimes.net

ཁ་སང་ཕྱི་ཚེས་ ༡༥ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༣ འཁོར་བའི་དུས་དྲན་དང་བསྟུན། རྔོན་པ་རུ་ཁག་དང་རྒྱ་ལུ་རུ་ཁག་དབར་དབྱར་སྐྱིད་ཀྱི་རྐང་བྲོ་གླུ་གཞས་དང་གཏམ་བརྗོད་ཀྱི་འགྲན་བསྡུར་བསྡུས་པའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་ཏེ། མང་ཚོགས་ངོས་ནས་འདི་ལོའི་དབྱར་སྐྱིད་ཀྱི་གཏམ་བརྗོད་ཀྱི་གོ་བ་ལེན་ཐུབ་པ་བྱས་ཏེ་བོད་ཀྱི་རྩ་དོན་དང་བོད་སྤྱི་པའི་དོན་ལ་ལས་ཀ་བྱ་དགོས་སྐོར་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཞབས་ལོ་ ༢༥ ལྷག་ཞབས་ཕྱི་ཞུ་མཁན་ཁོང་རྣམ་པ་(ཟློས་གར་གྱི་ལས་བྱེད་)ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒན་རབས་ཚོས་དཀའ་ལས་བརྒྱབ་མེད་ན་ད་ལྟའི་མི་རབས་ལ་གོ་སྐབས་འདི་ཡོང་རྒྱུ་མེད་པ་གསལ་པོ་རེད། དེ་ཡིན་དུས་རྒན་རབས་ཚོས་སྐུ་ལས་བསྐྱོན་བཞག་པ་ད་ལྟ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་བཞེས་གནང་མཁན་དང་། སྔོན་མ་ནས་ཕྱག་ལས་གནང་ནས་(སྐུ་བརྙན་)བཞེས་གནང་མཁན་ཚང་མ་ལ་བཀའ་ཤག་སྐབས་བཅུ་དྲུག་པ་དང་ང་རང་སྒེར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུའི་འདོད་པ་བྱུང་སོང་། དབྱར་སྐྱིད་ཀྱི་ལས་རིམ་འདི་ལོ་གཅིག་ནང་ལ་ཚང་མས་སྒུག་སྡོད་རྒྱུ་ཞིག་རེད། ལྷག་པར་དུ་རོལ་དབྱངས་དང་ཟློས་གར་ལ་དགའ་པོ་ཡོད་མཁན་ཚོས་དུས་རྒྱུན་དུ་ནས་གསར་པ་འདྲ་བོ་ག་རེ་ཡོད་ན་ཞེས་སྒུག་བསྡད་རྒྱུའི་གནས་སྟངས་ཤིག་རེད། དེ་ནས་ད་ལོ་ཡིན་ནའང་ཚང་མས་སོ་སོའི་ནུས་པའི་རྩལ་སོགས་བསྟན་ནས། གཏམ་བརྗོད་ལྟ་བུ་ཡིན་ན་གཉིས་ཀས་ཡག་ཐག་ཆོད་བསྟན་སོང་བསམ་སོང་། མིག་ཆུའང་ཏོག་ཙམ་འཁོར་བྱུང་། དངོས་ཡོད་གནས་ཚུལ་རེད། ང་རང་ཚོ་འདིར་ཡོད་མཁན་ཚང་མས་དགོངས་པ་བཞེས་དགོས་རྒྱུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད་བསམ་གྱི་ཡོད། རྒྱ་ཆེའི་མང་ཚོགས་ངོས་ནས་བསམ་བློ་གཏང་དགོས་པ་ཆགས་ཀྱི་རེད། སྤྱིར་བཏང་ལས་རིམ་འདི་རྗེས་ལ་ཁོང་ཚོས་འགྲེམས་ཚོང་བྱེད་ཀྱི་ཡོད་པར་བརྟེན། མང་ཚོགས་ནང་ལོགས་ལའང་བལྟ་རྒྱུའི་གོ་སྐབས་ཏན་ཏན་ཡོང་གི་རེད། གཏམ་བརྗོད་གཉིས་ཀྱི་གོ་བ་དེ་མང་ཚོགས་ནང་ལ་ལོན་པའི་ཐོག་ནས་མང་ཚོགས་ཀྱི་ངོས་ནས་ཡིན་ནའང་ང་ཚོའི་རྩ་དོན་གྱི་ལས་ཀ་བྱ་རྒྱུ་དང་། བོད་སྤྱི་པའི་དོན་ལ་ལས་ཀ་བྱ་རྒྱུའི་ཕྱར་གྲུ་མཉམ་འདེགས་དང་ནུས་པ་མཉམ་སྤུངས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དེ་བསྟན་པ་རེད། ང་ཚོ་ལས་ཀྱི་སྣེ་མོ་བར་བཤད་མི་དགོས་པ་རེད། ཅེས་གསུངས་སོང་།

སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གསུང་བཤད་གནང་བཞིན་པ། པར་དབང། tibettimes.net

ཡང་སྲིད་སྐྱོང་མཆོག་གིས་ཟློས་གར་གྱི་འགན་འཛིན་བསྐོ་ཕྱོགས་ཐད་ལ་བཀའ་ཤག་གི་དགོངས་པ་གང་འདྲ་ཡོད་མེད་ཐད། ཟློས་གར་གྱི་འགན་འཛིན་གསར་པ་དོན་གྲུབ་ལགས་བསྐོ་གཞག་བྱས་རྗེས་དུས་ཡུན་ཞེ་དྲག་འགྲོ་ཡི་མེད། བར་ལམ་ཞིག་ནས་ང་ཚོར་ཟློས་གར་འགན་འཛིན་བསྐོ་རྒྱུ་དེ་ལ་བར་ཆད་ལྟ་བུ་འཕྲད་གྱིན་བསྡད་རྗེས་ཟླ་བ་ཁ་ཤས་ཕྱིན་སོང་། ད་ལྟ་དོན་གྲུབ་ལགས་བསྐོ་གཞག་བྱུང་རྗེས་འཛིན་སྐྱོང་གི་ལས་དོན་ཡག་ཐག་ཆོད་ཡོང་རྒྱུར་ང་ཚོས་རེ་བ་ཞུ་ཡི་ཡོད། དེ་ནས་རིག་གཞུང་གི་ལས་དོན་དེ་དག་རིག་གཞུང་དང་འབྲེལ་བའི་ལས་བྱེད་ཀྱིས་བྱེད་དགོས་པའི་གནད་དོན་རེད། མ་འོངས་པར་བཀའ་ཤག་གིས་བསམ་བློ་གཏོང་སྟངས་དེ། སྒྲིག་འཛུགས་གང་འདྲ་ཞིག་ཡིན་ནའང་། ལྷག་པར་དུ་རིག་གཞུང་དང་འབྲེལ་བ་ཡོད་ན་རིག་གཞུང་གི་ཚན་པ་དེའི་ལས་ཀྱི་སྣེ་མོ་བས་འགན་འཁྱེར། འཛིན་སྐྱོང་དེ་ཟློས་གར་ཟུར་པ་དང་ཟློས་གར་ནང་ལོགས་ལ་ཡོད་མཁན་མང་ཆེ་བས་རེ་བ་དེ་ག་རང་རྒྱག་གི་འདུག འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་དེ། འཛིན་སྐྱོང་གི་ལས་དོན་དེ་བོད་མིའི་སྒྲིག་འཛུགས་རང་ནས་གཏོང་ཐུབ་ན་ཡག་པོ་འདུག་ཅེས་གསུང་(གི་འདུག) ང་ཚོའི་རྒན་ལགས་ཟུར་པ་ཚོས་ཀྱང་བརྡ་གཅིག་བཏང་གནང་སོང་། བརྡ་དེ་གོ་བརྡ་འཕྲོད་སོང་ཞུ་རྒྱུ་ཡིན། མ་འོངས་པར་ང་ཚོས་ཟློས་གར་གྱི་ལས་དོན་གང་བྱས་པ་ཡིན་ནའང་། ཟློས་གར་ཟུར་པ་དང་རྒན་པ་ཚོ་མཉམ་དུ་འབྲེལ་བ་མུ་མཐུད་ནས་གཞག་རྒྱུ་དང་། དེ་ཚོའི་ཐོག་ནས་ཟློས་གར་ཟུར་པ་དང་རྒན་པ་ཚོས་མཐུན་འགྱུར་གནང་རྒྱུ་ཡོད་ན་གོ་སྐབས་ག་དུས་ཡིན་ནའང་བཟོ་ཆོག་གི་རེད། ཅེས་གསུངས་སོང་།

རྒྱ་ལུ་རུ་ཁག་གི་ཀརྨ་བློ་བཟང་ཉི་མས་རྐྱང་གཞས་གཏོང་བཞིན་པ། པར་དབང་། tibettimes.net

འདི་ལོའི་དབྱར་སྐྱིད་ཀྱི་རྐང་བྲོ་གླུ་གཞས་ཀྱི་འགྲན་བསྡུར་ཀྱི་གཟུ་དཔང་ནི་རྫོང་གསར་བཤད་གྲྭ་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མའི་ངེས་སྟོན་པ་རྒན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་དང་། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ཟུར་པ་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས། བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་ཟུར་པ་དང་གཞས་པ་ཚེ་རིང་བློ་གྲོས་ལགས་བཅས་གསུམ་ཡིན་ཞིང་། འགྲན་བསྡུར་ཁྲོད་རྐྱང་གཞས་དང་འཁྲབ་གཞས་ཁག་གཉིས་བཅས་ཚན་པ་གསུམ་ཀར་རྔོན་པ་རུ་ཁག་ལ་ཨང་དང་པོ་ཐོབ་པ་དང་། གཏམ་བརྗོད་ཐད་རུ་ཁག་གཉིས་ལ་ཨང་རིམ་གཅིག་མཚུངས་ཐོབ་སྟེ། ཁྱོན་བསྡོམས་ཨང་གྲངས་ ༣༠༠ ནས་རྒྱ་ལུ་རུ་ཁག་ལ་ཨང་གྲངས་ ༢༣༠ དང་། རྔོན་པ་རུ་ཁག་ལ་ཨང་གྲངས་ ༢༣༦ ཐོབ་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Front Slider

ཀརྨ་པདྨ་རྡོ་རྗེ་ལགས་དང་ལྷན་དུ་བོད་ཡིག་བོད་སྐད་ག་འདྲ་སྦྱོང་བཞིན་ཡོད་པའི་སྐོར་ལ་གླེང་མོལ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་སྟེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་འོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ།

ཆུ་ཚོད་ ༢༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོག་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།
Mobile App

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོགས།

༢༠༢༥/༡༡/༠༡
Mobile App

གོ་སྟོན་རྒྱལ་ཡོངས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་འདུག

༢༠༢༥/༡༡/༠༡
Sikyong Penpa Tsering met with former U.S. Special Coordinators for Tibetan Issues. Photo Credit: Sikyong Penpa Tsering's FB Page.
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོར་ཐུག་འཕྲད་གནང་།

༢༠༢༥/༡༡/༠༡
Mobile App

མགོ་ལོག་གི་རྒྱལ་ལོ་དོན་འགྲུབ།

༢༠༢༥/༡༠/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese