མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྱི་གྲོས་ཚོགས་ནང་བོད་མིའི་དམངས་གཙོའི་དུས་ཆེན་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་དམངས་གཙོའི་དུས་ཆེན་ཉིན་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧྥ་རི་ཌི་ལིམ་ལགས་ཀྱིས་ང་ཚོ་ཐའེ་ཝན་མི་མང་ལ་རེ་བོ་ཆེན་པོ་ཞིག་ཡོད་པ་ནི་༧གོང་ས་སྐྱབས་མགོན་མཆོག་ཐའེ་ཝན་ནང་ཕེབས་རྒྱུ་དང་། ཁོང་གི་སྐུ་ཚེ་ཞབས་པད་བརྟན་རྒྱུ། བོད་མི་མང་རང་དབང་གི་སྒོ་ནས་བོད་དུ་ལོག་ཐུབ་པའི་སྨོན་འདུན་ཡོད་སྐོར་གསུངས་འདུག

ཐའེ་ཝན་གྲོས་ཚོགས་ནང་བོད་མིའི་དམངས་གཙོའི་དུས་ཆེན་སྲུང་གཙི་ཞུས་པར་སྲིད་སྐྱོང་མཆོག་ནས་དྲ་ལམ་གསུང་བཤད་གནང་། ༢༠༢༢།༠༩།༢ ཐའེ་ཝན་དོན་གཅོད་ཀྱི་པར།

ཁ་སང་ཕྱི་ཚེས་ ༢ ཉིན་ཐའེ་ཝན་གྱི་གྲོས་ཚོགས་ཚོགས་ཁང་དུ་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་དང་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། ཐའེ་ཝན་བོད་རིགས་ཚོགས་པ་བཅས་མཉམ་འབྲེལ་གྱིས་བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ནས་མི་ལོ་ ༦༢ འཁོར་བའི་དུས་ཆེན་སྲུང་གཙི་གནང་འདུག མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་གཙོ་སྐུ་ཞབས་ཧྥ་རི་ཌི་ལིམ་ (Freddy Lim) ལགས་ཀྱིས་གཙོས་ཐའེ་ཝན་གྲོས་ཚོགས་ཀྱི་འཐུས་མི་ཧོང་སུན་ཧན་ (Hung Sun-Han) ལགས་དང་། Chiu Hsien དང་ Lin Chiu-Yin) ལགས།  ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་དྲུང་ཆེ་སྐུ་ཞབས་ (Shih Yi Hsiang) ལགས། ཐའེ་ཝན་གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་དྲུང་ཆེ་ (Wuer Kaixi) ལགས།  ཝན་ཤང་སློབ་ཆེན་གྱི་འཆར་འགོད་འགན་འཛིན་ (Lee Ming -Che) ལགས།  ཧོང་ཀོང་གཞོན་ནུའི་དྲུང་ཆེ་ (Sky Fung) ལགས་བཅས་མི་གྲངས་ ༥༠ ལྷག་མཉམ་ཞུགས་གནང་ཡོད་འདུག

མཛད་སྒོའི་དྲ་ལམ་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་བོད་ཀྱི་དམངས་གཙོའི་ཉིན་མོ་འཛམ་གླིང་གི་ས་ཁུལ་འདྲ་མིན་ནང་སྲུང་གཙི་བྱེད་བཞིན་ཡོད་པ་ལྟར། ཐའེ་ཝན་གྱི་གྲོས་ཚོགས་ཚོགས་ཁང་དུ་བོད་ཀྱི་དམངས་གཙོ་ཉིན་མོ་སྲུང་གཙི་བྱེད་ཐུབ་པར་ཧ་ཅང་དགའ་བོ་བྱུང་། ཐའེ་ཝན་གྱི་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་བཀའ་དྲིན་ཆེ་ཞེས་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོས་དམངས་གཙོའི་ཆེད་དུ་དཀའ་ལས་མང་པོ་བརྒྱབ་སྟེ་རྩོད་ལེན་བྱས་ཡོད་ཀྱང་། བོད་ཀྱི་དམངས་གཙོ་ནི་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་རྒྱ་གར་གྲོས་ཚོགས་ཀྱི་དམངས་གཙོའི་ལམ་ལུགས་གཞིར་བཟུང་ནས། བོད་མི་མང་གི་བདེ་སྡུག་ཆེད་དུ་སྩལ་བའི་གསོལ་རས་ཞིག་ཡིན་ཞིང་། བོད་མིའི་སྒྲིག་འཛུགས་ཀྱིས་དམངས་གཙོའི་སྒྲིག་གཞི་ལྟར་ལས་དོན་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ལ། དམངས་གཙོའི་ལམ་ལུགས་ཀྱི་རང་དབང་ཐོབ་ཐང་སྤྱད་པའི་ཐོག་ནས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་བཞིན་ཡོད་སྐོར་གསུངས་འདུག

ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཧྥ་རི་ཌི་ལིམ་ལགས་ཀྱིས་གསུང་བཤད་གནང་། ༢༠༢༢།༠༩།༠༢ ཐའེ་ཝན་དོན་གཅོད་ཀྱི་པར།

དེ་ནས་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་གཙོ་སྐུ་ཞབས་ཧྥ་རི་ཌི་ལིམ་ (Freddy Lim) ལགས་ཀྱིས། ང་ནི་ཕྱི་ལོ་༢༠༠༣ བཟུང་བོད་དོན་ཀྱི་ལས་འགུལ་ནང་འཛུལ་ཞུགས་བྱས་པ་ཡིན། དེ་དུས་ཐའེ་ཝན་མི་མང་ནང་འཛུལ་ཞུགས་པ་མང་པོ་མི་འདུག ལོ་ངོ་ཉི་ཤུའི་རྗེས་ཀྱི་དེ་རིང་འགྱུར་བ་མང་པོ་ཐེབས་འདུག ང་སེམས་འགུལ་ཐེབས་སོང་། ཕྱི་ལོ་༢༠༡༡་ལོ་ནས་བཟུང་བོད་མི་མང་གིས་རང་ཉིད་ཀྱི་དབུ་ཁྲིད་འོས་འདེམས་བྱས་ཏེ་ད་ལྟ་བར་དམངས་གཙོའི་ལམ་ལུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཅེས་དང་། བོད་དང་ཐའེ་ཝན་གྱི་གནས་སྟངས་གཅིག་པ་རེད། ང་ཚོས་གོམ་པ་རེ་རེ་བརྒྱབ་ནས་མདུན་སྐྱོད་བྱས་ཚེ་ལས་དོན་འགྲུབ་ཀྱི་རེད། ང་ཚོ་ཐའེ་ཝན་མི་མང་ལ་རེ་བོ་ཆེན་པོ་ཞིག་ཡོད་པ་ནི་༧གོང་ས་སྐྱབས་མགོན་མཆོག་ཐའེ་ཝན་ནང་ཕེབས་རྒྱུ་དང་། ཁོང་གི་སྐུ་ཚེ་ཞབས་པད་བརྟན་རྒྱུ། བོད་མི་མང་རང་དབང་གི་སྒོ་ནས་བོད་དུ་ལོག་ཐུབ་པའི་སྨོན་འདུན་ཡོད་སྐོར་གསུངས་སོང་།

ཐའེ་ཝན་གྲོས་ཚོགས་ནང་བོད་མིའི་དམངས་གཙོའི་དུས་ཆེན་སྲུང་གཙིའི་ཐོག་ཐའེ་ཝན་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་བཤད་གནང་། ༢༠༢༢།༠༩།༢ ཐའེ་ཝན་དོན་གཅོད་ཀྱི་པར།

ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། ཐའེ་ཝན་གྲོས་ཚོགས་སུ་བོད་དང་ཐའེ་ཝན་གྱི་གྲོགས་པོ་གྲོགས་མོ་མང་པོ་མཉམ་འཛོམས་ཀྱིས་བོད་ཀྱི་དམངས་གཙོའི་ཉིན་མོ་ཐེངས་ ༦༢ པ་སྲུང་གཙི་བྱས་པར་ཐུགས་རྗེ་ཆེ་ཞེས་དང་། བོད་དང་ཐའེ་ཝན་གཉིས་ཆོས་དད་རང་མོས་དང་དམངས་གཙོའི་རང་དབང་གི་རིན་ཐང་། ཆབ་སྲིད་རིག་གཞུང་གི་ལྟ་བ་བཅས་ཀྱི་ཐོག་ནས་དུས་ཡུན་རིང་པོ་ནས་གཞུང་དང་མི་མང་རང་བཞིན་གྱི་ཐོག་ནས་མཛའ་བརྩེ་ཟབ་མོ་ཆགས་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཐོག་ནས་ང་ཚོར་གཅིག་མཐུན་གྱི་སྟངས་འཛིན་དང་དྲག་གནོན་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༧ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༩ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese