མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྷ་ས་རི་ཉིལ་འབྱུང་སླ་བའི་ས་ཚིགས་ཀྱི་ཁོངས་སུ་ཚུད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

དྷ་སར་རི་ཉིལ་དང་ལམ་བརྡིབས་པའི་དཀའ་ངལ་བྱུང་སྲིད་པས་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་འདུག

With Joshimath in Uttarakhand being declared an unsafe zone due to subsidence, geologists have set alarm bells ringing for McLeodganj in Dharamsala

ལོ་ལྟར་ཆར་དུས་སུ་དྷ་སར་རི་ཉིལ་དང་ལམ་བརྡིབས་པའི་དཀའ་ངལ་ཡང་ཡང་འབྱུང་གི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་(The Tribune)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ས་ཁམས་རིག་པས་ཨུ་ཏ་ར་ཁན་ཌ་ཡི་རྫོ་ཤི་མ་ཐི་(Joshimath)གྲོང་ཁྱེར་དེ་ས་ཉིལ་དང་བརྡིབས་སླ་བའི་ས་ཁུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད།  དྷ་རམ་ས་ལའི་མེག་གྷན་(McLeoadganj)ས་ཁུལ་ཡང་ཉེན་ཁ་ཡོད་པའི་ས་ཁུལ་གྱི་ཁོངས་སུ་ཚུད་ཡོད་སྟབས། ཁོར་ཡུག་ཚན་རིག་གི་ཆེད་མཁས་པ་རྣམས་ཀྱིས་དྷ་སའི་ཁུལ་དུ་རི་ཉིལ་སོགས་མི་ཡོང་བར་སྔོན་འགོག་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་འདུག

དེའི་ཐད་ཁོར་ཡུག་ཚན་རིག་གི་སློབ་དཔོན་དང་སྙན་གྲགས་ཅན་གྱི་ས་ཁམས་རིག་པ་བ་མ་ཧ་ཇན་ (AK Mahajan)ལགས་ཀྱིས། དྷ་རམ་ས་ལ་ནས་མེག་གྷན་དུ་བསྐྱོད་སའི་གཞུང་ལམ་གཙོ་བོ་དེའི་ལམ་ཁའི་ཕྱོགས་མང་པོ་ཞིག་ཉམས་ཉེས་དང་བརྡིབས་སྐྱོན་འབྱུང་གི་ཡོད་པ་མ་ཟད། ཆར་དུས་སུ་དྷ་སར་རི་ཉིལ་བྱུང་བ་ནི་འཆར་ཅན་ལྟ་བུ་ཞིག་ཡིན་པས། མངའ་སྡེའི་གཞུང་དང་ས་གནས་འཛིན་སྐྱོང་ལས་ཁུངས་སོགས་ཀྱིས་མེག་གྷན་དུ་ས་ཉིལ་དང་གཞུང་ལམ་བརྡིབས་པའི་དཀའ་ངལ་མི་ཡོང་ཆེད།  སྔོན་འགོག་དང་དོགས་ཟོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་དང་།  འདས་པའི་ལོ་གཉིས་གོང་དུ་ (Kotwali market)ཡི་ཉེ་འགྲམ་གྱི་གཞུང་ལམ་བརྡིབས་ནས། ད་ལྟའང་བསྐྱར་གསོ་དང་བཟོ་བཅོས་བྱས་ཐུབ་མེད་པའི་ཁར།  འདི་ལོའི་ཆར་དུས་སྐབས་སུའང་མེག་གྷན་དུ་བསྐྱོད་སའི་(Khara Danda road)ཡི་གཞུང་ལམ་ཡང་བརྡིབས་སྐྱོན་བྱུང་སྟེ། ད་ལྟའི་ཆར་བསྐྱར་གསོ་བྱེད་མུས་ཡིན་སྐོར་སོགས་འགྲེལ་བརྗོད་བྱས་ཡོད་འདུག

 ཡང་ཁོང་གིས། ད་ལྟ་གཉན་འཕྲང་ཅན་གྱི་དུས་ཚིགས་འདིའི་སྐབས་སུ་རྫོང་གི་འཛིན་སྐྱོང་ལས་ཁུངས་ཀྱིས་མེག་གྷན་ཁུལ་དུ། ཆུའི་ཡུར་བ་ཚད་ལྡན་བསྐྲུན་རྒྱུ་དང་། མེག་གྷན་དུ་གྲངས་ལས་འདས་པའི་ཁང་པ་འཛུགས་སྐྲུན་བྱས་ཡོད་པས། ད་ལྟ་རི་ངོགས་དེར་ཁང་པ་བསྐྲུན་རྒྱུའི་ས་ཆ་ཚད་ལྡན་མེད་པ་མ་ཟད། མི་རྣམས་ཀྱིས་མུ་མཐུད་དུ་ཁང་བརྩེགས་མང་པོ་འཛུགས་སྐྲུན་བྱས་ཚེ། ས་བཅུད་ཉམས་པ་དང་ཁང་པའི་རྨང་རྡོ་སོགས་བརྟན་པོ་མི་ཡོང་བའི་ཚོད་དཔག་བྱས་འདུག་ལ།  དེ་བཞིན་ས་ཁམས་ཆེད་མཁས་པ་ཁག་ཅིག་གིས་ཀྱང་དྷ་ས་ལྟ་བུའི་ས་རུད་བྱུང་སླ་བའི་ས་ཚིགས་ཁག་ཏུ་མུ་མཐུད་འཛུགས་སྐྲུན་བྱས་ཚེ། མི་རྣམས་ཀྱི་ཚེ་སྲོག་ལའང་གནོད་འཚེ་ཡོང་རྒྱུའི་ཉེན་ཁ་ཡོད་སྐོར་སོགས་བརྗོད་འདུག

མེག་གྷན་ནི་རྒྱ་གར་བྱང་ཕྱོགས་ཀང་རཱ་རྫོང་ཁོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཆེས་མང་བའི་ས་ཚིགས་ཤིག་ཡིན་ཞིང་། དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་སྒར་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཡིན་པ་མ་ཟད། མི་རིགས་སྣ་མང་དང་རིག་གཞུང་སྣ་མང་འཛོམས་པའི་རི་གྲོང་ཞིག་ཀྱང་ཡིན་པ་རེད། ཆེད་མཁས་པ་རྣམས་ཀྱིས་ས་ཁམས་ཞིབ་འཇུག་བྱས་པ་བརྒྱུད། དྷ་སའི་གྷམ་རུ་ (Gamru) དང་རྗོ་གྷི་ཝ་ར་ (Jogiwara)། དེ་བཞིན་ཏི་རཱ་ (Tirah Lines) དང་བྷ་ར་ཀོ་ཊི་ (Barakoti)། ཀཱརྗ་ལོཌ་ (Kajlot)། དྷི་ཨལ་ (Dhial)། ཆོ་ལཱ་ (Chohla) སོགས་སུ་ས་རུད་འབྱུང་སླ་བའི་ས་ཚིགས་ཀྱི་ཁོངས་སུའང་ཚུད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist