མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་ཏོག་དབྱིབས་ཞི་རྒོལ་ལ་སྣེ་འཁྲིད་བྱས་པའི་ཉེས་མིང་འོག་མི་གྲངས་ ༢༠༠ ལྷག་བཀག་ཉར་བྱེད་མུས་རེད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་བཀག་སྡོམ་ཤུགས་ཆེན་བྱས་ཏེ་ཟླ་ ༣ ཡས་མས་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་ཕྱི་ནས་ཡོང་བའི་ཞོར་ལས་བ་སོགས་རྒྱ་མི་གཙོ་བོར་གྱུར་བའི་མི་མང་ནས་ཞི་བའི་ངོ་རྒོལ་བྱས་རྐྱེན་མདུན་ཐོན་པ་དང་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག་མི་གྲངས་ ༢༠༠ ལྷག་ཙམ་ཐོག་ཁང་ཆེན་མོ་ཞིག་ཏུ་བཀག་ཉར་བྱེད་མུས་རེད་འདུག

ཉེ་སྔོན་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་བྱེད་མཁན་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་ས་གནས་མི་འདྲ་བར་ཏོག་དབྱིབས་བཀག་སྡོམ་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་བརྙན་ཐུང་ཁག་ཅིག་སྤྱི་ཚོགས་བརྒྱུད་ལམ་དུ་ཤུགས་ཆེན་ཁྱབ་ཡོད་པ་དང་། ཞི་རྒོལ་བྱེད་མཁན་མང་ཆེ་བ་ལྷ་ས་གྲོང་ཁྱེར་བརྒྱད་གཅིག་ལམ་ཟེར་བ་དང་ལྕགས་རོང་སྡེ་ཁུལ་སོགས་སུ་གནས་སྡོད་བྱེད་བཞིན་པའི་ཕྱི་ནས་ཡོང་བའི་རྒྱ་མི་ཡིན་འདུག་ལ། བོད་ས་གཞན་ནས་ཡོང་མཁན་ཡང་ཡོད་འདུག སྤྱི་ཚོགས་བརྒྱུད་ལམ་དུ་ཁྱབ་པའི་བརྙན་ཐུང་ཁག་གི་ནང་དུ་དྲག་ཆས་སྤྲས་པའི་ཉེན་རྟོག་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་བཀག་འགོག་བྱེད་བཞིན་པ་མཐོང་རྒྱུ་ཡོད་པ་ལས། ཞི་རྒོལ་བར་གཅར་རྡུང་འཛིན་བཟུང་བྱས་ཡོད་མེད་གསལ་ཁ་བྱུང་མེད་ནའང་། འདི་ག་བོད་ཀྱི་དུས་བབ་གསར་ཁང་ནས་ལྷ་སར་གནས་སྡོད་བྱེད་མཁན་ཁག་ཅིག་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ཚེས་ ༢༧ ཉིན་འབྲེལ་ཡོད་སྡེ་ཁག་ནས་ཕྱིར་ཕ་ཡུལ་དུ་ལོག་འདོད་ཡོད་མཁན་ཚོ་མིང་ཐོ་འགོད་དུ་ཤོག་ཅེས་བརྡ་ཐོ་ཞིག་འབྱོར་ཡོད་སྟབས་ཐོ་འགོད་བྱེད་དུ་ཕྱིན་སྐབས། ངོ་རྒོལ་ལ་སྣེ་འཁྲིད་དང་མདུན་ཐོན་པ་ཡིན་པའི་ཉེས་མིང་འོག་ལྷ་སའི་དོག་སྡེ་ཁྲོམ་གཞུང་དང་རྔ་ཆེན་ཁྲོམ་དུ་སྡོད་མཁན་མི་མང་ ༢༠༠ ལྷག་ཙམ་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགསས་སྐྲུན་ཐིང་ཟེར་བའི་ཐོག་ཁང་ཆེན་མོ་ཞིག་གི་ནང་བཀག་ཉར་བྱས་ཏེ་ད་ལྟའང་ཀློད་མི་འདུག

འདི་གའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། ད་ལན་གྱི་ངོ་རྒོལ་དེ་སྡེ་ཁུལ་ཁག་ཅིག་ཏུ་བྱུང་ཡོད་པ་དང་། མི་མང་གིས་རྒྱ་ནག་གཞུང་གི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དམ་དྲག་སྲིད་ཇུས་ལ་ངོ་རྒོལ་དང་། ཕྱི་ནས་ལྷ་སར་ལས་ཀ་བྱེད་པར་ཡོང་བ་རྣམས་རང་གི་ཕ་ཡུལ་དུ་ཕྱིར་གཏོང་དགོས་པའི་དགོས་འདུན་བཏོན་ཏེ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། སྐབས་དེར་སྒྲིག་ཆས་གྱོན་པ་དང་མ་གྱོན་པའི་ཉེན་རྟོག་པ་མང་པོ་འབྱོར་ཡོད་ཀྱང་དྲག་གནོན་དང་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་མེད་སྐོར་བརྗོད་བྱུང་།

སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་བརྙན་ཐུང་ཞིག་གི་ནང་དུ། ལྷ་སར་གནས་སྡོད་བྱེད་བཞིན་པའི་བོད་རིགས་བུ་མོ་ཞིག་གིས། གོང་རིམ་ནས་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་བཀག་སྡོམ་ཀློད་རྒྱུ་ཡིན་སྐོར་བཤད་ཡོད་ཀྱང་མ་ཀློད་པར་ཕྱི་ཚེས་ ༡༦ ཉིན་ཀློད་རྒྱུ་ཡིན་སྐོར་བཤད་ཡོད། དེ་ནས་ཡང་ཕྱི་ཚེས་ ༢༦ ཉིན་ཀློད་རྒྱུ་ཡིན་སྐོར་བཤད་ཡོད་ཀྱང་གུ་ཡངས་ཀློད་གྲོལ་བཏང་བའི་གནས་སྟངས་གང་ཡང་མཐོང་རྒྱུ་མེད་ལ། ཉིན་གྲངས་ ༣ ཕྱིན་ན་བཀག་སྡོམ་བྱས་ནས་ཟླ་ ༣ ལོན་གྱི་ཡོད་སྐོར་དང་། ཉིན་རེར་རྒྱ་སྒོར་ ༨༠ རེ་གཏོང་དགོས་ཀྱི་ཡོད་དུས་འགྲོ་སོང་གཏོང་ཐུབ་ཀྱི་མེད་པ་དང་། ད་ལྟའི་ཆར་མང་པོ་ཞིག་མགྲོན་ཁང་དུ་བསྡད་ཡོད་དུས་དངུལ་ཡང་རྫོགས་ཚར་ཡོད་སྐོར་དང་། ཁོང་མོ་ཕ་ཡུལ་ནས་བདེ་ཐང་ངང་ལྷ་སར་ཞོར་ལས་སུ་ཡོང་བ་ཡིན་ཡང་། ཕྱིར་ལོག་སྐབས་ནད་པར་གྱུར་ཏེ་འཁར་རྒྱུག་འཁུར་ནས་འགྲོ་དགོས་ཚོད་ཡོད་སྐོར་བརྗོད་འདུག

ཡང་བརྙན་ཐུང་གཞན་ཞིག་གི་ནང་དུ་ཞོར་ལས་བ་ཞིག་གིས། ང་ཚོར་འདས་པའི་ཟླ་ ༣ རིང་ཡོང་འབབ་མེད་ཀྱང་། འགྲོ་གྲོན་ཐད་སྐར་མ་གང་ཡང་ཆག་ཡང་མེད་སྟབས། ད་ལྟ་ཞོར་ལས་བྱས་པའི་དངུལ་ཚང་མ་རྫོགས་སོང་ཞེས་བརྗོད་འདུག་ལ། ངོ་རྒོལ་གྱི་བརྙན་ཐུང་ནང་མང་པོ་ཞིག་གིས་ང་ཚོ་རང་ཡུལ་དུ་ལོག་གཏང་རོགས་ཞེས་སྐད་འབོད་བྱེད་བཞིན་འདུག ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ནས་དེའི་ཐད་གསར་འགོད་པར་འགྲེལ་བརྗོད་བྱེད་སྐབས། ངོ་རྒོལ་སྐད་འབོད་བྱུང་བ་གསང་ཐབས་བྱས་ཡོད་ཀྱང་། འདུ་འཛོམས་བྱེད་མཁན་མི་མང་ནས་ཕྱིར་ཕ་ཡུལ་དུ་ལོག་འགྲོ་རྒྱུ་ཡིན་སྐོར་རྗོད་ཀྱི་ཡོད་པ་ལྟར། ཏོག་དབྱིབས་བཀག་སྡོམ་གྱི་སྒྲིག་སྲོལ་བཞིན་འགྲོ་ལུགས་བསྒྲུབ་དགོས་ཀྱི་ཡོད་པ་དང་། ཆ་རྐྱེན་ཚང་བ་ཡིན་ན་ལོག་ཕྱིན་ན་འགྲིག་སྐོར་བརྗོད་འདུག

ལྷ་ས་གྲོང་ཁྱེར་གྱི་ཏོག་དབྱིབས་བཀག་སྡོམ་གྱི་ཟུར་ཞིག པར་འདི་གར་མཁོ་སྤྲོད་བྱས།

ལྷ་སར་གནས་སྡོད་བྱེད་མཁན་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར། མི་མང་ནས་ཞུ་གཏུག་བྱས་རྗེས་བཀག་སྡོམ་ཅུང་ལྷོད་དུ་བཏང་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་བརྟག་དཔྱད་ཐེངས་གསུམ་བྱས་ཏེ་འགོས་མེད་པ་ཡིན་ན། ཉིན་ལྟར་ཕྱི་ནས་ཡོང་མཁན་གྱི་ཁྱིམ་ཚང་རེ་ནས་མི་གཅིག་ཕྱིར་རང་ཡུལ་དུ་ལོག་ཆོག་གི་ཡོད་སྐོར་བརྗོད་བྱུང་། ཡིན་ནའང་། འགྲོ་ལུགས་དེའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག་སྟབས་ཁྱིམ་ཚང་རེ་ནས་མི་གཅིག་གཏོང་སྟངས་དེ་ག་འདྲ་ཡིན་མིན་ཤེས་ཀྱི་མི་འདུག དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་ཏོག་དབྱིབས་བཀག་སྡོམ་ཀློད་རྒྱུ་ཡིན་སྐོར་ཡང་ནས་ཡང་དུ་རྗོད་ཀྱི་ཡོད་ནའང་། ད་ལྟའང་བོད་ཀྱི་རྒྱལ་ས་ལྷ་ས་ཙམ་མིན་པར་བོད་ཡུལ་སྤྱི་དང་རྒྱ་ཡུལ་གྲོང་ཁྱེར་ཁག་ཏུའང་ཏོག་དབྱིབས་བཀག་སྡོམ་བྱས་དང་བྱེད་མུས་རེད་འདུག་ལ། གུ་ཡངས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་མེད་གསལ་ཁ་གང་ཡང་མི་འདུག

སྐྱེས་རྒུ་མདོ་ཁྲིན་འདུ་རྫོང་སྡོམ་མདའ་རུ་ཏོག་དབྱིབས་བརྟག་དཔྱད་བྱེད་བཞིན་པ། པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
སྐྱེས་རྒུ་མདོ་ཁྲིན་འདུ་རྫོང་སྡོམ་མདའ་རུ་ཏོག་དབྱིབས་བཀག་སྡོམ་ནན་པོ་བྱེད་བཞིན་པ། པར་འདི་གར་མཁོ་སྤྲོད་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

ཆུ་ཚོད་ ༡༣ སྔོན་ལ།
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་དང་འབྲེལ་བའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༢༦

མཆན། 1

  1. ང་བོད། says:
    ལོ་ 4 སྔོན།

    ཛ་དྲག་ལས་འགུལ་སྤེལ་དགོས་པ་རྡ་རམ་ཚོ་་་་ ནང་འཁྲུག་རྒྱག་རྒྱུ་བཞག་ནས་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese