མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཉིས་ལ་གཟེངས་ཐོན་བྱ་དགའ་ཕུལ་གཏན་ཁེལ་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཉིས་ནས་འདས་པའི་ལོ་མང་རིང་བོད་མིའི་སྤྱི་ཚོགས་ནང་གཟེངས་སུ་ཐོན་པར་ཕྱག་ལས་གནང་བར་ཆེ་བསྟོད་གཟེངས་རྟགས་ཤིག་༧སྐུའི་འཁྲུངས་སྐར་ཉིན་ཕུལ་གཏན་ཁེལ་ཡོད་འདུག

པར་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཇིའི་དྲ་བ།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གི་ངོས་ནས། ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དགེ་འདུན་དོན་ཡོད་ལགས་དང་བལ་ཡུལ་གློ་སྒྲིག་ས་གནས་མགོ་འཛིན་གྱི་བཀོད་འདོམས་པ་བསྟན་འཛིན་ཀུན་དགའ་གཉིས་ནས། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལྷན་ཁང་འདྲ་མིན་ནང་འབུར་དུ་ཐོན་པའི་ཕྱག་ལས་གནང་བར་ངོས་འཛིན་ཆེ་བསྟོད་གཟེངས་རྟགས་ཞིག་སྤྲོད་རྒྱུ་ཡིན་པ་རེད།

དེ་འབྲེལ་གནས་ཚུལ་ནང་། དྲུང་གཞོན་དགེ་འདུན་དོན་ཡོད་ལགས་ཀྱིས་ལྷག་བསམ་ཆེན་པོ་མི་ལོ་ ༡༥ ལྷག་རིང་རྩོམ་སྒྲིག་པའི་ལས་འཁུར་གཙོ་བོ་ཞུས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་འབྲེལ་བའི་བྱེད་སྒོར་སྲི་ཞུ་ཞབས་འདེགས་མིག་དཔེར་འོས་པ་བསྒྲུབས་ཡོད་སྟབས།  ཕྱི་ལོ ༢༠༢༢ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཕྱི་ལོ ༢༠༢༡ ལོའི་འགན་འཛིན་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་འདི་བཞིན་ཁོ་བར་གནང་གཏན་འཁེལ་བ་ཡིན། ཞེས་བརྗོད་འདུག དེ་བཞིན། སྤོག་ར་གློ་སྒྲིག་གི་ལྟ་རྟོག་པ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་འདས་པའི་མི་ལོ་ ༩ ལྷག་རིང་རང་ནུས་གང་ལྕོགས་དང་ཆོད་སེམས་བརྟན་པོའི་སྒོ་ནས་མི་མང་ལ་ཕན་འབྲས་ཐོན་པའི་ཞབས་ཞུ་བསྒྲུབས་ཡོད་སྟབས། ཕྱི་ལོ ༢༠༢༢ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཕྱི་ལོ ༢༠༢༡ ལོའི་ལས་བྱའི་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་འདི་བཞིན་ཁོ་བར་གནང་གཏན་འཁེལ་བ་ཡིན། ཞེས་བརྗོད་འདུག

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དགེ་འདུན་དོན་ཡོད་ལགས། ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༡༢ ཉིན་ཐོག་མར་ཆོད་གན་འོག་བོད་མིའི་སྒྲིག་འཛུགས་སུ་ཞུགས་ཏེ། ལོ་གཉིས་རིང་ཤེས་རིག་ལས་ཁུངས་ཀྱི་འཛིན་རིམ་བརྒྱད་པའི་བོད་ཡིག་སྦྱོང་དེབ་རྩོམ་སྒྲིག་དང་ཤེས་རིག་དུས་དེབ་ཀྱི་རྩོམ་སྒྲིག་འགན་འཁུར་ཞུས།  ཕྱི་ལོ་ ༢༠༠༨ ནས་༢༠༠༩ བར་ཉིན་གླའི་ངོ་བོའི་ཐོག་ནས་རྩོམ་སྒྲིག་པའི་ལས་འགན་མུ་མཐུད་ཁུར།  ཕྱི་ལོ་ ༢༠༠༩ ནས་ ༢༠༡༡ བར་ཤེས་རིག་ལས་ཁུངས་ཀྱི་རང་ཁོངས་ལས་བྱེད་པར་བསྐོ་གཞག་གིས། འཛིན་རིམ་དགུ་བ་ནས་བཅུ་གཉིས་བར་གྱི་བོད་ཡིག་སློབ་དེབ་ཀྱི་རྩོམ་སྒྲིག་དང་། གཞན་ཡང་ཀློག་དེབ་ཁག་ཞུ་དག་དང་ཇུས་འགོད། ལས་ཁུངས་ཀྱི་བོད་ཡིག་དྲ་རྒྱ་བཟོ་འགོད་བཅས་ཀྱི་སྲི་ཞུ་བསྒྲུབས།  ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣ ཉིན་དམིགས་བསལ་དྲུང་ལས་གནས་རིམ་ཐོག་བསྐོ་གཞག་གིས་གཞི་རིམ་གོང་མའི་བོད་ཡིག་སློབ་དེབ་རྩོམ་སྒྲིག་པའི་འགན་ཁུར་ཞིང་།  ཕྱི་ལོ་ ༢༠༡༢ ནས་གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་ཆ་ཚང་བསྐྱར་ཞིབ་ཀྱིས་རྩོམ་སྒྲིག་དང་པར་སྐྲུན་ཞུས་ནས་ཕྱི་ལོ་ ༢༠༡༥ ལོར་སློབ་གྲྭ་ཁག་ལ་འགྲེམས་སྤེལ་ཞུས་ཡོད་པ་རེད། ཕྱི་ལོ་ ༢༠༡༥ ནས་གཞི་རིམ་གོང་མའི་བོད་ཡིག་སློབ་དེབ་རྩོམ་སྒྲིག་གིས་ཕྱི་ལོ་ ༢༠༡༧ ལོར་སློབ་གྲྭ་ཁག་ལ་འགྲེམས་སྤེལ་ཞུས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་བོད་ཀྱི་སྐད་ཡིག་སློབ་དེབ་བཀོལ་སྤྱོད་ཐུབ་པ་བྱུང་ཡོད།  ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣ ནས་དྲུང་གཞོན་དུ་གནས་རིམ་སྤར་བ་དང་། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ (CBSE) རྒྱལ་ཡོངས་བོད་ཡིག་བསླབ་གཞིར་དུས་བསྟུན་ཁ་གསབ་དང་བསྒྱུར་བཅོས་གཏོང་ཐུབ་པ་བྱུང་ཡོད།

བལ་ཡུལ་སྤོག་ར་གློ་སྒྲིག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དོ་བསྟན་འཛིན་ཀུན་དགའ་ལགས། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་  ༡༥ ཉིན་ལས་དྲུང་གནས་རིམ་ཐོག་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཚོད་ལྟའི་རྩིས་དྲུང་གི་ལས་འགན་བསྐོ་གཞག་གནང་ཡོད་པ་དང་། ཕྱི་ལོ  ༢༠༡༣ ཟླ་ ༡༢ ཚེས་ ༢ ཉིན་ལས་བྱེད་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ ཉིན་ལས་དོར་གནས་སྤར་གྱིས་བཀྲ་ཤིས་གླིང་གི་རྩིས་དྲུང་གི་ལས་འགན་ཁུར། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡ ནས་ཕྱི་ལོ ༢༠༢༠ ཟླ་ ༠༧ ཚེས་ ༡༧ བར་བཀྲ་ཤིས་གླིང་ས་གནས་མགོ་འཛིན་ལས་ཚབ་དང་རྩིས་དྲུང་གཅིག་ལྕོགས་ཞུས།  ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༥ ཉིན་ལས་དོ་གནས་རིམ་རང་འཇགས་ཐོག་བལ་ཡུལ་སྤོག་ར་གློ་སྒྲིག་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོ་གནང་།

ཕྱི་ལོ་ ༢༠༡༣ ཟླ་ ༡༠ ནང་སྤོག་ར་གྲོང་སྡེ་ལས་ཁུངས་སུ་ངོ་བཅར་ཞུ་གཏུགས་ཀྱིས་བོད་ཕྲུག་ལོ་ན་ ༦ ཡན་གྱི་སྐྱེས་ཚེས་ལག་འཁྱེར་ (Nisha) མ་ཐོབ་པ་རྣམས་ལ་ལག་ཁྱེར་ཐོབ་སོན་ཐུབ་ཡོད།  སྤོག་ར་བཀྲ་ཤིས་གླིང་ས་གནས་མགོ་འཛིན་གྱི་ལས་ཚབ་བྱེད་སྐབས། འདས་པའི་ལོ་ཤས་རིང་ཁྱིམ་མཚེས་ཡུལ་མིས་གཞིས་ཆགས་ཀྱི་གཞིས་སའི་ཐད་རྙོག་གླེང་དཀའ་ངལ་མང་དག་འཕྲད་བཞིན་ཡོད་པ་སེལ་ཆེད། ས་གནས་སུ་དམིགས་བསལ་ས་ཁང་ཚོགས་ཆུང་ཟུར་འཛུགས་ཀྱིས་རིམ་པས་བལ་ཡུལ་རྒྱལ་ས་ཀཐ་མན་གྲུའི་རྒྱ་གྲམ་དམར་པོའི་ལས་ཁུངས་དང་། སྤོག་ར་ས་ཁུལ་གྱི་ (Chief Minister, Mayor, Ward Officer) ལས་ཁུངས་བཅས་སུ་ཆེད་བཅར་གྱིས་གཞིས་ཆགས་ཀྱི་ས་ཆའི་སྐོར་ཞུ་གཏུགས་བྱས་འབྲས་སུ། བལ་ཡུལ་རྒྱ་གྲམ་དམར་པོའི་ལས་ཁུངས་ནས་རྒྱབ་གཉེར་ཡིག་ཆ་གནང་སྟེ་ས་གནས་ (Chief Minister, Mayor, Ward Officer, Red Cross Pokhara Branch) ལས་ཁུངས། ཁྱིམ་མཚེས་ཡུལ་མིའི་ལས་ཁུངས་བཅས་ལ་ཡིག་ཐོག་ཕུལ་ཏེ་དཀའ་སེལ་ཐབས་ལམ་ཞུས། བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་གཞིས་ཆགས་སུ་སྔར་ལམ་ནས་བཟུང་འཐུང་ཆུའི་དཀའ་ངལ་འཕྲད་མུས་ལྟར་དཀའ་སེལ་ཐུབ་ཐབས་སུ་ས་གནས་མགོ་འཛིན་ཟུར་པ་དང་གོ་བསྡུར་ཐོག་འཆར་རྩིས་བཟོ་བསྐྲུན་ཞུས་ཏེ་སུད་སི་ (TIBET FRUENDE) རོགས་ཚོགས་ནས་རོགས་དངུལ་ཞུས་ཐོབ་ཀྱིས་འཐུང་ཆུའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད། ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་འགྲོ་བའི་སྐབས་ས་འགོའི་ལས་ཚབ་ཀྱི་ལས་འགན་བླངས་ནས་ས་གནས་ཏོག་དབྱིབས་སྔོན་འགོག་ཚོགས་ཆུང་གསར་འཛུགས་ཀྱིས་ལས་གཞི་གང་མང་སྤེལ་ཐུབ་པ་བྱུང་ཡོད་པ་མ་ཟད། ཏོག་དབྱིབས་རྦ་རླབས་གཉིས་པའི་སྐབས་སུ་གཞིས་མི་རྣམས་ལ་བཟའ་འབྲུ་དང་། གསོ་སྨན། དུག་སྨན་ཡོ་ཆས་སོགས་བགོས་འགྲེམས་དང་མཐུན་འགྱུར་གང་མང་སྦྱར་ཐུབ་པ་བྱུང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བླངས།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༣ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese