མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇར་མན་སྲིད་བློན་ལྕམ་ཨན་ཇི་ལཱ་མཱེ་ཁེལ་ལགས་སུ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

འཇར་མན་སྲིད་བློན་ཟུར་བ་ལྕམ་ཨན་ཇི་ལཱ་མཱེ་ཁེལ་ལགས་ཀྱིས་སྐྱབས་བཅོལ་བ་སྟོང་ཕྲག་མང་པོར་རོགས་རམ་བྱེད་བཞིན་ཡོད་པའི་ངོས་འཛིན་འོག འདི་ལོའི་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྐྱབས་བཅོལ་གཟེངས་རྟགས་ཐོབ་འདུག

དེ་རིང་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༥༡ པའི་སྟེང་འཇར་མན་སྲིད་བློན་ཟུར་བ་ལྕམ་ཨན་ཇི་ལཱ་མཱེ་ཁེལ་ལགས་ཀྱིས་ཡུན་རིང་དམག་འཁྲུག་དང་གར་འགྲོ་ངེས་མེད། དེ་བཞིན་སྐྱབས་བཅོལ་བའི་མི་མང་སྟོང་ཕྲག་མང་པོར་སྲུང་སྐྱོབ་དང་མདུན་ལམ་དང་འཚོ་བ་གསར་པ་བསྐྲུན་པ་སོགས་ཀྱི་ངོས་འཛིན་འོག ཕྱི་ལོ་ ༢༠༢༢ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནཱེན་སན་ (Nansen) སྐྱབས་བཅོལ་གཟེངས་རྟགས་ཐོབ་ཡོད་པའི་གསལ་བསྒྲགས་སྤེལ་འདུག་པ་དང་། གཟེངས་རྟགས་དེ་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་དངོས་སུ་ལྕམ་ཨན་ཇི་ལཱ་མཱེ་ཁེལ་ལགས་སུ་འབུལ་རྒྱུ་ཡིན་འདུག

གཟེངས་རྟགས་འོས་མི་འདེམས་སྒྲིག་ཚོགས་ཆུང་གིས། ལྕམ་ཨན་ཇི་ལཱ་མཱེ་ཁེལ་ལགས་ཀྱི་མགོ་ཁྲིད་ཀྱི་ནུས་པ་དང་སྙིང་སྟོབས། བྱམས་བརྩེ་བཅས་ཀྱིས། གར་འགྲོ་ངེས་མེད་དང་བདེ་འཇགས་འཚོལ་བཞིན་པའི་མི་མང་སྟོང་ཕྲག་མང་པོ་སྐྱོབ་ཐུབ་པ་མ་ཟད། དམག་འཁྲུག་དང་དྲག་གནོན། འགྲོ་བ་མིའི་ཐོབ་ཐང་འཕྲོག་པའི་གནས་སྟངས་འོག་བྲོས་བྱོལ་དུ་འགྲོ་བཞིན་པའི་མི་མང་པོར་སྲུང་སྐྱོབ་བྱེད་ཀྱི་ཡོད། ཁོང་མོས་འཇར་མན་གྱི་ཚོགས་སྡེ་ཁག་གི་རྒྱབ་ཏུ་སྟོབས་ཤུགས་སྤུངས་པ་བརྒྱུད་སྐྱབས་བཅོལ་བ་མང་པོར་སྣེ་ལེན་བྱས་ཏེ། སློབ་གསོ་དང་ལག་ཤེས་སྦྱོང་བརྡར། ལས་གནས་མཁོ་སྤྲོད་སོགས་ཀྱི་མཐུན་རྐྱེན་བསྐྲུན་གྱི་ཡོད་པ་མ་ཟད། ཁོང་ནི་འཇར་མན་གྱི་གནས་སྤོ་སྲིད་ཇུས་རྒྱ་སྐྱེད་གཏོང་མཁན་གྲས་ཀྱི་གཙོ་བོ་ཡིན་པ་དང་དེ་ལ་བརྟེན་ནས་ཉེན་ཁ་ཆེ་བའི་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་སྐྱོབ་ཐུབ་ཡོད། ཅེས་བརྗོད་འདུག

ད་རེས་གཟེངས་རྟགས་འོས་མི་འདེམས་སྒྲིག་ཚོགས་ཆུང་གིས་ལྕམ་ཨན་ཇི་ལཱ་མཱེ་ཁེལ་ལགས་དང་ལྷན་དུ་ས་ཁུལ་གྱི་སྐྱབས་བཅོལ་གཟེངས་རྟགས་ཐོབ་མཁན་བཞི་བསྒྲགས་འདུག དེ་དག་ནི་ཨ་ཧྥི་རི་ཁའི་སྐྱབས་བཅོལ་མེ་གསོད་རུ་ཁག་སྟེ། ཨ་ཧྥི་རི་ཁའི་ནང་ཤིང་སྡོང་སྟོང་ཕྲག་འདེབས་འཛུགས་དང་ནགས་ཚལ་སྲུང་སྐྱོབ།  ཚེ་སྲོག་དང་འཚོ་བ། ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་མཁན་(Mbera Fire Brigade) མེ་གསོད་རུ་ཁག་དང་མི་ཚེ་ལོ་ངོ་ ༥༠ ཙམ་སྡོད་གནས་མེད་པ་དང་དཀའ་ཉེན་ཆེ་བའི་མི་མང་པོར་སྡོད་གནས་དང་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་མཁན་ཨ་རིའི་མི་སེར་སྐུ་ཞབས་(Vicenta González)ལགས། དེ་བཞིན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་དཀའ་ཁག་ཆེ་བའི་མི་རྣམས་ལ་འཕྲོད་བསྟེན་དང་སློབ་གསོ། འཚོ་བ་སོགས་ཀྱི་ཐད་རམ་འདེགས་བྱེད་མཁན་(Meikswe Myanmar)། དཀྱིལ་ཤར་དང་བྱང་ཨ་ཧྥི་རི་ཁའི་ཁུལ་དུ་གཉའ་གནོན་དང་བྲན་གཡོག དབྱེ་འབྱེད་དང་དྲག་རྩུབ་སོགས་ཀྱི་དཀའ་ངལ་འོག་ནས་ཐར་བའི་བུ་མོ་རྣམས་ལ་སྨན་བཅོས་ལྟ་སྐྱོང་བྱེད་མཁན་སྨན་པ་ཧ་སན་ (Dr. Nagham Hasan)ལགས་བཅས་ཡིན་པ་རེད།

Dr. Angela Merkel, then Federal Chancellor of Germany, works in her office at the Federal Chancellery building in Berlin in 2011. © UNHCR/Steffen Kugler

འཇར་མན་གྱི་སྲིད་བློན་ཟུར་པ་ལྕམ་ཨེན་ཇི་ལཱ་མཱེ་ཁེལ་ལགས་ནི། ཕྱི་ལོ་ ༡༩༥༤ ཟླ་ ༡ ཚེས་ ༡༧ ཉིན་འཇར་མན་ནུབ་མའི་ཧྰམ་བྷར་གྷི་ (Hamburg) ས་གནས་སུ་སྐྱེས་ཤིང་། མོས་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ལ་སློབ་སྦྱོང་གནང་སྟེ་ཕྱི་ལོ་ ༡༩༨༩ བར་ཚན་རིག་པ་གནང་སྟེ་ཞིབ་འཇུག་ལ་གཞོལ་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ནས་ ༢༠༡༨ བར་ཡུལ་དེའི་ཡི་ཤུ་དམངས་གཙོ་ལྷན་ཚོགས་ (Christian Democractic Union) ཀྱི་དབུ་ཁྲིད་དང། ཕྱི་ལོ་ ༢༠༠༥ ནས་ ༢༠༢༡ བར་སྲིད་བློན་གྱི་ཕྱག་ལས་གནང་ཡོད་པ་མ་ཟད། ཡོ་རོབ་སྤྱི་མཐུན་ཚོགས་པའི་མང་མོས་དབུ་ཁྲིད་དང་། རང་དབང་འཛམ་གླིང་ཚོགས་པའི་དབུ་ཁྲིད་ཀྱང་ཡིན་སྟབས། འཛམ་གླིང་སྟེང་ཆེས་ནུས་སྟོབས་ཆེ་བའི་བུད་མེད་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

སྐར་མ ༢༣ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese