མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་པེ་རུ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་མགོ་འཛུགས་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་མགོ་འཛུགས་ཀྱི་མཛད་སྒོའི་ཐོག་ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧྥ་རི་ཌི་ལིམ་(Freddy Lim)ལགས་ཀྱིས་ཐའེ་ཝན་མི་མང་མི་རེ་ངོ་རེ་ནས་བོད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཐོབ་པར་འབད་བརྩོན་གནང་དགོས་སྐོར་གསུངས་འདུག

ཐའེ་པེ་རུ་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་སྲུང་གཙི་མགོ་འཛུགས་བྱས། ༢༠༢༣།༠༣།༠༥

ཟླ་འདིའི་ཚེས ༥ ནས་གསུམ་བཅུ་དུས་དྲན་གྱི་ཉིན་མོའི་བར་དུ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ། ཐའེ་ཝན་བོད་རིགས་ཚོགས་པ་དང་ས་གནས་གཞོན་ནུ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ཐའེ་པེ་ཁྲོམ་སྐོར་ཆེན་མོ་མགོ་འཛུགས་བྱས་ཡོད་པ་དང་། ཁྲོམ་སྐོར་མགོ་འཛུགས་ཀྱི་མཛད་སྒོའི་ཐོག་ཐའེ་ཝན་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧྥ་རི་ཌི་ལིམ་(Freddy Lim)ལགས་དང་། ཐའེ་ཝན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཧྥེ་ཧན་ལགས། ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཞོན་བཀྲ་ཤིས་ཚེ་རིང་ལགས། ཐའེ་པེ་ས་གནས་གྲོས་ཚོགས་འཐུས་མི་བོད་དོན་འབྲེལ་མཐུད་ཁང་གི་རྒྱུན་ལས་ཨཱ་མའོ་ལགས་དང་ལིན་ཞའོ་ཞའེ་ལགས་བཅས་གསར་འགོད་པ་དང་མི་མང་ཁྱོན་གྲངས་ ༧༠༠ ཙམ་མཉམ་ཞུགས་གནང་ཡོད་འདུག

མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། ནམ་རྒྱུན་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་རྣམ་པ་དང་། ཐའེ་ཝན། ཧོང་ཀོང་། སོག་པོ་སོགས་ཀྱི་གྲོགས་པོ་མང་པོར་ཐེངས་ ༦༤ པའི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཆེད་དུ་ཕེབས་པར་བཀའ་དྲིན་ཆེ་ཞུ། མི་ལོ་ ༧༠ སྔོན་དུ་རྒྱ་ནག་གཞུང་གིས་བོད་ནང་དུ་བཙན་འཛུལ་བྱས་པ་ནས་ད་ལྟ་བར་དུ་བོད་ནང་གི་ཆབ་སྲིད་དང་། ཆོས་ལུགས། སྤྱི་ཚོགས་བཅས་འགྱུར་བ་གཏོང་པར་བོད་མི་ས་ཡ་གཅིག་དང་ཁྲི་ཉི་ཤུ་ལྷག་དམར་གསོད་བྱས་ཡོད། དགོན་སྡེ་དྲུག་སྟོང་ལྷག་གཏོར་བཤིག་བཏང་ཡོད། ཕྱི་ལོ་ ༢༠༠༩ ནས་ང་ཚོས་ཤེས་གསལ་ལྟར་ན་བོད་མི་ ༡༥༩  ཡིས་༧གོང་ས་མཆོག་བོད་དུ་ཕེབས་དགོས་པ་དང་། བོད་ཀྱི་སྐད་ཡིག ཆོས་ལུགས་དད་མོས། རང་དབང་གི་ཐོབ་ཐང་བཅས་ཀྱི་ཆེད་དུ་རང་ལུས་མཆོད་འབུལ་ཞུས་ཡོད་ལ། རྒྱ་ནག་གཞུང་གིས་བོད་དང་། ལྷོ་སོག ཤིན་ཅང་། ཧོང་ཀོང་བཅས་ལ་གདུག་རྩུབ་མནར་གཅོད་ད་དུང་མུ་མཐུད་དུ་གཏོང་བཞིན་ཡོད་པ་རེད། ཅེས་བརྗོད་འདུག

ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧྥ་རི་ཌི་ལིམ་(Freddy Lim)ལགས་ཀྱིས། ང་ཚོ་ལོ་རེ་བཞིན་གསུམ་བཅུའི་དུས་དྲན་ཉིན་འདིར་འཛོམས་ནས་བོད་པའི་རང་དབང་ལ་རྒྱབ་སྐྱོར་མཉམ་ཞུགས་གནང་བཞིན་ཡོད་པ་རེད། ལོ་འདི་དག་གི་ནང་ཐའེ་ཝན་མི་མང་ནང་རྒྱབ་སྐྱོར་བ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་འདུག རྒྱལ་སྤྱིའི་ཐོག་ནས་ཐའེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་མུས་ཡིན་པ་བཞིན། ང་ཚོས་ཀྱང་རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུ་བཞིན་ཡོད། བོད་དོན་དང་འབྲེལ་བའི་ལས་འགུལ་ནང་དུ་མི་ལོ་ཉི་ཤུ་ལྷག་ལ་མཉམ་ཞུགས་བྱས་ཡོད་ལ། བར་ལམ་ཞིག་ནས་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་བྱེད་པར་ཁུ་སིམ་དུ་གྱུར་སོང་། རྒྱལ་སྤྱིའི་བགྲོ་གླེང་ཁག་ཏུ་མཉམ་ཞུགས་བྱེད་སྐབས་རྒྱལ་སྤྱིའི་ཐོག་ནས་ཐའེ་ཝན་ཙམ་མ་ཟད། བོད་ཀྱི་གནད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། དེ་རིང་གི་འདུ་འཛོམས་འདི་ཙམ་མིན་པར། ཐའེ་ཝན་མི་མང་གིས་མི་རེ་ངོ་རེ་ནས་བོད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཐོབ་པར་འབད་བརྩོན་གནང་དགོས་སྐོར་སོགས་གསུངས་འདུག

ཐའེ་པེ་རུ་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་སྲུང་གཙི་མགོ་འཛུགས་བྱས། ༢༠༢༣།༠༣།༠༥

ཐའེ་ཝན་གྲོས་ཚོགས་འཐུས་མི་ཧྥེ་ཧན་ལགས་ཀྱིས།  དེ་རིང་ནི་བོད་མིའི་སྒེར་ལངས་བྱས་ནས་མི་ལོ་ ༦༤ འཁོར་བ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་མི་རང་ཉིད་ཀྱི་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་ཅི་ཙམ་འགོར་བ་མཚོན་ཡོད། ལོ་རེའི་ཕྱི་ཟླ་གསུམ་པར་ང་ཚོའི་སྐད་འབོད་བྱེད་བཞིན་པ་ཚང་མར་འགྲེལ་བཤད་མི་དགོས་པ་ཞིག་རེད། ང་ཚོས་མུ་མཐུད་བོད་པ་ཚོ་རང་ཉིད་ཀྱི་ཕ་ཡུལ་དུ་ལོག་མི་ཆོག་པའི་གནས་ལུགས་བཤད་ཀྱི་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་པར་མཉམ་དུ་ནུས་ཤུགས་འདོན་དགོས་པ་མ་ཟད། བོད་མི་ཚོ་རང་དབང་ཐོག་ནས་ཕ་ཡུལ་དུ་ལོག་ཐུབ་པའི་གོ་སྐབས་ཤིག་ཐོབ་པར་རྒྱབ་སྐྱོར་ཞུ་དགོས་པ་དང་། བོད་ནང་གི་བོད་མིའི་གནས་སྟངས་ཉིན་རེ་བཞིན་སྡུག་ཏུ་འགྲོ་བཞིན་ཡོད་ཅིང་། རྒྱལ་སྤྱིའི་ཞིབ་འཇུག་པ་ཁག་གི་སྙན་ཐོ་ལྟར་ན་བོད་པའི་བྱིས་པ་ས་ཡ་གཅིག་ལྷག་ལ་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་། བོད་མིའི་གོམས་གཤིས་སོགས་གཏན་འགོག་བྱེད་པའི་སྲིད་ཇུས་སྤེལ་ནས་ཉེན་ཁའི་ནང་གནས་ཡོད་སྐོར་གསུངས།

བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཞོན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། རྒྱ་ནག་མང་ཚོགས་ལ་སྡུག་ཕྱོགས་ཀྱི་གནས་ཚུལ་ཞུ་དགོས་རྒྱུ་གང་ཡང་མེད། རྒྱ་ནག་དམར་ཤོག་སྲིད་གཞུང་གི་འོག་ཏུ་ཡོད་པའི་རྒྱ་མི་རིགས་དང་། ཤིན་ཅང་། ཧོང་ཀོང་། བོད་སོགས་སུ་ཡིན་ཡང་རང་དབང་གི་ཐོབ་ཐང་ཅི་ཡང་མེད་པར་གདུག་རྩུབ་མནར་གཅོད་ཀྱི་དཀའ་ངལ་ནང་དུ་འཚོ་སྡོད་བྱེད་བཞིན་ཡོད་པ་མ་ཟད། མི་མང་པོས་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་བྱས་ནས་མ་འོངས་བར་རང་དབང་གི་བདེ་སྐྱིད་འཐོབ་ཆེད་དུ་དཀའ་ལས་ཞེ་དྲགས་རྒྱག་བཞིན་ཡོད་པ་རེད། རྒྱ་ནག་སྐམ་ས་ཆེན་མོའི་གཞོན་སྐྱེས་རྣམས་ལ་རང་དབང་དང་དམངས་གཙོའི་ཐོབ་ཐང་དགོས་ཀྱི་ཡོད་ན།  མི་རབས་རྒན་པ་ཚོས་བཀག་འགོག་བྱས་ནས་བསྡད་ཚེ་མི་རབས་ནས་མི་རབས་བར་དམངས་གཙོའི་ཐོབ་ཐང་མེད་པ་ཆགས་འགྲོ་པས། རྒྱ་ནག་མི་མང་ཡིན་ཡང་འཇམ་ཐིང་ངེར་མ་བསྡད་པར་དམངས་གཙོ་དང་རང་དབང་ཆེད་དུ་ནུས་པ་འདོན་དགོས་ཀྱི་འདུག་པའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་བརྗོད་འདུག

ཐའེ་ཝན་དུ་གསུམ་བཅུ་དུས་དྲན་ཉིན་འགའི་སྔོན་ནས་བརྩི་སྲུང་བྱེད་དགོས་དོན་ནི་ཐའེ་ཝན་སྤྱི་ཚོགས་ཁྲོད་དུ་བོད་དོན་གྱི་གོ་རྟོགས་རྒྱ་ཆེར་སྤེལ་ཆེད་ཡིན་འདུག་ཅིང་། ཐེངས་འདིའི་ཁྲོམ་སྐོར་གྱི་སྐབས་སུའང་མི་འགས་མ་དགའ་བའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ཁ་སྔོན་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་སྐབས་སུ། རྒྱ་མིས་གྲ་སྒྲིག་ཡོད་པའི་ཐོག་ནས་རྐང་འཁོར་བསྐོར་བསྐྱོད་པའི་མདུན་དུ་མཆོངས་པ་དང་། ལམ་དུ་འགྱེལ་ཁུལ་བྱས་ནས་ལམ་ཁ་འགོག་རྩིས་ཐེངས་མང་བྱས་ཡོད་ཀྱང་། ཐའེ་ཝན་ཉེན་རྟོག་པས་ལས་འགུལ་བ་རྣམས་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག་ཐའེ་ཝན་དུ་བོད་རང་དབང་གི་ཆེད་དུ་རྐང་འཁོར་སྐོར་སྐྱོད་མགོ་འཛུགས། འབྲེལ་མཐུད་ཁང་གི་པར། ༢༠༢༤།༢།༡༤
Mobile App

བོད་རང་དབང་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་འདུག

༢༠༢༤/༠༢/༡༤
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩
Uncategorized

དྷ་སར་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་སྲུང་གཙི་གནང་།

༢༠༢༣/༠༣/༡༠
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད། 2023/03/08
Mobile App

གསུམ་བཅུའི་དུས་དྲན་ལ་དམིགས་ནས་བོད་ནང་སྔར་ལྷག་དམ་དྲག་བྱེད་བཞིན་འདུག

༢༠༢༣/༠༣/༠༨
བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་བཅུ་གཅིག་པ་འཚོགས། ༢༠༢༢།༠༢།༢༧ ཞིབ་འཇུག་གི་པར།
Mobile App

ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་བཅུ་གཅིག་པ་བསྡུས།

༢༠༢༣/༠༣/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese