མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དེ་རིང་དངོས་གནས་རྒྱ་ནག་གི་མགོ་ཁྲིད་ཟུར་པ་ཅང་ཙི་མེན་འདས་གྲོངས་སུ་གྱུར་ཡོད་འདུག  

བོད་ཀྱི་དུས་བབ།
༢༠༢༢/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་གུང་པེ་ཅིན་གྱི་ཆུ་ཚོད་ ༡༢ ཡོལ་ཙམ་ལ་རྒྱ་ནག་གི་མགོ་ཁྲིད་ཟུར་པ་ཅང་ཙི་མེན་ཁྲག་ནད་ཀྱི་རྐྱེན་གྱིས་ཧྲང་ཧེ་གྲོང་ཁྱེར་དུ་འདས་གྲོངས་སུ་གྱུར་ཡོད་ལུགས་ཀྱི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་མགོ་འཁྲིད་ཅང་ཙི་མེན། དྲ་ལམ་གྱི་པར།

འདས་པའི་ལོ་མང་ནང་ཅང་ཙི་མེན་འཛིན་བཟུང་བཙོན་འཇུག་བྱས་ཟིན་པའི་གནས་ཚུལ་ཐེངས་མང་ཐོན་པ་མ་ཟད། ཅང་ཤི་ཚར་བའི་གནས་ཚུལ་ཐེངས་དུ་མར་གསར་ལམ་དུ་ཐོན་ཡོད་པ་རེད། འོན་ཀྱང་། དེ་རིང་ཉིན་རྒྱབ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་ཅང་གི་པར་ཆེན་པོ་ཞིག་བཞག་སྟེ་བློ་མཐུན་ཅང་ཙི་མེན་རྗེས་དྲན་གྱི་པར་ཞེས་བྲིས་པ་ཞིག་སྤེལ་རྗེས། ཕྱི་ནང་གི་གསར་ལམ་ཁག་ཏུ་ཅང་ཙི་མེན་རང་ལོ་ ༩༦ ཐོག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཚ་ཚ་འུར་འུར་གྱིས་སྤེལ་སོང་།

ཅང་ཙི་མེན་གྱི་དུས་སྐབས་སུ་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད། ཕྱི་འབྲེལ། རྒྱའི་རིག་གནས་རྒྱ་སྐྱེད་སོགས་ཀྱི་ཐོག་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། རྒྱ་ནག་གི་འདས་པའི་མི་ལོ་ཧྲིལ་པོ་བཅུ་ཕྲག་འགའི་ཆབ་སྲིད་ཀྱི་དབང་ཐང་རྩེ་མོར་སོན་པ་ཞིག་ཏུའང་རྩི་ཡི་འདུག  ཡོངས་གྲགས་སུ་ཅང་ཙི་མེན་ལ་དམར་གསོད་དྲག་གནོན་དང་རྒྱལ་ཚོང་གསང་ལས་སོགས་ཀྱི་ནག་ཉེས་ཆེན་པོ་བཅུ་ཞེས་པ་སོགས་རྒྱ་ནག་ཚུད་པའི་རྒྱལ་ཁབ་མང་པོའི་ནང་སྐྱོན་འཛུགས་ཀྱི་མིང་རྟགས་བསྡུ་རུབ་དང་སི་པན་རྒྱལ་སྤྱིའི་ཁྲིམས་ཁང་སོགས་སུ་ཁྲིམས་གཏུག་བྱས་ཡོད་པ་རེད།

ཅང་གི་ནག་ཉེས་གཙོ་བོ་ཞིག་ནི་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་དམངས་གཙོ་དོན་གཉེར་བ་སྡེབ་གསོད་བྱས་པའི་དོན་རྐྱེན་ཁྲོད་ཅང་གིས་ཆབ་སྲིད་འཁྲབ་སྟོན་གང་ལེགས་བྱས་ཏེ་གོ་དབང་གི་ཁེ་ཕན་ཆེ་ཤོས་བླངས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༩ ལོར་ཅང་གི་བཀའ་བཀོད་འོག  རྒྱ་ནག་རྒྱལ་ཡོངས་ནང་ཁྱབ་པའི་ཆོས་འཁོར་རྩ་རླུང་ནི་ལོག་ཆོས་ཤིག་ཡིན་ལ། དེས་སྲིད་གཞུང་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་ཉེས་མིང་བསྒྲགས་ཏེ། ཆོས་འཁོར་རྩ་རླུང་ཉམས་ལེན་པ་སྟོང་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད། བཙོན་པ་གྲངས་ལས་འདས་པར་ནང་ཁྲོལ་གསོན་འབྲེག་བྱས་ཏེ་ནག་ཚོང་བརྒྱབ་པ་སོགས་ཀྱི་ནག་ཉེས་ཐེར་འདོན་བྱས་དང་བྱེད་བཞིན་ཡོད་པ་རེད།

 ཕྱི་ལོ ༢༠༠༢ ལོར་ཅང་ཙི་མེན་གྱིས་ཧུའུ་ཅིན་ཐའོ་ལ་ཆབ་སྲིད་ཀྱི་གོ་གནས་བརྒྱུད་སྤྲོད་བྱས་ཡོད་ཀྱང་། ཁོས་མུ་མཐུད་རྒྱ་ནག་གི་དམག་ཕྱོགས་ཀྱི་དབང་ཆ་ཧམ་བཟུང་བྱས་ཡོད་པ་དང་། དེ་བཞིན་ཞི་ཅིན་ཕིང་གི་སྐབས་སུའང་ཅང་གི་དབང་ཤུགས་ཀྱིས་དཀའ་རྙོག་གང་ཙམ་བཟོས་ཡོད་འདུག 

ཅང་ཙི་མེན་ཐེངས་ག་ཚོད་ཅིག་ལ་ཤི་དགོས་པ་རེད།

གསར་འགོད་པ། དཔལ་ལྡན། 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist