མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་སྔགས་ཟུང་འབྲེལ་གྱིས་གཞན་ཕན་སྒྲུབ་སྟངས། (ཚན་པ་དང་པོ)

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ

—ཚོགས་མི་ལྔ་བརྒྱ་ཡོད་པའི་གསོ་བ་རིག་པའི་སྐད་འཕྲིན་ཚོམས་ཆེན་ཞིག་གི་སྟེང་དུ་བརྗོད་པའི་སྐད་ཆ།

ཨེ་ཝཾ་གསང་སྔགས་གླིང་གི་ཆོས་གྲོགས་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། དེ་ནས་དྲྭ་གྲོགས་འོད་ཟེར་གོ་ཆ་ཚང་གིས་བདུན་ཕྲག་གཅིག་གཉིས་ཤིག་གི་སྔོན་ལ། ང་ལ་ཨེ་ཝཾ་གསང་སྔགས་གླིང་དུ་སྨན་དང་སྔགས་ཀྱི་ཟུང་འབྲེལ་སྐོར་ནས་སྐད་ཆ་ཅུང་ཙམ་བཤད་རོགས་ཅེས་བཀའ་ཕབ་སོང་། སྐྱེས་བུ་དམ་པ་དེ་འདྲ་ཡིས་བཀའ་ཕབ་པ་ཡིན་ན། རང་ལ་ཤེས་ཡོན་དེ་འདྲ་མེད་ན་ཡང་། སྐྱེས་བུ་དམ་པ་དེ་འདྲ་ཡི་བཀའ་བཅག་ན་འགྲིག་གི་མི་འདུག་བསམས་ནས་ལགས་སོ་ཞུས་ཡོད། དེ་ཙམ་ཅིག་མ་གཏོགས། སྨན་དང་སྔགས་ཀྱི་སྐོར་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན། མཁས་པ་མགུ་བའི་ལེགས་བཤད། བླུན་པོའི་བློ་ཁ་འགྱུར་བྱེད། དེ་འདྲ་དམིགས་བསལ་ཅིག་ཡོད་པ་རྩ་བ་ཉིད་ནས་མིན། དེ་མིན་པ་ང་རང་ལ་རྒྱུས་ཡོད་པ་ཀུན་གྱིས་ཧ་གོ་གི་ཡོད།

ད་ཡིན་ན་ཡང་། སོ་སོ་སྐྱེ་བ་སྔོན་མ་ནས་ཚོགས་ཉུང་ཉུང་ཅིག་བསགས་ནས། བོད་གངས་ཅན་གྱི་བོད་མི་ཞིག་གི་སྐྱེ་བ་བླངས། དེ་ནས་ཡང་ག་ལེར་ག་ལེར་ནར་སོན་ནས། ཆོས་བརྒྱུད་རིས་སུ་མ་ཆད་པ། རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས་པ། འདི་འདྲའི་ཆོས་བརྒྱུད་དག་གི་དགེ་བའི་བཤེས་གཉེན་དམ་པ་དྲུག་བཅུ་ལྷག་གིས་རྗེས་སུ་བཟུང་ནས། དབང་དང་ལུང་དང་ཁྲིད་དང་། མདོ་དང་སྔགས་ལ་སོགས་པ་མང་པོ་ཅིག་ཞུས་ནས་ཐོབ་མཁན་ཞིག་ཡིན། དེའི་ནང་ནས་སྨན་དང་སྔགས་ཟེར་བ་འདིའི་སྐོར་ལ་ན་སོ་གཞོན་པའི་སྐབས་སུ་ཡང་དོ་སྣང་ཡོད་མཁན་ཞིག་ཡིན་། ང་ཚོའི་ཕ་ཡུལ་ནས་སྨན་པ་ཞིག་བྱེད་པའི་རེ་བ་བརྒྱབ་སྟེ། གསོ་རིག་རྒྱུད་བཞིའི་ནང་ནས་གང་ལ་གང་འཚམ་ཞིག་བློ་ལ་བཟུང་སྟེ། གསོ་རིག་མཁས་དབང་དགེ་བཤེས་བྱམས་པ་འཕྲིན་ལས་ཚང་ལས་དེའི་ཐད་ཀྱི་དཔེ་ཁྲིད་ཞུས། སྨན་ཡིག་འདྲ་མི་འདྲ་ལ་བལྟས། དང་པོ་དཔལ་ལྡན་རྒྱུད་བཞི། དེ་ནས་དེའི་འགྲེལ་བ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡི་བཻཌཱུརྱ་སྔོན་པོ་ཡི་སྟོད་ཆ་སྨད་ཆ་གཉིས་ཡོད་པ་དེ་ཚོ་ལ་སློབ་སྦྱོང་བྱས། དེའི་རྗེས་སུ་ཡང་སྨན་ཡིག་འདྲ་མིན་ལ་སློབ་སྦྱོང་བྱས་ནས། འདས་པའི་ལོ་ཉུང་མཐའ་ཡང་སུམ་ཅུ་ལྷག་ལ་གསོ་བ་རིག་པར་སློབ་སྦྱོང་དང་དཔེ་བལྟས་བྱས་པ་ཡིན། ཡིན་ན་ཡང་། དངོས་སུ་སྨན་པ་ཡི་ལག་འཁྱེར་བླངས་ནས་སྨན་སྤྲོད་མཁན་དེ་འདྲ་ཞིག་མིན། དེ་ཐོག་མར་ཁྱེད་རྣམས་ལ་ཞུ་གི་ཡོད།

དེ་འདྲ་བྱས་ནས་སོ་སོ་ལ་མཚོན་ན་ཆུང་དུས་ནས་ད་ལྟའི་བར་དུ་སྨན་དང་རྩིས་ལ་སོགས་པར་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱིས་དགོས་མཐོ་བྱུང་དུས་ལག་ལེན་བྱེད་མཁན་ཞིག་ཡིན། དེ་ནས། ང་རང་གི་ཨ་མ་ཡི་ཕུ་བོ། དགེ་བའི་བཤེས་གཉེན་ཞིག་ཡོད་པ་རེད། རྡོ་རྗེ་རྣལ་འབྱོར་མའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡོད་པ་རེད། ཁོང་གིས་བོད་སྨན་གནང་གི་ཡོད་པ་དེ་འདྲ་ཞིག་ཡིན། དེ་ནས་ང་རང་གི་སྙན་ངག་གི་དགེ་རྒན། དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཡོད་པ་རེད། ཁོང་ཡིན་ན་ཡང་བསམ་གྱིས་མི་ཁྱབ་པའི་སྨན་པ་མཁས་པ་ཆེན་པོ་རེད། ང་རང་ལ་མཚོན་ན་ལོ་ཤས་རིང་ཁོང་གི་མདུན་དུ་གསོ་རིག་རྒྱུད་བཞི་ལ་སོགས་པ་སློབ་སྦྱོང་བྱས་པ་ཡིན། དེ་ནས་ང་རང་གི་སྒེར་ལ་མཚོན་ན་ཡང་སྨན་ཆ་ངེ་ཆུང་ངེ་ལག་ལེན་བྱེད་པ་དང་མཉམ་དུ་སྔགས་ཀྱང་ཉམས་ལེན་བྱེད་མཁན་ཅིག་ཡིན། དཔེར་བཞག་ན། ང་ཚོ་འཁྱུད་དཔྱད་ཟེར་བ་ཞིག་ཡོད་པ་རེད། འཁྱུད་དཔྱད་ཟེར་བ། སྤྱིར་གཏང་གི་གྲོང་ཆོག་པ་དེ་ཚོས་ལག་ལེན་བྱེད་པ་། དཔེར་ན་མི་ཚང་གི་ཕྲུ་གུ་ཆུང་ཆུང་དེ་ཚོ་མཚན་མོ་ངུས་ནས་དངངས་སྐྲག་ཡོད་པ་དེ་ལ་ཡང་། ཕྲུ་གུ་དེའི་སྐེ་ལ་འཁྱུད་དཔྱད་ལས་བྱུང་བའི་སྲུང་འཁོར་དེ་འདྲ་བཏགས་པ་ཡིན་ན། མཚན་མོ་མི་ངུ་བ་དང་། དེ་ནས་ཡང་དགུན་ཁའི་མཚན་མོར། མཚམས་རེར་ནོར་དང་ལུག་ལ་སོགས་པ་རི་སྒང་དུ་ཞག་གཅིག་གཉིས་རེར་བསྐྱུར་བ་ཡིན་ན། སྤྱང་ཀི་དེ་འདྲ་ཡི་གནོད་འཚེ་མི་ཡོང་བའི་ཆེད་དུ། ངའི་པ་ལགས་ཀྱིས་རྡོ་གཡའ་མ་ཞིག་གི་ངོས་སུ་སྤྱང་ཀི་དེ་འདྲ་ཡི་རྐང་ལག་བཞི་བོ་དང་མཆུ་ཏོ་སོགས་ཐག་པས་བསྡམས་པ་ཞིག་བྲིས་ཏེ། དེ་ལ་སྔགས་འདྲ་བོ་བརྒྱབ་ནས་ས་འོག་ཏུ་སྦས་པ་ཡིན་ན། སྤྱང་ཀི་ཡི་གནོད་འཚེ་མི་ཡོང་འདྲ་བོ། དེ་འདྲ་མང་པོ་བྱས་མྱོང་ཡོད། དེ་ནས་ཡང་ཕྲུ་གུ་ཆུང་ཆུང་དེ་ཚོ་མི་འདྲ་མིན་དང་སྲོག་ཆགས་འདྲ་མིན་ལ་སོགས་པ་སྐྲག་ཐག་ཆོད་ནས། མཚན་གང་བོར་གཉིད་མ་ཁུག་པར་ངུ་རྒྱངས་བྱེད་པ་ཞིག་ཡོད་པ་རེད། དེའི་སྐབས་ཐོག་དེ་ལ་ཕྲུ་གུ་ཆུང་ཆུང་དེ་སུ་ལ་སྐྲག་པ་ཧ་མ་གོ་བར་འདུག་ན། དེ་ལ་ག་རེ་བྱེད་གི་འདུག་ཟེར་ན། དེའི་སྐབས་ཐོག་དེ་ལ་ཁ་སང་དེ་རིང་ནང་བཞིན་ཧ་ཡང་ལ་སོགས་པ་ལས་སླ་བོར་རག་གི་མི་འདུག སྐབས་དེར། རྒྱ་མིའི་སོ་སྨན་ཅིག་ཡོད་པ་རེད་ལ། སོ་སྨན་དེ་འདྲ་རིགས་གཅིག་རང་ཡོད་པ་རེད། རྒྱ་སྐད་དུ་ཀྲུང་ཧྭ་ཡ་གོ་ཟེར་བ་ཞིག་ཡོད་པ་རེད། ཀྲུང་ཧྭ་ཡ་གོ་ཟེར་བའི་པགས་པ་དེ་ཞ་ཉེ་རེད།  ལྕགས་ཀྱི་ཐོམ་བུ་ཞིག་གི་ནང་དུ་སྣུམ་བླུགས་ནས་ཁོལ་དུ་བཅུག་ཅིང་། དེའི་ནང་དུ་ཀྲུང་ཧྭ་ཡ་གོ་ཡི་པགས་པ་དེ་འཕངས་ནས་ཞུ་རུ་བཅུག་སྟེ། དེ་ཕྲུ་གུ་དེའི་མགོ་ཐོག་ཏུ་བསྐོར་ནས། སྔགས་འདྲ་པོ་ཞིག་སྟེ། ཕྲུ་གུ་དེ་གང་ལ་སྐྲག་པ་དེ་ང་ལ་སྟོན་རོགས་གནང་ཟེར་ནས། བོད་སྐད་དུ་བཏོན་བཞག་པ་མ་གཏོགས་སྔགས་ཟེར་བ་དེ་ཡང་དེ་རེད། སོ་སོའི་འདོད་པའི་དོན་དེ་རྒྱ་གར་གྱི་ཡི་གེར་བྲིས་པ་ལ་སྔགས་ཟེར། བོད་པའི་ཡི་གེའི་ནང་དུ་ཡོད་ན་ཡང་སྔགས་རེད་ལ། དེ་འདྲ་ཚར་ཁ་ཤས་བཏོན་ནས་ཕྲུ་གུའི་མགོ་ལ་བསྐོར་ནས་བཞུས་ཚར་བའི་སྣུམ་ནང་གི་ཞ་ཉེ་དེ་ཆུ་གྲང་མོ་ཞིག་གི་ནང་དུ་བླུགས་པ་ཡིན་ན། དེའི་ནང་དུ་ཕྲུ་གུ་དེ་མི་འདྲ་བོ་དང་སེམས་ཅན་འདྲ་པོ་གང་ལ་སྐྲག་པ་ཡིན་ན། དེའི་གཟུགས་བརྙན་དེ་ཡང་དག་པ་ཅིག་ཕབ་གི་རེད་ལ།  དེ་ཡང་ཧངས་སང་བ་ཞིག་ཕབ་ཡོང་གི་རེད། ངའི་ཚ་བོ་ཅིག་ཡིན་ནམ་སྤུན་ཆུང་བ་ཞིག་ཡིན་། གང་ལྟར་ཅི་ཞིག་ལ་སྐྲག་པ་མ་ཤེས་ནས། ང་ཚོས་དེ་འདྲ་བྱས་པ་ཡིན། དེ་ལྟར་བྱས་པའི་རྗེས་སུ། ཞ་ཉེའི་དེའི་ངོས་སུ་མི་རྒན་ཚར་ཞྭ་གོན་པ་ཞིག་ཕབ་ཡོང་བ་རེད། དེ་ནས་ང་ཚོས་ཚར་ཞྭ་གོན་པའི་ཞ་ཉེ་ལེབ་མོ་དེ་ལ་ཨི་ཁུང་ཅིག་བརྟོལ་ནས་ཕྲུ་གུ་དེའི་སྐེ་ལ་བཏགས་པ་ཡིན། དེ་ལྟར་བྱས་པ་ཡིན་ན་འཇིགས་སྐྲག་འདྲ་བོ་དེ་རང་ཤུགས་སུ་ཡལ་འགྲོ་གི་འདུག

འདིར་བརྗོད་འདོད་པ་ཞིག་ལ། ལོ་གཉིས་སྔོན་ཁོ་བོས་དབྱིན་ཡིག་དང་པ་ལི་ནས་བོད་ཡིག་ཏུ་བསྒྱུར་པའི་ཆོས་ཀྱི་ཚིགས་སུ་བཅད་པའི་གླེང་གཞིའི་གཏམ་རྒྱུད་སུམ་བརྒྱ་ཞེས་པ་དེའི་ཁྲོད་དུ། གནས་བརྟན་སྡེ་བའི་ལུགས་ཀྱི་བཅོམ་ལྡན་འདས་ཀྱིས་གཏན་འབེབས་གནང་བའི་དགེ་ཚུལ་སློང་གི་བཅས་ཁྲིམས་དག་གི་ཁྲོད་དུ། ཁོང་གིས་རྗེས་འཇུག་གྲྭ་པ་ཚོས་གསོ་བ་རིག་པར་སྦྱངས་ནས་དམངས་ཁྲོད་དུ་སྨན་བཅོས་བྱེད་མི་ཆོག་པའི་འདུལ་ཁྲིམས་ཤིག་བཟོས་འདུག་ཅིང་། སྐབས་རེར་གྲྭ་པ་ལ་ལ་བཙུན་པའི་སྡོམ་ཁྲིམས་མ་ཞུས་པའི་སྔ་རོལ་ཏུ་སྨན་པ་ཡིན་ཞིང་། གྲྭ་བཙུན་གྱི་སྡོམ་པ་ཞུས་པའི་རྗེས་སུ་ཡང་དམངས་ཁྲོད་དུ་སོང་ནས་ནད་པར་སྨན་བཅོས་བྱེད་པ་ལ། གནས་བརྟན་དག་གིས་བཅོམ་ལྡན་འདས་ཀྱི་བཅས་ཁྲིམས་དང་འགལ་མཁན་ཞེས་ལྟ་སྟངས་ངན་པ་བཟུང་པའི་སྐོར་གྱི་གཏམ་རྒྱུད་ཅིག་འདུག ཡིན་ན་ཡང་། བོད་བརྒྱུད་ནང་བསྟན་འདི་ནི་ཐེག་པ་གསུམ་པོ་ཐུག་པ་བཞིན་དཀྲུགས་ཏེ་བཟོས་པའི་བསྟན་པ་ཞིག་ཡིན་པས། གྲྭ་པས་གསོ་བ་རིག་པར་སྦྱངས་ཏེ་དམངས་ཁྲོད་དུ་ནད་པར་གསོ་བཅོས་བྱེད་པ་དང་། དགེ་སློང་ཡིན་ཡང་བུད་མེད་ཀྱི་ལག་པར་འཇུས་ཏེ་རྩ་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་ལ་ལྟ་སྟངས་ངན་པ་འཛིན་མཁན་ཞིག་ཧ་ལམ་མི་འདུག

ད་དེ་ནས་དམངས་ཁྲོད་ན་ཡང་གསོ་བཅོས་ཀྱི་རིགས་འདིར། དངོས་སུ་ལེགས་སྦྱར་གྱི་སྔགས་དང་། བོད་པ་ཡི་བོད་ཀྱི་ནང་དུ་ཡོད་པའི་སྔགས་ཚིག་འདྲ་བོ། དེ་འདྲ་དང་ལྷན་དུ་ལག་ལེན་བྱེད་རྒྱུ་མང་པོ་ཡོད་པ་རེད། དེ་དཔེ་མཚོན་ཆུང་ཆུང་ཞིག་རེད། དེ་ནས་ཡང་དཔེ་བཞག་ན། ང་ཚོ་ཕྲུ་གུ་ཆུང་ཆུང་གི་སྐབས་དེ་ལ་གྲོད་ཁོག་ན་རྒྱུ་ཡོད་པ་རེད། ང་ཚོ་ཕ་ཡུལ་ནས་དེ་གླང་འཐབ་ཟེར་གྱི་རེད། དེའི་སྐབས་ཐོག་དེ་ལ་ཡང་། གཙོ་ཆེ་ཤོས་ང་ལ་མཚོན་ན་ཨ་མ་དེ་རེད། གོ་ཁའི་ནང་གི་ཐལ་བ་དཀར་པོ་དེ་ཞིབ་ཞིབ་ཏུ་བཟོས་ནས། དེ་ནས་ཨ་མ་མོ་རང་གི་ལག་པའི་ནང་དུ་བཟུང་སྟེ་ང་ཚོའི་གྲོད་ཁོག་སྟེང་འཕུར་བཞིན། ངག་ནས་ངའི་ཕྲུ་གུའི་གྲོད་ཁོག་ན་བ་དེ་དྲག་པར་ཤོག། རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས། ཟེར་ནས་དབྱངས་ལ་འགུག་བཞིན་ག་ལེར་ག་ལེར་ཕུར་བ་ཡིན་ན། ན་ཟུག་རིམ་གྱིས་འཇགས་འགྲོ་བ་རེད། དེ་ཡང་དཔེ་མཚོན་གཅིག་རེད། ད་དེ་ནས་སྨན་དང་སྔགས་ཟུང་དུ་འབྲེལ་གི་ཨེ་རེད་ཟེར་ན། བོད་པའི་རིག་གཞུང་ནང་དུ་སྨན་དང་སྔགས་ཟུང་འབྲེལ་ཤུགས་ཆེན་པོ་བྱེད་ཀི་རེད། རྒྱ་ནག་འདྲ་བོ་མཚོན་ན། ཕལ་ཆེར་ཤུགས་ཆེན་པོ་ཞིག་ཡོད་རྒྱུ་མ་རེད། ཡིན་ནའང་། ཁོ་རང་ཚོ་ལ་མཚོན་ན་ཏའོ་ཆོས་ལུགས་ཟེར་བ། དབྱིན་ཇིའི་སྐད་དུDaoism ཟེར་བ། ཏའོ་ཆོས་ལུགས་ཀྱི་ནང་དུའང་གཟུངས་སྔགས་འདྲ་བོ་བགྲང་བཞིན་སྨན་འདྲ་མི་འདྲ་བསྐོལ་བ་དང་། འཆི་མེད་ཚེ་ཡི་རིལ་བུ་བསྒྲུབས་པ་ཟེར་བ་སོགས་འདྲ་མི་འདྲ་ཡོད་པ་རེད།

ང་ཚོ་བོད་པའི་ནང་དུ་དེ་ལས་ལྷག་ཅིག་ཡོད་པ་རེད། མང་པོ་ཅིག་འདུག་དཔེ་བཞག་ན། བླ་མ་མི་ཕམ་ཚང་གི་གསུང་འབུམ་ཉི་ཤུ་རྩ་ལྔ་རྩ་དྲུག་ཙམ་ལས། པོད་གཅིག་དེ་གསོ་རིག་གི་སྐོར་རེད། གསུང་འབུམ་དེ་ཀློག་ཡོང་ན་ཤེས་པར་འདུག་ལ།  དེའི་ནང་དུ་གསོ་བ་རིག་པའི་སྨན་གྱི་སྦྱོར་སྡེབ་འདྲ་མིན་ཧ་ཅང་མང་པོ་ཞིག་དང་། དེ་དང་མཉམ་དུ་སྔགས་ག་རེ་ཞིག་བགྲང་དགོས་པ་སོགས། དཔེར་ན་མགོ་ནད་དང་མིག་ནད་ཁ་ནད་སྣ་ནད་ལ་སོགས་མང་པོ་ཞིག་ལ། སྨན་རེ་རེ་ལ་སྔགས་རེ་རེ་ཕལ་ཆེར་འདུག་ལ། དེ་ཚོ་ལ་བལྟས་ཡོང་ན་ངོ་མ་བསམ་གྱིས་མི་ཁྱབ་པ་རེད། དངོས་གནས་དྲང་གནས་སྨན་དང་སྔགས་གཉིས་ཁ་བྲལ་ཐབས་མེད་པ་ཞིག་རེད། སྔོན་མ་ཡིན་ན་ང་ཚོ་བོད་ཀྱི་ཆོས་བརྒྱུད་སྤྱི་དང་། ཁྱད་པར་དུ་སྔ་འགྱུར་རྙིང་མ་བ་ལ་སྔགས་འཆང་མང་པོ་ཡོད་པ་རེད། ཁོ་རང་ཚོའི་ལུགས་སྲོལ་དེ་ལ་ཡང་། གལ་སྲིད་སློབ་སྦྱོང་གི་ཆ་རྐྱེན་དང་གོ་སྐབས་ཡོད་ན་སྨན་དང་སྔགས་གཉིས་ཀ་ལ་མཁས་དགོས་པ་ཞིག་རེད་འདུག་ལ། དཔེར་ན་ཁ་སང་དེ་རིང་གི་རེབ་གོང་གི་སྔགས་པ་མང་པོ་ཅིག་འབག་བཟོ་བར་མཁས་པ་དང་ཐང་ག་བཟོ་བར་མཁས་པ། དེ་ལྟ་བུའི་རེབ་གོང་ལ་ལུགས་སྲོལ་ཅིག་ཡོད་པ་རེད། དེ་ནང་བཞིན་སྔོན་མ་ཡིན་ན། བོད་ཀྱི་མདོ་དབུས་ཁམས་གསུམ་ནང་གི་སྔགས་པ་མང་པོ་སྔགས་ལ་མཁས་དགོས་པ་རེད་ལ། མཁས་ཟེར་ན་ད་སྔགས་ཀྱི་ནུས་པ་ཐོན་དགོས་པ་རེད། དེ་དང་མཉམ་དུ་སྨན་ཡང་སྦྱངས་ཏེ། གསོ་རིག་རྒྱུད་བཞི་མགོ་ནས་མཇུག་བར་དུ་སྦྱངས་ནས་ཁྱད་དུ་འཕགས་པ་ཐོབ་མཁན་ཡོད་པ་རེད། དེ་མ་ཡིན་པའི་སྤྱིར་གཏང་གི་གསོ་བ་རིག་པའི་ལག་ལེན། མེ་བཙའ་ལྟ་བུ་དང་། སྐམ་ཁབ་ལྟ་བུ། དེ་འདྲ་བའི་གནས་སྐབས་གནས་སྐབས་གསོ་རིག་གི་ཉེ་བར་མཁོ་བའི་བཅོས་ཐབས་སྟབས་བདེ་བོ་དེ་འདྲ་མང་པོ་སྦྱོང་གི་ཡོད་པ་རེད།

དེ་ནས་ལྷ་ས་སྨན་རྩིས་ཁང་གི་འགན་འཛིན་བྱམས་པ་འཕྲིན་ལས་གྱིས་བརྩམས་པའི་གངས་ལྗོངས་གསོ་རིག་མཁས་དབང་རིམ་བྱོན་གྱི་ལོ་རྒྱུས་ཤིག་ཡོད་པ་རེད། དེའི་ནང་དུ་ཕལ་ཆེར་གསོ་རིག་མཁས་པ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་བསམ་སོང་། དེར་ཕར་བལྟས་ཡོང་ན་མང་ཆེ་ཤོས་དེ་སྔ་འགྱུར་རྙིང་མ་བའི་སྔགས་འཆང་དེ་འདྲ་རེད་འདུག་ལ། སྔགས་ཉམས་སུ་ལེན་མཁན་ཡིན་པ་ལ་གསོ་བ་རིག་པ་ཉམས་སུ་ལེན་མཁན་ཡིན་པ། དེ་ནས་སྤྱིར་གཏང་སྔོན་མ་ང་ཚོ་བོད་ཀྱི་ལོ་རྒྱུས་སྒང་ལ་ཡིན་ན། སྨན་པ་ཞིག་ཡིན་ན་གཡུ་ཐོག་སྙིང་ཐིག་གི་དབང་ཞུ་དགོས་པ་དེ་ལྷ་ས་ལྕགས་པོ་རི་ནས་གཏན་ལ་ཕབ་ནས་ལུགས་སྲོལ་དུ་ཆགས་ཡོད་པ་རེད་ལ། གཡུ་ཐོག་སྙིང་ཐིག་དེ་ཤུགས་ཆེན་པོ་དར་སྤེལ་བྱེད་མཁན་དེ་ལ་བླ་སྨན་སྐད་གྲགས་ཆེན་པོ་ཞིག་ཡོད་པ་རེད་ལ། དེའི་མཚན་ལ་མཁྱེན་རབ་ནོར་བུ་ཞུ་གི་རེད། ཁོང་ཚོ་བརྒྱུད་ནས་སྨན་དང་སྔགས་ཀྱི་ཟུང་འབྲེལ་གྱི་སློབ་སྦྱོང་དར་ཁྱབ་ཆེན་པོ་བྱུང་འདུག

འདིའི་སྐབས་ཐོག་གི་སྔགས་ཟེར་བ་དེ་སངས་རྒྱས་སྨན་བླ་དང་། སྨན་པའི་རྒྱལ་བོ་གཡུ་ཐོག་ཡོན་ཏན་མགོན་པོ་ཡི་གཡུ་ཐོག་སྙིང་ཐིག་དང་འབྲེལ་ནས། སྨན་པ་ཞིག་ཡིན་ཕྱིན། གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ། ཕྱི་སྒྲུབ། གསང་སྒྲུབ། ནང་སྒྲུབ། རྫོགས་རིམ་སོགས་མང་པོ་ཞིག་འདུག་པ་དེ་དག་སྨན་པ་མང་པོས་བླ་མ་ལས་ཞུས་ཏེ་ཉམས་སུ་ལེན་དགོས་གི་ཡོད་པ་རེད། མ་མཐའ་ཡང་གསོ་བ་རིག་པའི་སྨན་པ་ཞིག་ཡིན་ན། གཡུ་ཐོག་སྙིང་ཐིག་གི་ལུང་ཞིག་ཞུ་དགོས་གི་ཡོད་པ་རེད། ཁྱད་པར་དུ་ལྷ་ས་སྨན་རྩིས་ཁང་གི་ཁྱབ་ཁོངས་ནང་། སྔོན་མ་ཡིན་ན་དེའི་ལུགས་སྲོལ་དེ་ཡོད་པ་རེད། དེ་ནས་རིག་གནས་གསར་བརྗེ་སོགས་བྱུང་སྟེ། བར་སྐབས་དེ་ནས་དེའི་རྒྱུན་ཆད་པ་དང་། ཁྱད་པར་དུ་མདོ་སྨད་ནས་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཞེས་པ་ཞིག་ཡོད་པ་ཤེས་མཁན་དང་ཞུ་མཁན་ཉུང་ཉུང་རེད།  ད་ཡིན་ན་ཡང་ཁམས་ཀྱི་ཕྱོགས་དང་འབྲེལ་ནས་གང་ལ་གང་འཚམ་ཞིག་ནས། དེ་ག་ལེ་ག་ལེར་ཉམས་གསོ་གནང་གི་འདུག སྔོན་མ་ཡིན་ན་མཁན་པོ་ཁྲོ་རུ་ཚེ་རྣམ་ཟེར་བ་ལ་སོགས་པ། ཁོ་ཚོས་ལྷ་ས་སྨན་རྩིས་ཁང་གི་ལུགས་སྲོལ་དེ་གཞིར་བཟུང་བ་བྱས་ནས་གཡུ་ཐོག་སྙིང་ཐིག་གི་དབང་ལུང་གང་འཚམ་ཞིག་སྤེལ་གནང་བ་རེད། ཁམས་ཀྱི་ཕྱོགས་ནས་ཡིན་ན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཁོང་རྣམ་པ་ཡི་བཀའ་དྲིན་ལ་བརྟེན་ནས། སྨན་གྱི་སློབ་སྦྱོང་བྱེད་པ་དེ་ཚོ་ལ་གཡུ་ཐོག་སྙིང་ཐིག་ཉམས་སུ་ལེན་དགོས་པ་དང་། དབང་དང་གདམས་ངག་ཞུ་དགོས་པ་སོགས་གལ་ཆེ་ཚུལ་གསུངས་པ་རེད།

དེ་ནས་མར་མགོ་ལོག་གི་ཕྱོགས་ནས་སྔ་འགྱུར་རྙིང་མ་བ་འདི་ཤུགས་ཆེན་པོ་རེད། མགོ་ལོག་འདི་སྔ་འགྱུར་རྙིང་མ་ཡི་ལྟེ་བ་འདྲ་བོ་ཞིག་ཆགས་ཡོད་པ་རེད། སྔ་འགྱུར་རྙིང་མ་ཡི་གཏེར་སྟོན་ནང་ན་སྨན་པ་མཁས་པ་མང་པོ་ཞིག་ཡོད་པ། དཔེར་ན་ཁམས་གཙང་གཏེར་སྟོན་ཟེར་བ་འདི་གཏེར་སྟོན་ཆེན་པོ་ཡིན་པ་ལ་སྨན་པ་ཡང་མཁས་པ་ཆེན་པོ་ཞིག་རེད། ཁོང་ངའི་བརྒྱུད་པའི་བླ་མ་ཡང་ཡིན། དེ་ནས་ངའི་ཕ་ཡུལ་གྱི་ཐག་ཉེ་ས་ན་ཡོད་པ་ང་རང་གི་སྐྱེ་བ་སྔོན་མ་ཡིན་ཟེར་བ་སྐུ་ཕྱོགས་དོ་རྡོའི་འཁྲུངས་ས་དེ་ན་ཨ་ལགས་འཇམ་དབྱངས་ཞུ་བ་ཞིག་ཡོད། ཨ་ལགས་འཇམ་དབྱངས་ཡིན་ན་སྔགས་པའི་བླ་མ་ཧ་ལས་པ་ཚད་ལྡན་ཡིན་པ་རེད། ཁོང་དབུས་གཙང་དུ་ཕེབས་པའི་སྐབས་སུ། གུ་རུ་རིན་པོ་ཆེའི་སྐུ་བརྙན་ཞིག་གིས་དངོས་སུ་ཞལ་གསུང་བྱོན་པ་དེར་བཞུགས་ཀྱི་དབུས་གྲོགས་ཚོ་དང་ལྷ་ཁང་དཀོར་གཉེར་སོགས་མང་པོ་ཞིག་གིས་དངོས་སུ་མཇལ་བ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese