མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་འབྱོར་ཁྱིམ་ཚང་ ༡༩༩༩ ལ་སྡོད་ཁང་སྤྲོད་ཐབས་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ཐོག་བོད་མི་མང་སྤྱི་འཐུས་རྣམ་པས་དོགས་འདྲི་དགོངས་འཆར་སོགས་གནང་ཞིང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་རྣམས་ཀྱི་དྲི་བར་ལན་འདེབས་གསལ་བཤད་བཅས་གནང་སྟེ་ཆོས་རིག་གི་ལས་བསྡོམས་ཡོངས་སུ་མཇུག་སྒྲིལ་གནང་སོང་།

ཁ་སང་ཉིན་རྒྱབ་ནས་མགོ་འཛུགས་ཀྱིས་དེ་རིང་ཕྱི་ཚེས་ ༩ ཉིན་རྒྱབ་བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་བའི་ལས་སྟེང་། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡ ནས་ ༢༠༢༢ ཟླ་ ༣ ཚེས་ ༣༡ བར་གྱི་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ཐོག་བོད་མི་མང་སྤྱི་འཐུས་རྣམ་པས་དོགས་འདྲི་དགོངས་འཆར་སོགས་ཀྱི་ལམ་ནས་བགྲོ་གླེང་གནང་ཞིང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་རྣམས་ཀྱི་དྲི་བར་ལན་འདེབས་གསལ་བཤད་བཅས་གནང་སྟེ། དེ་རིང་ཉིན་རྒྱབ་ཀྱི་ཚོགས་ཐུན་ནས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཡོངས་སུ་མཇུག་སྒྲིལ་གནང་སོང་།

སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༤་ཚེས་ ༡ ནས་ ༢༠༢༢ ཟླ་ ༣ ཚེས་ ༣༡ བར་གྱི་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྒྲོག་སྦྱང་གནང་བ་ལྟར་ན། ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རང་སྐྱོང་ཆོས་རིག་སྡེ་ཚན་ ༥ དང་། རྒྱ་གར་དང་བལ་ཡུལ་གཉིས་ནང་དགོན་སྡེ་གྲངས་ཁྱོན་ ༢༨༩ ཡོད་པའི་གྲྭ་བཙུན་སྔགས་གསུམ་ཁྱོན་ ༤༡༡༧༨ ཡོད་འདུག་ལ། ད་ལྟའི་བཀའ་ཤག་གིས་འདས་པའི་ལོ་གཅིག་རིང་དགོན་སྡེ་གྲྭ་ཚང་ཁག་དང་འབྲེལ་བའི་ལས་དོན་ཇི་བྱས་དང་གྲུབ་འབྲས་ཇི་ཐོན་སོགས་ཀྱི་ལས་བསྡོམས་སྙིང་བསྡུས་ཤོག་གྲངས་དགུ་བཏོན་གནང་འདུག

སྤྱི་འཐུས་དགེ་བཤེས་བློ་བཟང་ཕན་བདེ་ལགས་་ཀྱིས། དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་རྒྱ་ནག་དམར་བོའི་གནས་སྟངས་ཛ་དྲག་བོའི་འོག་ཏུ་བློས་བཏང་བྱས་ནས་ས་གནས་འདི་འདྲ་ཞིག་ཏུ་ཕེབས་ཐུབ་ཡོད་ཀྱང་། རང་དབང་ལུང་པར་ཁྲིམས་ཡོད་ས་ཞིག་གི་གནས་སྟངས་འོག་མ་ཉེས་ཁ་གཡོགས་དང་། དེ་མ་ཡིན་པའི་གནས་སྟངས་ཞིག་གི་སྒྲོ་བཏེགས་ཀྱི་ཡོད་པ་གང་ཡིན་ཡང་། གང་ལྟར་ཕྱིའི་ལུང་པར་བཞུགས་ཏེ་ང་ཚོ་མཉམ་འཛོམས་ཐུབ་ཀྱི་ཡོད་པ་མ་རེད། དེ་ལ་གཞེས་བཞུགས་བོད་མི་ཡོངས་ལ་གདོང་བསྟན་དུས་ངོ་ཚ་དགོས་པའི་གནས་སྟངས་ཞིག་ཏུ་ཆགས་ཡོད། གང་ཡིན་ཞེ་ན་ཉི་ཟླ་སྐར་གསུམ་ཞེས་ཡོངས་སུ་གྲགས་པ་༧ པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་མཆོག་ནི་རྒྱ་ནག་གི་བཙོན་འོག་ཏུ་བསྡད་ཡོད། རྒྱལ་བ་ཀརྨ་བཔ་མཆོག་ནི་ང་ཚོའི་སྒྲིག་འཛུགས་དང་། ཁོང་གི་སློབ་མ་དང་འདུལ་བྱ་ཐམས་ཅད་དང་ཁ་བྲལ་ཡོད། མ་འོངས་བར་བཀའ་སྤྱི་གཉིས་ཀྱི་ངོས་ནས་དཔལ་རྒྱལ་ཀརྨ་པ་མཆོག་གི་ཐོག་བདེན་དཔང་ཡོད་པའི་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག་པའི་བསམ་ཚུལ་བཏོན་པར།

སྲིད་སྐྱོང་མཆོག་གིས། དཔལ་རྒྱལ་བ་ཀརྨ་པ་མཆོག་གི་གནད་དོན་དང་འབྲེལ་བའི་ཐོག་ཏུ་བཀའ་སྤྱི་གཉིས་ཀྱི་ལས་འགུལ་སྤེལ་བར་བསམ་བློ་ཡག་པོ་ཞིག་མ་གཏང་ན། ཕན་པ་ལས་གནོད་ཆེ་བའི་ཉེན་ཁ་ཡོད་པ་རེད། གནད་དོན་དེ་འབྲེལ་བ་སུ་དང་སུ་ལ་ཐུག་ཡོད་མེད་ང་ཚོས་ཤེས་བསྡད་ཡོད། གལ་ཆེ་བ་ཞིག་ནི་གནད་དོན་དེ་དང་འབྲེལ་བའི་བར་ཆད་ཁ་ཤས་ཤིག་ཡོད། བར་ཆད་དེ་སེལ་རྒྱུ་གལ་ཆེན་རེད། བར་ཆད་དེ་སེལ་བར་ང་ཚོའི་ངོས་ནས་རྒྱ་གར་གཞུང་ལ་གང་ཞུ་དགོས་པ་དེ་ཞུས་ཚར་ཡོད། ག་དུས་གྲུབ་འབྲས་ཐོན་གྱི་ཡོད་མིན་ཞུ་ཚོད་ཁག་པོ་རེད། ངས་མཚམས་རེ་རྒྱ་གར་གཞུང་གི་ལས་བྱེད་ཚོར་རྩེད་མོ་དང་མཉམ་དུ་ལབ་ཀྱི་ཡོད། ཁྱེད་ཚོ་དང་མཉམ་དུ་ལས་ཀ་བྱེད་དུས་བཟོད་སྒོམ་ཞེ་དྲག་དགོས་ཀྱི་འདུག ཟླ་བ་གཅིག་ནང་དུ་འགྲུབ་ཐུབ་པ་དེ་ཟླ་བ་དྲུག་བདུན་འགོར་གྱི་འདུག ཟླ་བ་དྲུག་བདུན་ནང་དུ་འགྲུབ་པ་དེ་ལོ་གཅིག་འགོར་གྱི་འདུག དེ་ཡིན་མིན་ལ་མ་ལྟོས་པར་རྒྱ་གར་གཞུང་གི་གཟིགས་ཕྱོགས་ཡག་པོ་ཡོད་བསྡད་པ་རེད། ད་ལྟའི་ཆར་བར་ཆད་གང་ཡོད་པ་སེལ་ཐུབ་ན་མ་གཏོགས། ཁ་ཞེ་གཉིས་མེད་ཀྱིས་ལས་འགུལ་སྤེལ་ནའང་དེའི་ཕན་ཐོགས་ག་འདྲ་ཡོང་གི་ཡོད་མིན་ཞུ་ཚོད་ཁག་པོ་རེད་འདུག ཅེས་གསུངས་སོང་།

སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས་དེང་སང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་རབ་དང་རིམ་མང་པོ་འཚོགས་བཞིན་ཡོད་པར་བོད་ཀྱི་དགོན་སྡེའི་ནང་གི་གཞོན་སྐྱེས་གྲྭ་བཙུན་རྣམས་ཚོགས་འདུ་མཉམ་ཞུགས་བྱེད་པའི་མཐོང་ཆེན་སོགས་ཀྱི་སྟེང་དུ་མཐུན་རྐྱེན་སྦྱར་དགོས་གལ་ཆེ་བའི་བསམ་ཚུལ་བཏོན་པར། སྲིད་སྐྱོང་མཆོག་གིས།  བོད་རིག་པའི་ཚོགས་ཆེན་གྱི་སྐོར་ལ་མཚོན་ན། བོད་རིག་པའི་ཚོགས་འདུ་གཉིས་འཚོགས་བཞིན་ཡོད། ད་ལོ་ཅེག་རྒྱལ་ཁབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་འཚོགས་པ་དང་། ཨ་རི་ཝ་ཤིན་ཀྲོང་ཊི་སི་རུ་གཞོན་སྐྱེས་བོད་རིག་པའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུ་དེ་གཉིས་ཀར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཞིབ་འཇུག་བྱས་ཏེ། ཉམས་ཞིབ་པ་ཚང་མར་རྒྱབ་གཉེར་ཡི་གེ་དང་མཐོང་ཆེན་ཡིག་ཆ། དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་ཡོད། དགོན་སྡེ་ནང་གི་ལོ་ན་ཆུང་བའི་དཔེ་ཆ་ཡག་པོ་ཡོད་པ་དེ་ཚོ་འཛུལ་ཞུགས་ཞུ་སྟངས་སྐོར་རེད། སྤྱིར་བོད་རིག་པ་ཚོགས་འདུ་ལོ་གསུམ་གྱི་ནང་དུ་ཐེངས་གཅིག་བསྡུ་བཞིན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་ད་ལོ་བོད་རིག་པའི་ནང་དུ་མཉམ་ཞུགས་བྱས་པ་ཙམ་མ་ཡིན་པར། མཉམ་ཞུགས་བྱེད་པའི་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་པ་དང་མཉམ་ཞུགས་བྱེད་མཁན་རྣམས་གང་ནས་ཡོང་གི་ཡོད་མེད། བརྗོད་གཞི་མ་འདྲ་བ་ག་རེའི་སྟེང་དུ་སྐད་ཆ་བཤད་ཀྱི་ཡོད་མེད། དེ་བཞིན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ག་འདྲ་འདེམས་ཀྱི་ཡོད་མེད་སོགས་ཀྱི་ཐོག་ཏུ་ཆེད་དུ་ཉམས་ཞིབ་བྱེད་མཁན་བཏང་ཡོད། མ་འོངས་བར་ཚོགས་འདུར་ཉམས་ཞིབ་བྱེད་པའི་སྐབས་སུ་མི་སྒེར་གྱི་དཔྱད་རྩོམ་བྲིས་པ་བཀླག་ནས་འགྲོ་བ་ཙམ་མ་ཡིན་པར། ཚོགས་འདུའི་ནང་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་མཉམ་ཞུགས་བྱས་ཏེ་ཕན་ཐོགས་པའི་གནས་སྟངས་ཞིག་ཆགས་པར། ད་ལོའི་ཚོགས་འདུའི་སྙན་ཐོ་འབྱོར་བར་གཞི་བཞག་ནས་མ་འོངས་བར་མཉམ་ཞུགས་བྱེད་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཐུན་རྐྱེན་སྦྱར་སྟངས་སོགས་སུ་བལྟས་ནས་སྔོན་མ་ལས་ཚོགས་འདུ་ཚགས་ཚུད་དང་ཕན་ཐོགས་ཡོང་བར་བཟོ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྐབས་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས་དང་སྤྱི་འཐུས་རིན་ཆེན་རྒྱལ་མཚན་ལགས་གཉིས་ཀྱིས། དྷ་སའི་གྲྭ་ཚང་ཁག་གི་ཁོངས་མེད་པའི་གནས་བཞུགས་གྲྭ་བཙུན་ལ་སྡོད་ཁང་གི་ཆ་རྐྱེན་བསྐྲུན་གལ་ཆེ་བ་དང་སྡོད་ཁང་སྐྲུན་མི་ཐུབ་པའི་གནས་སྟངས་ག་འདྲ་ཞིག་ལ་ཐུག་ཡོད་མིན་སྐོར་དྲིས་པར།  སྲིད་སྐྱོང་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྐབས་གནང་བའི་ལན་དུ། ཕྱིས་འབྱོར་སྡོད་ཁང་མེད་པ་དེའི་ནང་བོད་ནས་འབྱོར་བའི་ལམ་སྟོན་སྒྲིག་གཞི་ནང་གསེས་དོན་ཚན་ ༡༢ ཡོད་པའི་ནང་ཚན་དོན་ཚན་ ༡༤ བར། སྒྲིག་གཞི་བཅོས་མིན་ལ་མ་ལྟོས་པར་ཞེས་པར་དགོན་སྡེའི་ཁག་མ་ཟད། ད་ལྟ་ཁྱིམ་ཚང་ཡོད་མཁན་རྣམས་ལའང་ཁང་པ་ཕུལ་ཐུབ་ཀྱི་ཡོད་པ་མ་རེད། རིམ་པ་དང་པོ་དེ་བོད་ནས་ཡོང་བའི་ཁྱིམ་ཚང་ཡོད་པའི་ནང་མི་དང་མི་གཅིག་ཅན་ལ་ཕུལ་རྒྱུ་དང་། དེའི་རྗེས་སུ་དགེ་འདུན་པ་དང་བཙུན་མ་དགོན་སྡེའི་སྒྲིག་ཁུངས་སུ་མེད་པ་རྣམས་ལ་སྤྲོད་རྒྱུ། སློབ་གྲྭ་འགྲིམས་བཞིན་པའི་སློབ་ཕྲུག་རྣམས་ཀྱི་ལོ་ཚད་ཀྱི་ཚད་གཞིར་བཟུང་མ་གཏོགས་སློབ་གྲྭ་འགྲོ་བཞིན་པར་ཐོབ་ཐང་སྤྲད་ན་ཏག་ཏག་བསྡད་ཀྱི་མི་འདུག སློབ་གྲྭ་ཐོན་ཚར་རྗེས་སྡོད་ཁང་མེད་པ་ཡིན་ན་སྡོད་ཁང་སྤྲད་རྒྱུ་ཡིན་པའི་རིམ་པ་གཉིས་པའི་བང་སྒྲིག་བཞིན་ཡོད། སྒྲིག་ཁུངས་སུ་མེད་པའི་གྲྭ་བཙུན་རྣམས་ལ་གྲོས་ཚོགས་ནས་ཐག་བཅད་དེ་བཀའ་གནང་བ་ཡིན་ན་རིམ་པ་དང་པོའི་ཁུངས་སུ་འཇོག་རྒྱུ་དང་། དེ་མིན་རིམ་དང་པོ་བོད་འབྱོར་ཁྱིམ་ཚང་ ༡༩༩༩ ལ་སྡོད་ཁང་སྤྲོད་ཐུབ་ཡིན་ཚེ། དེ་ནས་རིམ་པ་གཉིས་པ་འགྲོ་པར་འཆར་གཞི་སྒྲིག་དགོས་ཐུབ། རིམ་པ་དང་པོ་འགྲོ་བར་ལོ་གང་འཚམ་འགོར་རྒྱུ་རེད་ལ། དེའི་བར་དུ་གནས་སྟངས་ག་འདྲ་ཆགས་མིན་བཤད་ཤེས་ཀྱི་མི་འདུག ཚང་མ་འཆར་གཞི་ལྡན་པའི་ཐོག་ན་འགྲོ་དགོས་དུས་ད་ལྟ་ཆའི་གསལ་བསྒྲགས་བྱས་ཡོད་པ་དེ་འདྲ་ཞིག་ཡིན། ཞེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་དང་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༤ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༤ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese