མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ནང་ཁྱབ་བཞིན་པའི་ནད་ཡམས་གཉིས་ལ་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ཚོས་ཏོག་དབྱིབས་རིམས་ནད་དང་སྤྲེའུའི་འབྲུམ་ནད་སྔོན་འགོག་གི་ཐབས་ལམ་ལ་བསྟེན་དགོས་པའི་ལམ་སྟོན་གནང་སོང་།

འཕྲོད་བསྟེན་དྲུང་གཞོན་པདྨ་གཡུ་སྒྲོན། བོད་མིའི་སྒྲིག་འཛུགས་ཀྱི་པར།

 དེ་རིང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༡༢༡ པ་སྤེལ་སྐབས། འདས་པའི་བདུན་ཕྲག་གཅིག་རིང་བོད་མིའི་གཞིས་ཆགས་གྲངས་ ༤ ནང་ཏོག་དབྱིབས་ནད་པ་གསར་པ་གྲངས་  ༢༢ བྱུང་ཡོད་པ་དང་། དེའི་ཁྲོད་ནས་དགུང་ལོ་ ༩༠་ཅན་གྱི་བོད་མི་  ༡ འདས་གྲོངས་སུ་ཕྱིན་ཡོད་འདུག

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་ཏོག་དབྱིབས་རིམས་ནད་འགོས་པའི་བོད་མི་གྲངས ༩༢༩༡ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༩༡༢༡ དང་། མི་༡༧༠ རྐྱེན་འདས་སུ་གྱུར་ཡོད་ཅིང་། ད་བར་བོད་མི་གྲངས་ ༡༡༣༢༡ ལ་ཤུགས་སྣོན་འགོག་ཁབ་གསུམ་པ་བརྒྱབ་ཟིན་འདུག

འཕྲོད་བསྟེན་དྲུང་གཞོན་པདྨ་གཡུ་སྒྲོན་ལགས་ཀྱིས། སྤྲེའུའི་འབྲུམ་ནད་དེ་དེང་སང་འཛམ་གླིང་གང་སར་ཁྱབ་བཞིན་པའི་ནད་ཡམས་ཤིག་རེད།   དེ་ཕྱི་ལོ་༡༩༧༠ ལོར་ཨ་ཧྥེ་རི་ཁ་ནས་ཐོག་མར་ཐོན་ཞིང་བརླག་ནས་སླར་ཡང་འཛམ་གླིང་གང་སར་ཁྱབ་བཞིན་པ་རེད། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ ༧༨ ནང་དུ་ཁྱབ་ཡོད་ཅིང་། མི་གྲངས་ཁྱོན་ ༡༨༠༠༠ ལྷག་ཙམ་ལ་འགོས་ཡོད་འདུག་ལ། རྒྱ་གར་ནང་དུ་དེ་རིང་གི་བར་དུ་མི་གྲངས་ ༦ ལ་འགོས་འདུག སྤྲེའུའི་འབྲུམ་ནད་དེ་མི་དང་མིའི་བར་དུ་ལུས་འབྲེལ་བྱས་པ་དང་།  གློ་སོགས་བརྒྱབ་བའི་དབང་གིས་ནད་འབུ་ཁྱབ་བཞིན་ཡོད་པ་མ་ཟད། ནད་རྟགས་ནི་ལུས་ལ་འབྲུམ་འབུར་དང་ཆུ་སེར་ཐོན་ནས་མགོ་འཛུགས་ཀྱི་ཡོད་པ་རེད། བོད་མི་ཚོས་འགྲུལ་བཞུད་བྱེད་སྐབས་མགྲོན་ཁང་ནང་གི་ཉལ་ཆས་སོགས་ཀྱི་གཙང་སྦྲར་དོ་སྣང་བྱེད་གལ་ཆེ་བ་དང་། ཏོག་དབྱིབས་ནད་ཡམས་བཞིན་གློ་བརྒྱབ་ནས་འགོས་ཀྱི་ཡོད་ཙང་། རྟག་ཏུ་ཁ་རས་གྱོན་དགོས་པ་དང།  མི་ཚོགས་སུ་འདུ་འཛོམས་མི་བྱེད་པ། མི་གཞན་དང་བར་ཐག་འཇོག་པ། ལག་པ་རྒྱུན་ཏུ་འཁྲུད་དགོས་སྐོར་བརྗོད་སོང་།

 ཡང་འཕྲོད་བསྟེན་དྲུང་གཞོན་པདྨ་གཡུ་སྒྲོན་ལགས་ཀྱིས་འདི་ལོའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཐད་ལ། ཟླ་འདིའི་ཕྱི་ཚེས་ ༡༤ དང་ ༡༥ ཉིན་གཉིས་ཀྱི་རིང་ལ་དྷ་རམ་ས་ལར་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་འཚོགས་ཡོད་པ་རེད། ཚོགས་འདུ་འདིའི་ནང་ང་ཚོ་བོད་པའི་སྤྱི་ཚོགས་ནང་། ན་ཚ་མང་པོ་ཡོད་པའི་ནང་ནས་ན་ཚ་མཐོ་ཤོས་ལྔའི་ཐོག་ལ་གདོང་ལེན་བྱེད་སྟངས་དང་། སྔོན་འགོག་དང་དྲག་ཐབས་ཇི་ལྟར་ཡོད་པའི་སྐོར་ལ་གྲོས་ཆོད་མང་པོ་བཞག་ཡོད་རེད། གཞིས་ཆགས་ཁག་གི་ནང་ལོ་རེར་ཐེངས་རེར་མང་ཚོགས་ནས་ལུས་པོའི་རིང་ཚད་ལ་དཔག་པའི་ལྗིད་ཚད་བརྟག་དཔྱད་ (Body Mass Index) ཀྱི་ལས་རིམ་ཞིག་སྤེལ་མགོ་འཛུགས་རྒྱུའི་གྲོས་ཆོད་གཅིག་བཞག་ཡོད་པ་དང་། འཕྲོད་བསྟེན་ལས་ཁུངས་ནས་ཁྱབ་ཁོངས་ས་གནས་མགོ་འཛིན་དང་སྨན་ཁང་གི་འགན་འཛིན་ལ་རིམ་པས་ལུས་རྩལ་དང་སྒོར་གཞས་སོགས་ཀྱི་ཁོར་ཡུག་བསྐྲུན་རྒྱུའི་ཐད་གསལ་བསྒྲགས་བྱ་རྒྱུའི་གྲོས་ཆོད་བཞག་ཡོད།  དེ་བཞིན་ཁྲག་ཤེད་ཡོད་པའི་ནད་པ་རྣམས་ཀྱི་སྐད་འཕྲིན་ཚོགས་པ་བཟོས་ཏེ། ནད་རིགས་དེ་དག་གོ་རྟོགས་སྤེལ་རྒྱུའི་ཐད་ལ་གྲོས་ཆོད་དང་། དབུགས་བསགས་ནད་ཡོད་པའི་ནད་པ་རྣམས་སྨན་པར་བསྟེན་སླད།  ཕྱི་ལུགས་དང་བོད་ཀྱི་གསོ་བ་རིག་པའི་སྨན་ཟུང་འབྲེལ་གྱི་ཐོག་ནས་བཅོས་ཐབས་བྱ་བར་གྲོས་ཆོད་བཞག་ཡོད་རེད། བོད་པའི་སྤྱི་ཚོགས་ནང་ཕོ་བའི་ནད་གཞི་ (H pylori) དང་གཅིན་སྙི་ནད་ (Gastritis) ཁྱབ་གདལ་འགྲོ་བཞིན་སྟབས། ནད་རིགས་དེ་དག་ནི་འབྲས་ནད་ལ་འགྱུར་རྒྱུའི་ཉེན་ཚབས་ཆེན་པོ་ཡོད་པར་བརྟེན། འཕྲོད་བསྟེན་ལས་ཁུངས་ཀྱི་འཛིན་སྐྱོང་དང་། སྤྱི་ཚོགས་འཕྲོད་བསྟེན་ཚན་པ། སྨན་རྩིས་ཁང་མཉམ་རུབ་ཀྱིས་ས་གནས་ཁག་གི་མི་མང་རྣམས་ལ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱ་རྒྱུར་གྲོས་ཆོད་བཞག་ཡོད་སྐོར་དང་། བོད་མི་མང་པོ་ཞིག་ཟས་བཅུད་བསྟེན་སྟངས་སོགས་ཀྱི་རྐྱེན་གྱིས་ཤ་རྒྱུས་དང་རུས་ཚིགས་ཀྱི་ནད་གཞི་འབྱུང་གི་ཡོད་པར་བརྟེན། འཕྲོད་བསྟེན་ལས་ཁུངས་ཀྱིས་བརྙན་ཐུང་བཟོ་སྐྲུན་གྱིས་སྤྱི་ཚོགས་དྲ་ལམ་བརྒྱུད་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་གྲོས་ཆོད་བཞག་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ། བོད་མིའི་སྒྲིག་འཛུགས་ཀྱི་པར།

དེའི་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། འདས་པའི་ཉིན་ཤས་རིང་ཉི་ཧོང་དང་། ཐའེ་ཝན། ཨོ་གླིང་སོགས་ནས་ཏོག་དབྱིབས་རིམས་ནད་བསྐྱར་དུ་ཁྱབ་གདལ་འགྲོ་མགོ་བཙུགས་ཡོད་པ་མ་ཟད། རྒྱ་གར་ནང་དུའང་རིམ་པས་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་ཇེ་མང་དུ་འགྲོ་མུས་ཡིན་སྟབས། ཚང་མས་ཁ་རས་སོགས་གྱོན་ནས་རིམས་ནད་འགོག་སྡོམ་བྱ་དགོས་པ་དང་། ཉེ་ལམ་རྒྱ་གར་ནས་གསར་དུ་རྙེད་པའི་ཨོ་མི་ཁུ་རོན་གྱི་ནད་འབུ་ BA ༢། ༧༥ ཞེས་པ་དེའང་ཁྱབ་གདལ་འགྲོ་ཧ་ཅང་སླ་བོ་ཡོད་པ་མ་ཟད།  དེང་གི་ཆར་བོད་པའི་སྤྱི་ཚོགས་ཁྲོད་དུའང་ནད་པ་ཇེ་མང་དུ་འགྲོ་མུས་ཡིན་པས། རིམས་ནད་གཙང་སེལ་གྱི་སླད་སྔོན་འགོག་གི་ཐབས་ལམ་ཁག་ལ་བསྟེན་དགོས་པ་དང་། སྔོན་འགོག་སྨན་ཁབ་དག་ཏག་ཏག་བརྒྱག་དགོས་པའི་ལམ་སྟོན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༦ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༧ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese