མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་བསུའི་ཟློག་པ་བརྒྱབ་པ་རེད་དམ། ཡང་ན་དགའ་བསུའི་ཐལ་མོ་བརྡབས་པ་རེད།

བོད་ཀྱི་དུས་བབ།
༢༠༢༢/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀ

ཉེ་ཆར་ཡུའུ་ཁི་རིན་གྱི་སྲིད་འཛིན་འཛམ་གླིང་སུ་དགའ་མཆོག་ཨ་རིར་ཕེབས་ཏེ། ཨ་རིའི་སྲིད་འཛིན་ཇོ་དཔལ་ལྡན་ལ་མཇལ་འཕྲད་དང་འབྲེལ། ཨ་རིའི་གྲོས་ཚོགས་ནང་གཏམ་བཤད་ཡིད་འགུལ་ཐེབས་པ་ཞིག་གནང་བ་རེད། གནད་དོ་འདི་ནི་ཡུ་ཨུའི་གཡུལ་འགྱེད་དམག་འཁྲུག་ཆེན་མོའི་ཁྲོད་ཀྱི་གལ་གནད་ཧ་ཅང་ཆེ་བ་ཞིག་ཡིན་ཞིང་། དུས་བབ་འདི་འདྲ་ཞིག་ལ་ཡུའུ་ཁི་རིན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕྱི་རྒྱལ་དུ་ཕེབས་རྒྱུར་ཉེན་ཁ་ཧ་ཅང་ཆེ།

ཡུའུ་ཁི་རིན་གྱི་སྲིད་འཛིན་འཛམ་གླིང་སུ་དགའ་མཆོག་ནི་སྲིད་འཛིན་ལ་མ་བཞེངས་སྔོན་ནས་ཁོ་ཚོའི་མི་དམངས་ཀྱིས་དགའ་བསུ་ཧ་ཅང་ཆེན་པོ་ཐོབ་པའི་སྒྱུ་རྩལ་པ་ཞིག་ཡིན་པ་མ་གཏོགས། ཨ་རིའི་སྲིད་ཟུར་བྲོ་ནད་ཁྲམ་ལྟ་བུའི་གཡོ་སྒྱུ་གདུག་རྩུབ་ཆེ་བར་གྲགས་པའི་ཚོང་བ་ཞིག་མ་རེད།

ཉེ་ཆར་སྲིད་འཛིན་འཛམ་གླིང་སུ་དགའ་མཆོག་ཨ་རིར་ཕེབས་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ཚིགས་སུ་གསར་འགྱུར་ཁག་ཅིག་ཡོད་པའི་ཁྲོད་ཀྱི་ལས་བྱེད་ཆེ་གེ་མོས་བཤད་པའི་གསར་འགྱུར་དེར་ཉན་པའི་སྐབས་སུ། ཡུཀ་རེན་སྲིད་འཛིན་གྱིས་ཨ་རིར་ཐུགས་རྗེ་ཆེ་ཞུ་བ་དང་དམག་འཁྲུག་ནང་ཁ་ཕྱོགས་བསྒྱུར་བའི་གནས་བབས་ཡོད་ཚུལ་གསུངས་པ། (voatibetan.com) མོས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་འཛམ་གླིང་སུ་དགའ་ལ་དགའ་བསུའི་ཟློག་པ་བརྒྱབ་པ་རེད་ཅེས་བརྗོད་སོང་། བོད་ཀྱི་སྐད་དང་ཡི་གེའི་བརྗོད་སྟངས་དང་དེའི་གོ་དོན་ངོ་མར་བྱང་ཚད་ཅི་ཡང་མེད་པའི་བོད་མི་ཚོར་མཚོན་ན་འདི་ནི་གནད་དོན་ཅི་ཡང་མིན་མོད། ཐལ་མོ་བརྡབས་པ་དང་ཟློག་པ་བརྒྱབ་པ་ཞེས་པའི་ཐ་སྙད་འདི་གཉིས་ཀྱི་གོ་དོན་དང་དམིགས་ཡུལ་གྱི་ཕྱོགས་སུ་དོ་སྣང་ཡོད་མཁན་ཞིག་ཡིན་ཚེ། ལས་བྱེད་ཆེ་གེ་མོས་བཤད་པའི་གསར་འགྱུར་དེའི་ནང་གི་ཟློག་པ་བརྒྱབ་ཅེས་པའི་ཚིག་དེས། ཉན་པ་པོའི་སེམས་ནང་མི་བདེ་བའི་ཚོར་བ་ཞིག་ངམ་ངམ་ཤུགས་ཀྱིས་བསྐྲུན་ཡོང་གི་རེད།

ང་ཚོའི་འཚོ་བའི་ཁྲོད་དུ་མི་ཞིག་ལ་ཐལ་མོ་བརྡབས་པ་དང་ཟློག་པ་བརྒྱབ་པ་གཉིས་ཀྱི་ངོ་བོ་དང་དམིགས་ཡུལ་རྩ་བ་ཉིད་ནས་མི་འདྲ་བ་སྟེ། ཐལ་མོ་བརྡབས་པ་ནི་མི་དེར་དགའ་བསུ་ཕེབས་བསུའི་རྣམ་འགྱུར་ཞིག་དང་། མི་ཞིག་ལ་ཟློག་པ་བརྒྱབ་ནི་མི་དེར་ངོ་རྒོལ་ཕར་རྒོལ་ཕར་རྒྱུགས་སོགས་ཀྱི་རྣམ་འགྱུར་བསྟན་པ་ཞིག་རེད།

སྤྱིར་བཏང་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་དུ་དགའ་བསུའི་ཐལ་མོ་རྡེབ་པ་འདིའི་ལོ་རྒྱུས་དུས་ཡུན་ཧ་ཅང་ཐུང་ཞིང་། ཕལ་ཆེར་དུས་རབས་ཉི་ཤུ་བའི་དུས་མགོ་ཙམ་ནས་ནུབ་ཕྱོགས་པ་དང་རྒྱའི་རིག་གཞུང་གི་ཤན་ཤུགས་བོད་ཀྱི་འཚོ་བའི་ཁྲོད་དུ་ཐེབས་ཚབས་ཆེ་རུ་སོང་བའི་སྐབས་ཏེ། སྲིད་དོན་མི་སྣའི་ཚོགས་འདུ་དང་ཕེབས་བསུ་སོགས་ཀྱི་དགའ་བའམ་མོས་མཐུན་གྱི་རྣམ་འགྱུར་མཚོན་བྱེད་ཐལ་མོ་རྡེབ་པ་འདི་བོད་ཡུལ་དུ་དར་ཁྱབ་འགྲོ་མགོ་ཚུགས་པ་རེད།

ཡིན་ཡང་བོད་མིའི་ལོ་རྒྱུས་ཁྲོད་དུ་མི་འདོད་པའི་ཆག་ཆེ་ཉམ་ང་བར་ཆད་གདོན་བགེག་མི་དང་མི་མིན་སོགས་ཕར་སྐྲོད་པ་དང་། དེ་དག་གི་གནོད་པའི་ཁ་ཕྱོགས་བསྒྱུར་བ་སོགས་ཀྱི་རེ་སྨོན་བཅངས་ནས། ཆོས་ལུགས་ཀྱི་ཆོ་ག་དཔེར་ན་གདུགས་དཀར་ཟློག་བསྒྱུར་དང་སེང་གདོང་མའི་ཟློག་བསྒྱུར་ལྟ་བུའི་སྒོ་ནས་ཕ་རོལ་པོར་ཟློག་པ་རྒྱག་སྲོལ་ཤུགས་ཆེན་པོ་ཞིག་ཡོད་པ་རེད།

དེའི་ཕྱིར། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་འཛམ་གླིང་སུ་དགའ་མཆོག་དང་ཁོང་གི་གཏམ་བཤད་ལ་དགའ་བསུ་ཡི་རང་གི་ཐལ་མོ་བརྡབས་པ་མ་གཏོགས། ཟློག་པ་བརྒྱབ་པ་ཞིག་རྩ་བ་ཉིད་ནས་མིན་པ་དེ་ཨ་རིའི་བོད་ཀྱི་རླུང་འཕྲིན་ཁང་སོ་སོའི་གསར་འགྱུར་བཤད་མཁན་རྣམ་པས་མཁྱེན་གལ་ཆེའོ།།

*གོང་གསལ་འདྲ་པར་ཡོང་ཁུངས་ཨ་རིའི་རླུང་འཕྲིན་ཁང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

སྐར་མ ༤༡ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢

མཆན། 2

  1. Gangjong says:
    ལོ་ 3 སྔོན།

    ཁྱིམ་ཚང་གི་གསར་འགོད་པའམ་ཁྱིམ་ཚང་དང་གྲོགས་པོ་གྲོགས་མོའི་གསར་འགོད་པ་ཡིན་ན་འདི་འདྲ་ཡིན་ངེས་རེད། ཟློག་པ་ཤུགས་ཆེན་པོ་བརྒྱབ་འདུག ཧ་ཧ།

    Reply
  2. Gangjong says:
    ལོ་ 3 སྔོན།

    ཧ་ཧ། དངོས་གནས་ཟློག་པ་ཤུགས་ཆེན་པོ་བརྒྱབ་འདུག་ཡ། ཧ་ཧ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese