མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་བཤེས་ལྷག་རྡོར་ལགས་ཀྱིས་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་གི་ཕ་མ་རྣམས་ལ་བཀའ་སློབ་ལམ་སྟོན་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་ཀྱི་ཆོས་རིག་གོང་སྤེལ་གཏོང་ཐབས་དང་ཕྱི་ནང་གཉིས་ཀྱི་འཕྲོད་བསྟེན་ལ་དོ་སྣང་བྱ་རྒྱུ་གལ་ཆེན་ཡིན་པའི་ལམ་སྟོན་སོགས་གནང་སོང་།

ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། དུས་བབ་ཀྱི་པར།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་མཆོག་གིས་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་གི་ཕ་མ་རྣམས་ལ་བཀའ་སློབ་གནང་ཡོད་ཅིང་། སྐབས་དེར་དགེ་བཤེས་ལགས་ཀྱིས་བོད་ཀྱི་རིག་གཞུང་གོང་མཐོར་དང་དར་སྤེལ་བྱ་རྒྱུ་ནི་བོད་མིའི་འགན་འཁྲི་ཡིན་སྐོར་སོགས་གསུངས་སོང་།

མཛད་རིམ་གྱི་ཐོག་མར་བོད་མི་མང་སྤྱི་འཐུས་དང་དཔེ་སྟོན་སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་གི་སྐབས་ལྔ་པའི་ཚོགས་གཙོ་དོན་གྲུབ་བཀྲ་ཤིས་ལགས་ཀྱིས། དྷ་ས་ཕ་མའི་ཚོགས་ཆུང་གི་ངོ་སྤྲོད་དང་འབྲེལ་ད་ལྟ་དང་མ་འོངས་པའི་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་གི་ཤེས་ཡོན་ཐད་འཛིན་སྐྱོང་གིས་མུ་མཐུད་དུ་ཤུགས་བརྒྱག་དགོས་སྐོར་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ལྷག་པར་དྷ་སའི་ཁུལ་དུ་སློབ་གྲྭ་མང་པོ་ཡོད་ཀྱང་། སློབ་གྲྭ་མང་པོའི་ནང་དུ་བོད་ཀྱི་བྱིས་པ་ཉུང་དྲགས་པའི་དཀའ་ངལ་གྱིས་སློབ་གྲྭ་སྒོ་བརྒྱབ་དགོས་ཁེལ་གྱི་ཡོད་རེད། འོན་ཀྱང་། དཔེ་སྟོན་སློབ་གྲྭ་ལྟ་བུར་མཚོན་ན། ལོ་རེ་བཞིན་དུ་སློབ་ཕྲུག་མང་དྲགས་ནས་འཛིན་ཁང་དང་ཉལ་ཁང་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་ཕལ་ཆེར་སེལ་ཡོད་སྐོར་དང་། སློབ་གྲྭར་སློབ་ཕྲུག་མང་པོ་ཡོང་བའི་རྒྱུ་མཚན་ནི་དཔེ་སྟོན་སློབ་གྲྭའི་དགེ་རྒན་གྱིས་སློབ་ཕྲུག་རྣམས་ལ་བོད་ཀྱི་རིག་གཞུང་དང་ཤེས་ཡོན་སྲིད་ཇུས་ཀྱི་སློབ་སྟོན་ཡག་པོ་གནང་ཡོད་སྐོར་གསུངས་སོང་།

དེ་ནས་བཙན་བྱོལ་བོད་མི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ཤེས་ཡོན་སྲིད་ཇུས་གཏན་ལ་ཕབ་ནས་ལག་ལེན་བསྟར་མགོ་འཛུགས་ཏེ་ལོ་ ༡༧ ཙམ་ཕྱིན་ཡོད་རེད། དེར་བརྟེན་རྣམ་པ་ཚོས་ཤེས་ཡོན་སྲིད་ཇུས་ཡག་པོ་ཀློག་སྟེ་ཉིན་རེའི་སློབ་གྲྭའི་འཛིན་སྐྱོང་དང་འཛིན་གྲྭའི་ནང་དུ་ལག་ལེན་བསྟར་དགོས་པ་ནི་གལ་ཆེན་པོ་ཡིན་ཞིང་། ཤེས་ཡོན་སྲིད་ཇུས་ནི་འགྲོ་བ་མི་སྤྱིའི་ཁེ་ཕན་ལ་མ་གནོད་པར་མི་རིགས་སོ་སོར་ཁེ་ཕན་ཡོད་པ་ཞིག་དགོས་ཀྱི་ཡོད་རེད། ལྷག་པར་དུ་བོད་པ་ལ་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་ཧ་ལས་པ་ཞིག་ཡོད་སྟབས།  བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན། ཡར་རྒྱས་གཏང་དགོས་པའི་སྐོར་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛམ་གླིང་སྤྱི་ཡོངས་སུ་དར་སྤེལ་བྱ་གལ་ཆེན་པོ་ཡིན་པའི་སྐོར།  ༧གོང་ས་མཆོག་གི་བཀའ་སློབ་གཞིར་བཟུང་ཕྱིའི་མི་ལ་མཐུན་སྒྲིལ་བྱེད་ན་ཕན་ཚུན་གཉིས་ཀར་ཕན་གྱི་ཡོད་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས། མཐོང་ཐོས་སུ་གྱུར་བའི་རིག་གཞུང་གི་སྒྱུ་རྩལ་དེ་དག་ངོ་སྤྲོད་དང་འཛིན་སྐྱོང་བྱ་དགོས་རྒྱུ་ནི་གལ་ཆེན་པོ་ཡིན་པ་དང་། འདས་པའི་གནས་ཚུལ་ཤེས་དགོས་པ་དང་མ་འོངས་པར་བསམ་བློ་གཏང་དགོས་པ་ནི་གལ་ཆེན་པོ་རེད། འདས་པ་ནས་སློབ་སྦྱོང་བླངས་ཏེ། མ་འོངས་པར་གྲ་སྒྲིག་བྱ་དགོས་རེད་དེ། ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་ཤེས་དགོས་པ་དང་། དེང་སང་བེད་སྤྱོད་གཏོང་བཞིན་པའི་ཅ་དངོས་དེ་དག་གི་མིང་བསྒྱུར་དགོས་ཤིང་། སྒེར་སོ་སོས་གཞུང་ལ་བརྟེན་མི་དགོས་པར་གསར་གཏོད་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་སྐོར་དང་། བོད་པའི་ཆོས་དང་རིག་གཞུང་གི་སྙིང་པོ་ནི་འཚེ་བ་མེད་པ་ཡིན་ཞིང་། འཚེ་བ་མེད་པ་དང་དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་ཚད་ལྡན་བྱ་དགོས་པའི་བླང་དོར་ལམ་སྟོན་གནང་སོང་།

དཔེ་སྟོན་སློབ་གྲྭའི་ཕ་མའི་ཚོགས་ཆེན།

ཡང་དགེ་བཤེས་ལགས་ཀྱིས། མི་རྣམས་འདུག་ཁོམ་མེད་པར་བྲེལ་ཟིང་ངང་ནས་སྒོར་མོའི་ཆེད་དུ་འདུར་རྒྱུག་བྱེད་ཀྱི་ཡོད་པ་ལས། གཏན་གྱི་བདེ་བའི་ཆེད་དུ་རྒྱུག་མཁན་ཉུང་ཉུང་ཡིན། འོན་ཀྱང་། དེ་ལྟར་ཕྱི་ཡི་དཔལ་འབྱོར་ཡར་རྒྱས་གཏོང་སླད་དུ་འབད་བརྩོན་བྱ་ཆོག་གི་ཡོད་ཀྱང་། རྒྱལ་ཁབ་སྤྱི་ཡོངས་དཔལ་འབྱོར་གྱི་རྗེས་སུ་རྒྱུག་སྟེ། དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་གཏེར་ཁ་སྔོག་འདོན་དང་། རྩི་ཤིང་གཅོད་འབྲེག་སོགས་བྱས་ནས། མི་རྣམས་ཀྱི་འགྲོ་འདུག་ལ་གནོད་འཚེ་གཏོང་མུས་ཡིན་པ་རེད། མི་ལོ་འདི་དག་གི་རིང་ལ་རིམས་ནད་སོགས་ཀྱིས་དཀའ་ངལ་འོག་ནས། མི་རྣམས་ཀྱི་སེམས་ཁམས་འཕྲོད་བསྟེན་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པས། ཚང་མས་མི་དང་མིའི་བར་འཆམ་མཐུན་དང་། ཕན་ཚུན་རོགས་འདེགས་སོགས་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཕན་བདེ་ལ་དམིགས་ནས་རང་ནུས་ཅི་ལྕོགས་ཀྱིས་སྲི་ཞུ་བསྒྲུབ་སྟེ། དབང་པོའི་གཞན་དབང་དུ་མ་སོང་བར། ཡིད་ཀྱི་དབང་པོར་བྱམས་བརྩེ་དང་། སྙིང་རྗེ་སོགས་གོམས་འདྲིས་ཐེབས་པར་བྱས་ཏེ། ནང་སེམས་ཀྱི་བདེ་སྐྱིད་དོན་དང་ལྡན་པ་བསྐྲུན་ཐུབ་ཚེ། མིའི་རིགས་ཀྱི་ཕྱི་ནང་གཉིས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པ་དང་། ཤེས་ཡོན་གཙོ་བོར་དམིགས་ནས་འཕྲོད་བསྟེན་སོགས་ལ་དོ་སྣང་མ་བྱས་པར་གཞག་རྒྱུ་མེད་པར། ཤེས་ཡོན་དང་འཕྲོད་བསྟེན་གཉིས་ཀར་དོ་དབྱིངས་བྱ་དགོས་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས། སློབ་ཕྲུག་དེ་དག་གི་ཕ་མ་ཚོས་དངོས་ཡོད་ཀྱི་གནས་ཚུལ་ལ་བདེན་པའི་ཆ་ནས་བརྟག་དཔྱད་བྱ་དགོས་པ་ལས། ཕྱོགས་ཞེན་དང་བླུན་པོ་ཆུ་སྣ་གར་འཁྲིད་བཞིན་མ་བྱས་པར། སོ་སོས་རིག་པའི་ལམ་ནས་བརྟག་དཔྱད་དང་། དགའ་ཞེན་ཡོད་པའི་མིར་བསྟོད་པ་དང་གཞན་ལ་སྨད་པ་རྐྱང་རྐྱང་གི་དུས་འདའ་པར་བྱ་མི་རུང་བར། མིའི་རིགས་ཀྱི་བླ་ན་མེད་པའི་རྣམ་དཔྱོད་སྤྱད་དེ་བསམ་བློ་བཟང་ཕྱོགས་ནས་གཏང་རྒྱུ་དང་། ལུས་ནི་སེམས་ཀྱི་བྲན་གཡོག་ལྟ་བུ་ཞིག་ཡིན་པས། རང་ལུས་ཉོན་མོངས་ཀྱི་དབང་འོག་ཏུ་མ་ཤོར་བ་བྱས་ཏེ། ཕྱོགས་ཡོངས་ནས་བསམ་བློ་བཟང་ཕྱོགས་ནས་གཏང་རྒྱུ་དང་། བསམ་བློ་རྒྱ་སྐྱེད་ནས་བློ་ཕྱོགས་ལྷུང་མེད་པར། ཕུགས་རྒྱང་རིང་པོར་རང་གཞན་ཚང་མར་ཕན་བདེ་བསྐྲུན་དགོས་སྐོར་སོགས་གསུངས་སོང་།

 གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༨ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese