མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲུག་ཡུལ་དུ་ཕྱི་ནང་གི་བཙུན་མ་ ༡༤༤ ལ་བོད་བརྒྱུད་ནང་བསྟན་གྱི་དགེ་སློང་མའི་སྡོམ་པ་འབོག་ཆོག་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༡ ཉིན་འབྲུག་གི་སྤ་གྲོར་ཆགས་པའི་ར་མོ་ཐང་ཀ་དགོན་པར་ཡུལ་དེའི་དབུ་བླ་རྗེ་མཁན་པོ་མཆོག་གིས་འབྲུག་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡིན་པའི་བཙུན་མ་ ༡༤༤ ལ་དངོས་སུ་བོད་བརྒྱུད་ནང་བསྟན་གྱི་དགེ་སློང་མའི་སྡོམ་པ་གནང་ཡོད་པའི་གནས་ཚུལ་སྤེལ་རྗེས་དགེ་སློང་མའི་སྡོམ་ཁྲིམས་སྐོར་ལ་བསམ་ཚུལ་མི་མཐུན་པ་མང་པོ་ཡོང་བཞིན་འདུག

དགེ་སློང་མའི་སྡོམ་པ་འབོག་ཆོག་གི་མཛད་སྒོ། འབྲུག་གཞུང་གྲྭ་ཚང་གི་པར།

དེ་ཡང་འབྲུག་གི་དགོན་སྡེ་ཁག་གི་ཆེས་མཐོའི་ལས་ཁུངས་གཞུང་གྲྭ་ཚང་ཞེས་པའི་ངོ་དེབ་སྟེང་དགེ་སློང་མའི་སྡོམ་པ་འབོག་ཆོག་གི་མཛད་སྒོའི་པར་རིས་དང་གནས་ཚུལ་འཁོད་ཡོད་ཅིང་། མཛད་སྒོར་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡུམ་ཨ་ཞེ་ཚེ་རིང་དབྱངས་སྒྲོན་དབང་ཕྱུག་ལགས་དང་། ཚོགས་ཀྱི་སློབ་དཔོན་བཅས་ཀྱང་ལྷན་འཛོམས་གནང་ཡོད་སྐོར་འཁོད་འདུག སྤྱིར་ཉེ་ཆར་འབྲུག་ཨ་ཎེ་གཞི་ཚོགས་ཞེས་པའི་ཚོགས་པ་དེས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྐྱབས་རྗེ་རྗེ་རིན་པོ་ཆེ་མཆོག་གིས་བསྟན་པའི་མེ་རོ་སླར་གསོ་བའི་ཆེད་དུ་ཐུགས་དགོངས་བླ་ན་མ་མཆིས་པ་ཞིག་བཞེས་ཏེ་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་དགེ་སློང་མའི་སྡོམ་པ་གནང་གཏན་ཁེལ་སོང་བས། དགེ་སློང་མའི་སྡོམ་པ་ཞུ་འདོད་ཡོད་པ་རྣམས་ཀྱིས་ཚོགས་པ་དེར་འབྲེལ་གཏུག་བྱ་དགོས་སྐོར་འཁོད་ཡོད་འདུག

ཆོས་དོན་གསར་འགྱུར་ (Religion News Service) ཟེར་བའི་དྲ་རྒྱའི་ཐོག་དེའི་སྐོར་གནས་ཚུལ་འཁོད་པའི་ནང་། ད་ལན་དགེ་སློང་མའི་སྡོམ་པ་ཞུ་མཁན་ཁོངས་སུ་ཡོད་པའི་འཇར་མན་གྱི་བུད་མེད་བྱམས་པ་ཚེ་སྒྲོན་ཞེས་པ་ཞིག་གིས། དེ་རིང་དགེ་སློང་མའི་སྡོམ་པ་འབོག་ཆོག་གི་མཛད་སྒོ་དེ་ནི་ནང་བསྟན་ཆོས་ལུགས་ནང་ཞུགས་པའི་བུད་མེད་ཚོར་མཚོན་ན། ལོ་རྒྱུས་རང་བཞིན་གྱི་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་དེ་དུས་རབས་ཉེར་གཅིག་ནང་འཁྲིད་ཐུབ་ཡོད། ཅེས་དང་། དགེ་སློང་མའི་སྡོམ་པ་ཐོབ་པའི་བཙུན་མ་རྣམས་ལ་མཚོན་ན་དེ་ནི་ནང་བསྟན་ལ་སྲི་ཞུ་སྒྲུབ་རྒྱུའི་གོ་སྐབས་ཆེན་པོ་ཞིག་བྱུང་ཡོད་སྐོར་བརྗོད་འདུག་ལ། ཡང་ (Damcho Diana Finnegan) ཟེར་བའི་ཨ་རིའི་ནང་པའི་བཙུན་མ་ཞིག་གིས། དགེ་སློང་མའི་སྡོམ་པ་འབོག་ཆོག་གི་མཛད་སྒོ་དེ་ནི་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་ཕོ་མོ་འདྲ་མཉམ་མིན་པའི་གནད་དོན་མེད་པར་བཟོ་བའི་གོམ་པ་རླབས་ཆེན་ཞིག་ཡིན་སྐོར་བརྗོད་འདུག སྤྱིར་འདས་པའི་ལོ་ངོ་མང་པོའི་རིང་བོད་བརྒྱུད་ནང་བསྟན་གྱི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་པ་སླར་གསོ་ཐད་ལ་སྤྱི་ཚོགས་ཁྲོད་བསམ་ཚུལ་མི་མཐུན་པ་མང་པོ་བྱུང་ཡོད་ཅིང་། ལྷག་པར་དུ་འབྲུག་ཨ་ཎེ་གཞི་ཚོགས་ཞེས་པ་དེས་སྤེལ་བའི་གསལ་བསྒྲགས་དེའི་རྗེས་སུ་འདུལ་བར་ཆ་རྒྱུས་ཡོད་པ་རྣམས་ཀྱིས་དེར་དགག་བྱའི་ཚུལ་དུ་རྩོམ་ཡིག་སྤེལ་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་ས་རཱ་མཐོ་སློབ་ཏུ་ཚོགས་པའི་ཆོས་བརྒྱུད་ཁག་གི་མཁས་པའི་ཞིབ་འཇུགས་ཚོགས་ཆུང་དབུ་འཛུགས་ཀྱི་མཛད་སྒོ། བོད་མིའི་སྒྲིག་འཛུགས་ཀྱི་པར།

འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སིངྒ་ལ་དང་རྒྱ་ནག ཝི་ཐི་ནམ། ཀོ་རི་ཡ་སོགས་ཀྱི་ནང་བསྟན་བརྒྱུད་པ་ཁག་ལ་དགེ་སློང་མའི་སྡོམ་རྒྱུན་ཡོད་པ་ལྟར། བོད་ཀྱི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྒྱུད་ནང་དུའང་དགེ་སློང་མའི་སྡོམ་པ་བསྐྱར་གསོ་ཐུབ་ཐབས་ཡོད་མེད་ཐད་ལ་ཉམས་ཞིབ་སོགས་ཕྱག་བཞེས་མང་པོ་བསྐྱངས་ཡོད་ཅིང་། དགེ་སློང་མའི་སྡོམ་རྒྱུན་དེ་ཉིད་འདུལ་བའི་ཁྲིམས་ལྟར་བསྐྱར་གསོ་གནང་དགོས་པའི་བཀའ་སློབ་རིམ་པར་ཕེབས་ཡོད་པ་བཞིན། ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་སྐབས་ ༡༡ པའི་ཐོག་བཞག་པའི་གྲོས་ཆོད་དོན་ཚན་༧ པའི་དགོངས་དོན་ལྟར། བོད་བརྒྱུད་ནང་བསྟན་ལྟར་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་གནང་ཐབས་ཡོད་མེད་ཐད་ཞིབ་འཇུག་གནང་ཆེད་ཆོས་བརྒྱུད་ཁག་གི་སྐུ་ཚབ་བརྒྱད་དང་བཙུན་མའི་སྐུ་ཚབ་གཉིས་བཅས་ཀྱིས་དུས་ཡུན་ཟླ་བཞིའི་རིང་ཉམས་ཞིབ་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཞིབ་འཇུག་ཚོགས་ཆུང་ནས་གྲུབ་དོན་ཅི་བྱུང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ལའང་བཀའ་འདྲི་ཞུས་ཀྱང་གསལ་པོ་ཤེས་རྟོགས་ཐུབ་མ་སོང་།

དེ་ཡང་ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༧ ཚེས་ ༡༨ ནས་ ༢༠ བར་འཇར་མ་ནིའི་ཧམ་བྷག་གཙུག་ལག་སློབ་གྲྭ་ཆེན་མོར་བསྐོང་འཚོག་བྱས་པའི་དགེ་སློང་མ་དང་འདུལ་བ། སྡོམ་རྒྱུན་བཅས་དང་འབྲེལ་བའི་ནང་པའི་བུད་མེད་ཚོའི་འགན་འཁྲི་དང་བྱེད་སྒོའི་སྐོར་གྱི་རྒྱལ་སྤྱིའི་ཚོགས་ཆེན་ཐོག ༧གོང་ས་མཆོག་གིས། དེ་རིང་ཁ་སང་ནང་པའི་རྒྱལ་ཁབ་ཕལ་ཆེ་བའི་ནང་དགེ་སློང་གི་སྡོམ་པ་ཡོད་ནའང་། དགེ་སློང་མའི་སྡོམ་རྒྱུན་རྒྱལ་ཁབ་ཁ་ཤས་ནང་མ་གཏོགས་མེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་ནང་དགེ་སློང་དང་། དགེ་སློང་མ། དགེ་བསྙེན་ཕ་དང་མ་བཅས་ཐུབ་པའི་འཁོར་རྣམ་དག་བཞི་ཆ་ཚང་གི་མེད། གལ་ཏེ་བོད་བརྒྱུད་ནང་བསྟན་ནང་དགེ་སློང་མའི་སྡོམ་པ་གསར་གཏོད་བྱ་ཐུབ་པ་ཡིན་ན་ཐུབ་པའི་འཁོར་རྣམ་དག་བཞི་ཆ་ཚང་བ་ཡོང་བར་ཧ་ཅང་ཡག་པོ་ཡོང་རྒྱུ་རེད། ཅེས་དང་། དེང་དུས་འཛམ་གླིང་ནང་བུད་མེད་ཀྱིས་འཛིན་སྐྱོང་དང་། ཚན་རིག། གསོ་རིག། ཁྲིམས་ལུགས། སྒྱུ་རྩལ། སྒྱུ་རྩལ་རིག་གནས། སློབ་གསོ། ཚོས་ལུགས་སོགས་ལས་རིགས་ཚང་མའི་ནང་ཆ་ཤས་ཤུགས་ཆེན་པོ་ལེན་གྱི་ཡོད་པ་མ་ཟད། ད་དུང་བུད་མེད་ཚོས་ཆོས་ཕྱོགས་ཀྱི་འཚོ་བའི་ནང་ཡོངས་སུ་ཞུགས་པ་དང་། ཆོས་ཀྱི་སློབ་གཉེར་དང་སྦྱོར་བརྡར་ཐོབ་པ་བྱས་ནས་གཞན་གྱིས་མིག་དཔེ་བལྟ་ས་ལྟ་བུ་བྱས་ཏེ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་གོང་འཕེལ་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བའི་འདོད་པ་ཤུགས་ཆེན་པོ་ཡོད་པ་རེད། དེ་དང་མཐུན་པར་བཙུན་མ་ཚོ་དང་། འཛམ་གླིང་ཕྱོགས་མཐའ་གང་སའི་བོད་བརྒྱུད་ནང་བསྟན་གྱིི་རྗེས་འཇུག་པ་ཚོས་བཙུན་མར་སྡོམ་པ་ཆ་ཚང་ལེན་རྒྱུ་ཡོད་པ་ཞིག་ཡོང་བར་སེམས་འཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

The First International Congress on Buddhist Women’s Role in the Sangha in Hamburg, Germany, July 18–20, 2007

ཡང་མགོན་པོ་མཆོག་གིས། དེ་ཡང་ཐུབ་པའི་བཀའ་ཆོས་ཀྱི་མཐར་ཐུག་བསྒྲུབ་བྱ་གང་ཡིན་པ་བུད་མེད་ཚོས་སྒྲུབ་ཐུབ་ཀྱི་ཡོད་པར་བརྟེན། དེང་དུས་ཀྱི་མངོན་འདོད་དང་མཐུན་པའི་སྒོ་ནས་བུད་མེད་ཚོས་བསྒྲུབ་བ་དེ་སྒྲུབ་པར་བྱེད་པའི་ལམ་དང་གོ་སྐབས་ཆ་ཚང་ཐོབ་པ་ཞིག་དགོས་ཀྱི་ཡོད། བསྒྲུབ་བྱ་དེ་ལེགས་སོན་ཡོང་བར་བྱེད་པའི་ཐབས་དང་གོ་སྐབས་ཡག་ཤོས་ནི་དགེ་སློང་མའི་སྡོམ་པ་ཆ་ཚང་ཐོབ་པ་བྱས་ནས་དགེ་སློང་མའི་སྡེ་ཡི་འཚོ་བའི་ནང་ཡོངས་སུ་བཞུགས་པ་དང་ཉམས་ལེན་གྱི་སྲོལ་སྐྱོང་རྒྱུ་དེ་རེད། ཅེས་དང་། བོད་བརྒྱུད་ནང་བསྟན་གྱི་འདུལ་བའི་མཁས་པ་དང་དགེ་འདུན་གྱི་སྡེ། དེ་བཞིན་རྒྱལ་སྤྱིའི་ཐོག་གི་ནང་པའི་ལུགས་གཞན་པ་བཅས་དང་གོ་བསྡུར་དང་། བོད་རིགས་ནང་པའི་སྡེ་ཁག་གི་རྒྱབ་སྐྱོར་ཡོད་པའི་ཐོག་ཕྱི་ལོ་ ༡༩༦༠ རེ་གྲངས་ནས་ངོས་ཀྱིས་བོད་བརྒྱུད་ནང་བསྟན་ནང་དགེ་སློང་མའི་སྡེ་རྩ་འཛུགས་ཡོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་གི་ཡོད། ཅེས་གསུངས་འདུག་ལ། བོད་བརྒྱུད་ནང་བསྟན་ནང་དགེ་སློང་མའི་སྡོམ་ཁྲིམས་གསར་འཛུགས་བྱེད་ཕྱོགས་ཐད། འདུལ་བའི་ནང་གཏན་འབེབ་བྱས་པའི་སྒྲོམ་གཞིའི་ནང་དུ་ང་ཚོ་གནས་དགོས་ཀྱི་ཡོད། དེ་མིན་ན། ང་ཚོས་དགེ་སློང་མའི་སྡོམ་ཁྲིམས་བོད་བརྒྱུད་ནང་བསྟན་ནང་སྔ་ས་ནས་སྲོལ་གཏོད་བྱས་ཟིན་ངེས་རེད། ཅེས་གསུངས་འདུག

ད་ལྟའི་ཆར་འཛམ་གླིང་འདིར་གནས་བསྟན་སྨྲ་བ་དང་། ཆོས་སྲུང་སྡེ་པ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བཅས་ལས་ཆོས་སྲུང་སྡེ་པ་ཁོ་ནར་དགེ་སློང་མའི་རྒྱུད་པ་ཉམས་པ་མེད་པར་གནས་ཡོད་ཀྱང་། བོད་བརྒྱུད་ནང་བསྟན་གྱི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ནང་དགེ་སློང་མའི་སྡོམ་པ་བྱུང་ཡོད་མེད་སོགས་ཁ་གསལ་མེད་ནའང་། ནང་ཆོས་སློབ་གཉེར་(study buddhism)ཞེས་པའི་ནང་བསྟན་སྐོར་གྱི་དྲ་རྒྱའི་ནང་། བོད་ནང་དུས་སྐབས་གསུམ་གྱི་རིང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་གི་སྡོམ་རྒྱུན་ལུ་གུ་རྒྱུད་དུ་སླར་གསོ་མཛད་ཡོད་ནའང་། གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡེ་པ་རྩ་འཛུགས་བརྟན་པོ་ནམ་ཡང་ཚུགས་ཐུབ་མེད་ཅེས་འཁོད་ཡོད་པ་རེད། ད་དུང་ཕྱི་ལོ་ ༧༧༥ ལོར་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོ་གཙོས་པའི་དགེ་འདུན་ཞལ་གྲངས་ ༣༠ བོད་དུ་ཕེབས་ནས་བསམ་ཡས་དགོན་པ་ཕྱག་བཏབ་པ་མ་ཟད་བོད་ནང་གཞི་སྨྲའི་ལུགས་ཀྱི་དགེ་སློང་གི་སྡོམ་རྒྱུན་ཐེངས་དང་པོ་དེ་གསར་འཛུགས་མཛད་ཡོད། སྐབས་དེར་རྒྱ་གར་ནས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མ་བཅུ་གཉིས་ཕེབས་མེད་དང་། ཕྱོགས་གཞན་ནས་བོད་ཀྱི་བུད་མེད་རྣམས་རྒྱ་གར་དུ་དགེ་སློང་མའི་སྡོམ་པ་ལེན་པ་བསྐྱོད་མེད་པའི་རྒྱུ་མཚན་སོགས་ཀྱིས། བོད་ནང་སྐབས་དེ་དུས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་རྩ་འཛུགས་བྱེད་ཐུབ་མེད། ཅེས་འཁོད་འདུག

ཡང་དྲ་རྒྱ་དེའི་ནང་བོད་ཀྱི་དགེ་སློང་མའི་སྡོམ་རྒྱུན་སྐོར་ནས་ཏུང་ཧོང་ཡིག་ཆ་ལྟར་ན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། བཙུན་མོ་གཉིས་པ་འབྲོ་བཟའ་བྱང་སྒྲོན་དང་བུད་མེད་གཞན་སུམ་ཅུ་ལྷག་ལ་བསམ་ཡས་དགོན་པར་དགེ་སློང་མའི་སྡོམ་པ་འབོགས་ཡོད་པ་དང་། སྡོམ་པ་འབོག་མཁན་དེ་རྒྱ་ནག་ནས་གདན་དྲངས་པའི་དགེ་སློང་ཕ་རྣམས་ཡིན་ཞིང་། དུས་སྐབས་དེར་རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་གོང་མ་ཀྲོང་ཛོང་གིས་ཕྱི་ལོ་ ༧༠༩ ལོར་རྒྱ་ནག་ནང་ཆོས་སྲུང་སྡེ་པའི་སྡོམ་རྒྱུན་མ་གཏོགས་ལག་བསྟར་མི་ཆོག་པའི་བཀའ་རྒྱ་བསྒྲགས་པར་བརྟེན། བོད་ནང་གི་དགེ་སློང་མའི་སྡོམ་པ་འབོག་འཇོག་དེ་ཆོས་སྲུང་སྡེ་པའི་རྒྱུད་པ་ཡིན་སྐོར་དང་། ཡང་ཕྱི་ལོ་ ༨༡༥ ནས་ ༨༣༦ བར་ཆོས་རྒྱལ་ཁྲི་རལ་པ་ཅན་གྱིས་བོད་གཞི་སྨྲའི་གཞུང་ལུགས་མ་གཏོགས་ཐེག་དམན་གྱི་གཞུང་བསྒྱུར་མི་ཆོག་པའི་བཀའ་བསྒྲགས་པ་དང་། དུས་རབས་ ༩ པའི་མཇུག་དང་ ༡༠ པའི་འགོར་རྒྱལ་པོ་འུ་དུམ་བཙན་གྱིས་བསྟན་པ་སྣུབ་པའི་སྐབས། བླ་ཆེན་དགོངས་པ་རབ་གསལ་ནས་སྨད་འདུལ་དང་། ལྷ་བླ་མ་ཡེ་ཤེས་འོད་ནས་སྟོད་འདུལ་ཞེས་འདུལ་སླར་གསོ་དང་། ཡང་ཕྱི་ལོ་ ༡༢༠༤ ལོར་རྒྱ་གར་གྱི་དཔལ་ནཱལནྜའི་མཁན་པོ་མཐའ་མ་སློབ་དཔོན་ཤཱ་ཀྱའི་དཔལ་བཟང་བོད་ལ་ཕེབས་ཏེ་གཞི་སྨྲའི་ལུགས་ཀྱི་དགེ་སློང་གི་སྡོམ་པ་མནོས་ཡོད་སྐོར་འཁོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 1

  1. འབྲོང་རིན་བཟང་། says:
    ལོ་ 4 སྔོན།

    དངོས་གནས་ཡག་པོ་རེད།??

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese