མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མི་ཚོས་ས་གནས་ཡུལ་མི་རྣམས་ལ་ཕན་ཐོགས་ཀྱིན་ཡོད་པའི་གདེང་འཇོག་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་མངའ་སྡེ་དེར་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ས་གནས་ཡུལ་མིའི་ལྷན་དུ་མཐུན་ལམ་ལེགས་པོ་གཉེར་བ་མ་ཟད། བོད་མིའི་སྲོལ་རྒྱུན་རིག་གཞུང་གིས་ས་གནས་ཡུལ་མི་དག་ལ་ཕན་ཐོགས་ཀྱིན་ཡོད་པའི་གསུང་བཤད་གནང་འདུག

པར་དབང་། ས་མགོ་རིན་ཆེན་ལགས།

ཁ་སང་ཕྱི་ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་། རྒྱ་གར་བྱང་ཤར་བོད་མིའི་གཞིས་ཆགས་བསྟན་འཛིན་སྒང་གི་སམ་བྷོ་ཊ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་མཛད་སྒོ་བསྡུ་ཡི་ཡོད་ཅིང་། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་དམིགས་བསལ་སྐུ་མགྲོན་དུ་ཤར་པ་ཆོས་རྗེས་༧རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། མངའ་སྡེའི་ཆོས་རིག་བློན་ཆེན་འཇམ་དཔལ་དབང་ཕྱུག་མཆོག སློབ་གྲྭའི་དགེ་ཆོས་རྡོ་རྗེ་དགྲ་འདུལ་ལགས་བཅས་ཀྱིས་གསུང་བཤད་གནང་ཡོད་པ་རེད།

དེ་འབྲེལ་རྒྱ་གར་ཨན་ཌེ་བརྙན་འཕྲིན་གསར་ཁང་གིས་དེ་རིང་སྤེལ་བའི་གནས་ཚུལ་ལྟར་ན། སྐབས་དེར་སྐུ་མགྲོན་གཙོ་བོ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། བསྟན་འཛིན་སྒང་བོད་ཀྱི་སམ་བྷོ་ཊ་སློབ་གྲྭའི་འགྲུལ་བཞུད་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཡིན། སློབ་གྲྭ་འདིའི་ལས་དོན་རླབས་ཆེ་ཞིང་དམིགས་བསལ་གྱིས་ཨ་རུ་ན་ཅལ་གྱི་ས་གནས་ཡུལ་མི་དང་བོད་ཀྱི་བུད་མེད་ཚོའི་སློབ་གསོའི་ཐོག་རྒྱ་ཆེ་བའི་ལས་དོན་བསྒྲུབས་ཡོད། ཅེས་བརྗོད་ཡོད་པ་མ་ཟད། ཨ་རུ་ན་ཅལ་གྱི་བཙན་བྱོལ་བོད་མི་དག་གིས། ས་གནས་ཡུལ་མི་དང་འགྲོག་འདྲིས་ཀྱིས་འབྲེལ་ལམ་ཡག་པོ་གཉེར་བར་ཡི་རངས་སྔགས་བརྗོད་བྱས་ཡོད་པ་རེད།

དམིགས་བསལ་དུ་པདྨ་མཁའ་འགྲོ་མཆོག་གིས། ཕྱོགས་སྐྱོད་གང་གི་སྐབས་སུ་ཡིན་ཡང་། ང་བོད་པའི་གཞིས་ཆགས་ཁག་ཏུ་ཆེད་དུ་བསྐྱོད་ཀྱི་ཡོད། ང་ཨ་རུ་ན་ཅལ་མངའ་སྡེའི་ཤར་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གཉིས་ཀྱི་ནང་དུ་སོང་མྱོང་ལ། དོན་དངོས་ཐོག་བོད་རྣམས་ནས་ས་གནས་ཡུལ་མི་རྣམས་ལ་ཕན་ཐོགས་ཀྱི་ཡོད་པ་ཤེས་རྟོགས་བྱུང་། ཅེས་དང་། བོད་མིའི་སྲོལ་རྒྱུན་ཐགས་ལས་དང་ཐགས་ཁྲི། ཧ་ཅང་ཕྱུག་པའི་སྐད་དང་རིག་གཞུང་སོགས་ལས་ས་གནས་ཡུལ་མི་རྣམས་ལ་ཕན་ཐོགས་ངེས་ཅན་ཐོབ་ཡོད་སྐོར་སོགས་བརྗོད་འདུག

ད་རེས་སྤྱི་ཁྱབ་བློན་ཆེན་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་གཞིར་བཟུང་སྟེ། ང་ཚོས་རང་རང་གི་བྱིས་པ་རྣམས་ལ་འགྲོ་བ་མིའི་རིན་ཐང་དང་བྱམས་བརྩེ་རྒྱུན་ལ་འཇགས་པ། ད་དུང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག དེ་བཞིན་སའི་གོ་ལ་སྲུང་སྐྱོབ་སོགས་བྱིས་པར་སློབ་ཁྲིད་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཅས་བརྗོད་ཡོད་པ་རེད།

ཕྱི་ལོ་ ༡༩༧༢ ལོར་གསར་འཛུགས་བྱས་པའི་བསྟན་འཛིན་སྒང་སམ་བྷོ་ཊ་སློབ་གྲྭར་ཁ་སང་ནས་སང་ཉིན་བར་འཚོག་བཞིན་པའི་ལོ་ངོ་ལྔ་བཅུའི་ཕྱིར་དྲན་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་དམིགས་བསལ་སྐུ་མགྲོན་དུ་ཤར་པ་ཆོས་རྗེས་༧རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། མངའ་སྡེའི་ཆོས་རིག་བློན་ཆེན་འཇམ་དཔལ་དབང་ཕྱུག་མཆོག་བཅས་ཀྱི་དབུས་པའི་ས་གནས་མགོ་འཛིན་རིན་ཆེན་ལགས་དང་ས་གནས་འཐུས་ཚོགས་དང་རང་སྡེ་ཚོགས་ཆུང་གི་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འཐུས་ཚབ། དེ་བཞིན་སློབ་གྲྭའི་དགེ་ཆོས་རྡོ་རྗེ་དགྲ་འདུལ་ལགས་གཙོས་པའི་སློབ་ཟུར་དང་སློབ་གྲྭའི་དགེ་ལས་ཡོངས་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་འཛོམས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༣ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese