མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་མང་གཉིས་ནས་རྒྱ་གར་གྱི་རང་བཙན་ཉིན་མོ་ཐེངས་ ༧༥ པ་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དབྱིན་ཇིའི་བཙན་འོག་ནས་རང་བཙན་ཐོབ་ནས་མི་ལོ་ཧྲིལ་བོ་ ༧༥ འཁོར་བའི་ཉིན་མོ་དང་བསྟུན་བོད་གཞུང་མང་གཉིས་ནས་རྒྱལ་དར་བསྒྲེངས་འཛུགས་དང་རིག་གཞུང་འཁྲབ་སྟོན་བྱས་ཏེ་སྲུང་གཙི་ཞུས་སོང་།

རྒྱ་གར་རྒྱལ་ས་ལྡི་ལི་གཙོས་རྒྱལ་ཡོངས་སུ་རྒྱ་གར་རང་བཙན་ཉིན་མོ་སྲུང་གཙི་བྱས་ཡོད་པ་དང་། ཉིན་དེར་ཆར་ཞོད་ཆེ་རྐྱེན་བོད་མིའི་སྒྲིག་འཛུགས་ནས་འཆར་ཅན་གྱི་མཛད་སྒོ་སྟབས་བདེ་དེ་འཚོགས་མེད་ཀྱང་། བཀའ་ཤག་གི་མདུན་ཐང་དུ་རྒྱ་གར་རྒྱལ་དར་བསྒྲེངས་འཛུགས་གནང་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ཚོགས་དྲ་གནས་སུ། འཛམ་གླིང་གང་སར་ཡོད་པའི་རྒྱ་གར་མི་མང་བྱིངས་ཀྱིས་རྒྱལ་ཞེན་དང་དགའ་སྤོབས་ཆེན་པོའི་ཐོག་ནས་རྒྱ་གར་རང་བཙན་ཐོབ་ནས་མི་ངོ ༧༥ འཁོར་བ་སྲུང་གཙི་བྱེད་པར་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཡོངས་ནས་རྟེན་འབྲེལ་ཞུ་ཡི་ཡོད་སྐོར་དང་། རྒྱ་གར་གཞུང་མང་གཉིས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་ཡོང་བར་ཕན་གྲོགས་གནང་བ་བཀའ་དྲིན་ཆེེན་པོ་ཡིན་ལ། ང་ཚོས་རྒྱ་གར་རྒྱལ་ཁབ་ཀྱི་རླབས་ཆེ་བའི་བྱ་བཞག་མཐའ་དག་མུ་མཐུད་ཡར་རྒྱས་གོང་འཕེལ་གྱི་ལམ་བུར་བསྐྱོད་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད་སྐོར་གསུངས་འདུག

བོད་ཀྱི་ཟློས་གར་ཁང་དུ་རིག་གཞུང་འཁྲབ་སྟོན་བྱས་ཏེ་རྒྱ་གར་རང་བཙན་ཉིན་མོ་སྲུང་གཙི་ཞུས། ༢༠༢༢།༠༨།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཉིན་རྒྱབ་ཏུ་ངྷ་ས་བོད་ཀྱི་ཟློས་གར་ཁང་གི་ཚོགས་ཁང་དུ། དྷ་ས་ས་གནས་མགོ་འཛིན་གྱི་གོ་སྒྲིག་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་མཉམ་འཛོམས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁིར་ཤིན་ཀ་པུར་(Shri Kishan Kapoor)ལགས་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ལ་སྣེ་ལེན་ཞུས་ཏེ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་རེད།

མཛད་སྒོའི་ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས། བོད་པ་ཚོའི་ངོས་ནས་རྒྱ་གར་ཡུལ་དང་། རྒྱ་གར་གྱི་ཡུལ་མི། རྒྱ་གར་གཞུང་བཅས་ལ་འཚམས་འདྲི་དང་། རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ ༧༥ རིང་དུ་རྒྱ་གར་ཡར་རྒྱས་ཆེན་པོ་ཕྱིན་ཡོད།  རྒྱ་གར་རང་བཙན་དོན་དུ་སྐུ་སྲོག་བློས་གཏོང་མཁན་གྱི་འདས་པོ་ཚང་མར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་བྱས་ནས་རྗེས་དྲན་དང་། ཁོང་ཚོའི་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་ལ་རང་བཙན་ཐོབ་ཡོད་པ་ལྟར། བོད་མི་ཚོས་རང་སྲོག་བློས་བཏང་པ་དེས་མ་འོངས་བར་བོད་ལ་འབྲས་བུ་ཏན་ཏན་སྨིན་གྱི་རེད། ཅེས་གསུངས་འདུག

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༣ ནས་ ༡༥ བར་དུ་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ནས་རྒྱལ་ཡོངས་ཀྱི་ཁྱིམ་ཚང་རེ་རེ་ནས་རྒྱལ་དར་བསྒྲེངས་འཛུགས་དགོས་པའི་འབོད་སྐུལ་གནང་བ་ལྟར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། གཞིས་ཆགས། སློབ་གྲྭ། དེ་བཞིན་དགོན་སྡེ་དང་ཚོགས་སྡེ། ཁྱིམ་ཚང་སོགས་ནས་ཀྱང་རྒྱལ་དར་བསྒྲེངས་འཛུགས་བྱས་པ་དང་། སྤྱི་ཚོགས་དྲ་གནས་ཁག་ཏུ་རང་བཙན་ཉིན་མོ་སྲུང་གཙི་བྱས་དང་བྱེད་མུས་རེད་འདུག

བོད་ཀྱི་ཟློས་གར་ཁང་དུ་རིག་གཞུང་འཁྲབ་སྟོན་བྱས་ཏེ་རྒྱ་གར་རང་བཙན་ཉིན་མོ་སྲུང་གཙི་ཞུས། ༢༠༢༢།༠༨།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

 

རྒྱ་གར་རྒྱལ་ས་ལྡི་ལི་གཙོས་རྒྱལ་ཡོངས་སུ་རྒྱ་གར་རང་བཙན་ཉིན་མོ་སྲུང་གཙི་བྱས་ཡོད་པ་དང་། སྲིད་བློན་མུ་དྷི་མཆོག་ནས་མཛད་སྒོའི་གསུང་བཤད་གནང་དོན། རྒྱ་གར་གྱིས་རང་ཉིད་ཀྱི་རིག་གཞུང་ལ་བརྩི་འཇོག་ཡོད་པའི་ཐོག་ནས་འཛམ་གླིང་མི་མང་གི་དཀའ་ངལ་སེལ་བར་སྟོབས་ཤུགས་ཡོད་པ་ཞིག་བསྐྲུན་དགོས། རང་ཉིད་ཀྱི་རྒྱལ་ཁབ་ཨང་དང་པོ་བཞག་སྟེ། ང་ཚོའི་མང་གཙོ་རྒྱལ་ཁབ་ཀྱི་འདྲ་མཉམ་གྱི་བསམ་བློའི་འདུ་ཤེས་སྤེལ་ཏེ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་མ་ཟད། བུད་མེད་ནི་རྒྱལ་ཁབ་ཡར་རྒྱས་འགྲོ་བར་ནུས་པ་ཤུགས་ཆེན་ཐོན་པས། བུད་མེད་ཀྱི་ཐོབ་ཐང་ལ་བརྩི་མཐོང་བྱེད་དགོས་ཅིང་།ཕོ་མོ་འདྲ་མཉམ་གྱི་བསམ་བློ་འདུ་ཤེས་སྤེལ་རྒྱུ་ཧ་ཅང་གལ་ཆེན་དང་། རྒྱ་གར་མི་མང་ཡོངས་ཀྱིས་མཉམ་ལས་ཀྱི་ནུས་པ་སྤེལ་ཏེ་མ་འོངས་བའི་རྒྱ་གར་སྟོབས་ཤུགས་ལྡན་པ་ཞིག་བསྐྲུན་དགོས་སྐོར་གསུངས་ཡོད་པ་རེད།

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༢༥/༡༡/༠༣
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

༢༠༢༥/༡༡/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese