མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་སྔགས་ཟུང་འབྲེལ་གྱིས་གཞན་ཕན་སྒྲུབ་སྟངས། (ཚན་པ་གཉིས་པ)

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ

—ཚོགས་མི་ལྔ་བརྒྱ་ཡོད་པའི་གསོ་བ་རིག་པའི་སྐད་འཕྲིན་ཚོམས་ཆེན་ཞིག་གི་སྟེང་དུ་བརྗོད་པའི་སྐད་ཆ།

ཁོང་གིས་ཀུན་བཟང་བླ་མའི་ཞལ་ལུང་དང་སྤྱོད་མཇུག་ཆེན་མོ། གསོ་རིག་རྒྱུད་བཞི་ལ་སོགས་པ་རྒྱས་འགྲེལ་བྱས་ཡོད་པ་མང་པོ་ཞིག་ཁ་སང་དེ་རིང་སྒྲ་འཇུག་བྱས་འདུག་ལ། ཁོང་ཡིན་ན་ལོ་བཅུ་གྲངས་ཤིག་གི་སྔོན་ལ་ཞིང་ཁམས་སུ་ཕེབས་ཚར་བ་རེད། ཁོང་ལྟ་བུ་ཡིན་ན་སྔགས་པའི་བླ་མ་ཚད་ལྡན་དང་སྒྲུབ་པ་ཉམས་ལེན་མཐའ་འཁྱོལ་བ། མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པ། ཁྱད་པར་དུ་གསོ་བ་རིག་པ་ལ་མཁས་པའི་སྐྱེས་བུ་དམ་པ་ཞིག་རེད། གང་ལྟར་རྙིང་མའི་བླ་མ་ཆོས་སྨན་གཉིས་ལ་ཁམས་པ་མང་པོ་ཞིག་འདུག མགོ་ལོག་གི་ཕྱོགས་ན་ཡང་མང་པོ་འདུག མདོ་སྔགས་ལ་མཁས་པ་ཡིན་པ་ལ་སྨན་པ་ཡང་ཡིན་པ། དཔེར་ན་བླ་མ་འཇམ་མགོན་མི་ཕམ་ལྟ་བུ་རེད་ལ། མདོ་སྔགས་རིག་གནས་ལ་མཁས་པ། སྨན་གྱི་ཕྱོགས་ལ་ཡང་བསམ་གྱིས་མི་ཁྱབ་པར་མཁས་པ་རེད། ཁོ་རང་གིས་བོད་སྨན་གསར་བཟོ་གནང་བ་གང་འཚམ་ཞིག་ཡོད་པ་རེད། དེ་ཚོ་ནི་ཁོང་གི་གསུང་འབུམ་ཁྲོད་ཀྱི་སྨན་སྦྱོར་བདུད་རྩིའི་ཐིག་ལེ་ཞེས་པ་དང་། གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད་ཅེས་པ་དེར་གཟིགས་ན་ཤེས་ཐུབ། བླ་མ་མི་ཕམ་རིན་པོ་ཆེ་མཆོག་གི་གསོ་བ་རིག་པའི་སྐོར་དེ་ལ་གསུང་འབུམ་པོད་བཅུ་པ་གསོ་རིག་སྐོར་ཕྱོགས་སྒྲིག་ཅིག་ཡོད་པ་རེད། དེའི་ནང་ན་སྨན་གྱི་སྦྱོར་སྟངས་མང་པོ་ཡོད་པ་རེད། སྨན་ཁ་ཤས་ཤིག་ཁོང་རང་ལ་སྐུ་བསྙུང་བཞེས་ནས། ཁོང་གི་མཚན་ལམ་ལ་སྨན་དེ་འདྲའི་སྡེབ་སྦྱོར་དེ་གཟིགས་སྣང་ཡིན་ན་འདྲ་དགོངས་གཏེར་ལ་ཕབ་ནས་སྨན་གསར་དུ་སྡེབ་སྦྱོར་མཛད་པ་རེད། ཁོང་གི་གསུང་འབུམ་བཅུ་གཅིག་པའི་ནང་དུ། ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ་ཞེས་པ་དང་། ནད་བརྒྱ་སྔགས་གཅིག་གི་སྐོར། འགོས་ནད་ཀུན་འཇོམས་སྔགས་ཀྱི་མཚོན་ཆ། ནད་ཀྱི་མཁྱུད་དཔྱད་སྣ་ཚོགས་ཕྱོགས་གཅིག་ཏུ་བཀོད་པ་ཟུག་རྔུ་ཀུན་སེལ། མཁྱུད་སྤྱད་སྣ་ཚོགས་ཕྱོགས་བསྡུས་ཙིནྟ་མ་ཎི་ཞེས་པ་སོགས་སྨན་སྔགས་ཟུང་འབྲེལ་གྱི་གདམས་པ་ཧ་ཅང་རྩ་ཆེན་པོ་མང་པོ་ཞིག་ཡོད་པ་རེད།

དེ་ནས་བོད་གངས་ཅན་གྱི་སྔགས་པ་སྔགས་མའི་ནང་ནའང་། སྨན་གསར་བ་སྡེབ་སྦྱོར་བྱས་པའང་མང་པོ་ཡོད་པ་རེད། བོད་གངས་ཅན་གྱི་སྔགས་མའི་ནང་ནས་ཉི་མ་ལྟ་བུ་དེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་ན། ཟླ་བ་ལྟ་བུ་དེ་མ་ཅིག་ལབ་ཀྱི་སྒྲོན་མ་ཡིན་པ་རེད། མ་ཅིག་ལབ་ཀྱི་སྒྲོལ་མ་ཁོང་ལ་མཚོན་ན་ཡང་། བུད་མེད་ཀྱི་མོ་ནད་ལ་ཕན་པའི་སྨན་སྐད་གྲགས་ཆེན་པོ་ཡོད་པ་གཉིས་གསར་དུ་སྡེབ་སྦྱོར་མཛད་པ་རེད། སྨན་དེ་གཉིས་ཁ་སང་དེ་རིང་ཡང་དངོས་སུ་ཡོད་པ་རེད། དཔེ་བཞག་ན་དེ་ལྟ་བུ་རེད། འདི་ཚོ་སྤྱིར་བཏང་གི་སྨན་པ་དཀྱུས་མ་ཞིག་གིས་སྨན་སྡེབ་སྦྱོར་མཛད་པ་དང་རྩ་བ་ཉིད་ནས་གཅིག་གི་མ་རེད།

ཁོང་རྣམ་པ་ཡིན་ན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ཤ་སྟག་རེད་ལ། ཁོང་རྣམ་པ་ཡི་ཐུགས་རྗེ་བྱིན་རླབས་དང་ཐུགས་རྒྱུད་ཀྱི་རྟོགས་པ་དེ་སྔགས་ཀྱི་གདངས་སུ་འཕོས་ནས། སྨན་དེ་ལ་བྱིན་རླབས་བྱས་པ་ཡིན་ན། དེས་འགྲོ་བ་སེམས་ཅན་ལ་ཚེ་འདིའི་ནད་རིགས་བཞི་བརྒྱ་རྩ་བཞི་ལ་ཕན་པ་མ་ཟད། སྤྱིར་གཏང་གི་ཉོན་མོངས་དུག་གསུམ་ལའང་ཕན་པ་ཡོད་པ་དེ་འདྲ་ཞིག་རེད། སྔོན་མ་ང་རང་ལ་སྨན་གྱི་དགེ་རྒན་ཞིག་ཡོད། ཁོང་ནི་སྨན་ལ་ཧ་ཅང་མཁས་པའི་དགེ་སློང་ཞིག་རེད། ཁོང་གིས་ང་རང་ཚོ་ལ་སྨན་སྡེབ་ཏུ་འཇུག་གི་རེད། སྨན་བསྡེབས་ཚར་དུས་ཁོང་གིས་སྨན་དེ་ལ་སངས་རྒྱས་སྨན་བླ་ལ་བརྟེན་ནས་འདོན་པ་གསུངས་ཏེ་བྱིན་རླབས་དེ་འདྲ་གནང་གི་འདུག སྐབས་དེར་ང་ཚོ་ལོ་ཆུང་ཆུང་རེད། དེའི་རྐྱེན་གྱིས་ཇི་ལྟར་བྱིན་རླབས་གནང་གི་ཡོད་པ་ཧ་གོ་གི་མ་རེད། ད་ལྟ་བསམ་བློ་བཏང་ན། གཡུ་ཐོག་སྙིང་ཐིག་ལ་བརྟེན་ནས་བྱིན་རླབས་གནང་བ་ཡིན་རྒྱུ་རེད་བསམ་གི་འདུག

གང་ལྟར་བོད་གངས་ཅན་ལ་ལུགས་སྲོལ་ཡོད་པ་རེད། སྨན་བསྡེབས་ཚར་ནས་སྨན་མཁོ་བའི་མི་ལ་མ་སྤྲད་པའི་སྔོན་ལ། སྨན་པ་རང་ངོས་ནས་ཀྱང་སངས་རྒྱས་སྨན་བླ་དང་སྨན་གྱི་རྒྱལ་བོ་གཡུ་ཐོག་པ་དེ་འདྲ་ཡི་བླ་སྒྲུབ་དང་མཚམས་བསྙེན་པ་ལ་བརྟེན་ཏེ། སྔགས་ཀྱི་སྒོ་ནས་སྨན་དེ་ནུས་པ་དང་ལྡན་པ། བཅུད་དང་ལྡན་པ། གེགས་དང་བྲལ་བ། ཕན་ཡོན་དང་ལྡན་པ་བྱས་ནས་དེ་ནད་པ་ལ་སྤྲད་པ་ཡིན་ན། ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་རེད།

དེ་ནས་བདུད་རྩི་ཆོས་སྨན་ཟེར་བ་དེ་སྨན་དང་སྔགས་གཉིས་ཟུང་དུ་འབྲེལ་བའི་སྐུ་ཚབ་དང་མིག་དཔེའི་བསྡུས་གཟུགས་ཀྱི་རང་བཞིན་ཅན་ཞིག་རེད། བདུད་རྩི་ཆོས་སྨན་གྱི་ཁོངས་སུ་གཏོགས་པའི་རིལ་བུ་མང་པོ་ཡོད་པ་རེད། དེ་སྔ་འགྱུར་རྙིང་མ་བ་དང་། དཔལ་ལྡན་ས་སྐྱ་བ། རི་བོ་དགེ་ལྡན་པ། རྒྱལ་བ་ཇོ་ནང་བ། འགྲོ་མགོན་བཀའ་བརྒྱུད་པ་སོགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་པོས་བདུད་རྩི་ཆོས་སྨན་བཟོ་གི་ཡོད་པ་རེད། བདུད་རྩི་ཆོས་སྨན་འདི་ཁ་སང་དེ་རིང་སྙིགས་མ་ལྔ་བདོ་བའི་སྐབས། ལྟ་བ་སྙིགས་མ། ཚེ་སྙིགས་མ། བསམ་བློ་སྙིགས་མ་ལ་སོགས་འདི་ལ། ད་གཟོད་སྨན་དང་སྔགས་ཟུང་དུ་འབྲེལ་ནས། བདུད་རྩི་ཆོས་སྨན་ག་ཚོད་ཐུབ་ཐུབ་ཀྱིས་མང་པོ་བསྡེབས་ཏེ། མིའི་སྤྱི་ཚོགས་ཀྱི་ནང་དུ་བཀྲམས། དུད་འགྲོ་སེམས་ཅན་རྣམས་ཀྱི་ཁ་ནང་ལ་ཡང་བླུགས་པ་ཡིན་ན། དེ་ཧ་ལས་པ་གལ་ཆེན་པོ་ཡིན་པ་མ་ཟད་ཕན་ཡང་རྒྱ་ཆེན་པོ་འཐོག་ཀི་རེད།

ཁ་སང་དེ་རིང་ལ་མཚོན་ན། ཏོག་དབྱིབས་ནད་དུག་འདིས་མནར་གི་ཡོད་པ་འདིའི་སྐབས་ཐོག་འདི་ལ། བདུད་རྩི་ཆོས་སྨན་དང་ནག་པོ་དགུ་སྦྱོར་ལྟ་བུ་དང་། དེ་ལྟ་བུའི་ང་ཚོས་སྔགས་དང་འབྲེལ་བའི་བདུད་རྩི་རིལ་བུ་ལ་སོགས་པ་གང་ཐུབ་ཐུབ་ཅིག་སྡེབ་ཐུབ་པ་ཡིན་ན། སེམས་ཅན་མང་པོ་ལ་ཕན་ཐོགས་ཆེན་པོ་འབྱུང་རྒྱུ་རེད་བསམ་གི སྤྱིར་གཏང་གི་ཆ་ནས་ཀྱང་། ང་ཚོ་བོད་ཀྱི་སྨན་པ་ཞིག་ཡིན་ན། སྨན་གྱི་སྡེབ་སྦྱོར་ལ་སྨན་གྱི་གཞུང་ན་གསུངས་ཡོད་པའི་རྒྱུ་ཆ་དེ་རྣམས་ཆ་ཚང་བ་བགྱིས། དེའི་སྟེང་དེ་ལ་སྐྱེས་བུ་དམ་པ་རྣམས་གྱིས་བསྒྲུབས་ཡོད་པའི་བདུད་རྩི་ཆོས་སྨན་དེ་འདྲ་གང་ལ་གང་འཚམ་གྱིས་སྨན་གྱི་ནང་ལ་བསྲེས་པ་ཡིན་ན། བརྒྱ་ཆའི་བརྒྱ་ཡིས་ཕན་ཐོགས་ཡོད་རྒྱུ་རེད་བསམ་གི དེ་ལ་རྩ་བ་ཉིད་ནས་གནོད་པ་ཡོད་རྒྱུ་མ་རེད། འདི་ལྟ་བུ་སྨན་པ་ཚོས་ཐུགས་ལ་འཛིན་དགོས་པ་ཞིག་ཡིན་རྒྱུ་རེད་བསམ་གི་ཡོད། དེ་མཐའ་གཅིག་ཏུ་ངས་སྨན་གྱི་ནང་ལ་བདུད་རྩི་ཆོས་སྨན་བླུགས་དགོས་གི་ཡོད་ཅེས་བཤད་པ་མིན། ཡིན་ན་ཡང་དེ་འདྲ་གནང་བ་ཡིན་ན་ཚེ་འདི་དང་ཕྱི་མ་གཉིས་ལ་ཕན་ཐོགས་གི་ཡོད་པ་རེད།

སྤྱིར་གཏང་གི་སྨན་ཞིག་ཡིན་ན་ཚེ་འདིའི་ནད་ལ་ཕན་ཐོགས་པ་ཞིག་ཡིན་ན་མ་གཏོགས་ཚེ་ཕྱི་མ་ལ་ཕན་གི་མ་རེད། རྒྱ་བོད་ཀྱི་མཁས་གྲུབ་སྐྱེས་བུ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡི་རིལ་བུ་རྩ་ཆེན་པོ་དང་། ཁྱད་པར་དུ་སྔ་འགྱུར་རྙིང་མ་བ་ལ་མཚོན་ན་གུ་རུ་རིན་པོ་ཆེ་ཡི་ཆོས་སྨན་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གཏེར་སྨན། དེ་ལ་གཏེར་སྟོན་རྣམ་པའི་གཏེར་བྱོན་ཆོས་སྨན་རིལ་བུ་འདྲ་མི་འདྲ་མང་པོ་ཡོད་པ་དེ་ཚོ་བདུད་རྩི་ཆོས་སྨན་ལ་སྦྱར་ནས། སྨན་སྣ་ཚོགས་ཀྱི་ནང་དུ་བླུགས་ནས་དེ་ལ་སྔགས་བརྒྱབ་པ་ཡིན་ན། དེས་ནད་རིགས་བཞི་བརྒྱ་རྩ་བཞི་དང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ལ་སོགས་ཟློག་པ། གང་ལྟར་ཀྱང་ཉོན་མོངས་དུག་ལྔ་དུག་གསུམ་ལ་སོགས་པ་འཇོམ་རྒྱུར་ཧ་ལས་པ་ཕན་རྒྱུ་རེད་བསམ་གི་འདུག

གནའ་བོའི་དུས་སུ་སྔ་རབས་པ་རྣམས་ཀྱིས་ནམ་མཁའ་ལ་ལྷ་གནས་པ། མཚོ་དང་ཆུ་ལ་ཀླུ་གནས། བྲག་སོགས་ལ་བཙན་གནས། མི་དང་ལྷན་དུ་བདུད་གནས་པ། རི་ལ་གཉན་གནས་པ། ས་འོག་ལ་ས་བདག་གནས་པ་ལ། གདོན་ཞེས་གོང་གི་ལྷ་ཀླུ་གཉན་གསུམ་གང་རུང་མ་རུངས་པར་གྱུར་བ་འདིར་གནས་པའི་གནོད་སྦྱིན་དང་བདུད་སྲིན་སོགས་ལ་འབྱུང་ནུས་ཕྲ་མོ་མངའ་བ་སྟེ་སྒྲ་དང་དབྱིབས་སོགས་ཀྱི་རྟེན་འབྲེལ་གྱི་ནུས་པ་ཤེས་པས། རྟེན་ནུས་དེས་ཞི་རྒྱས་དབང་དྲག་གི་ལས་བྱས་པ་བརྒྱུད་སྔགས་བཅོས་ཀྱི་རིག་པ་སོགས་བྱུང་བ་དང་། གདོད་མའི་མང་བཀུར་རྒྱལ་པོའི་དུས་ནས་ཆོས་ཀྱི་ཡུལ་གྲུ་ཞང་ཞུང་དང་། ཨོ་རྒྱན་ཡུལ། རྒྱ་གར་གྱི་དྲང་སྲོང་རྣམས་ལས་རིམ་བཞིན་དར་ཞིང་མཆེད་པ་དང་། གནའ་བོའི་བོད་ལའང་སྔགས་བཅོས་དར་ཆེ་བར་མངོན་ཏེ། ཐོག་མར་ཡུལ་མིང་ལ་བོན་ཞེས་གྲགས་པའི་ཐ་སྙད་དེ་སྔགས་བཟླ་བའི་དོན་དང་། བོན་པོ་ཞེས་པ་ནི་སྔགས་བཟླ་མཁན་ལ་འཇུག བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ཁྲོད་དུ་སྔགས་ཀྱི་ཆོ་ག་དང་དེའི་སྐོར་གྱི་ཤེས་བྱ་བསྟན་ཡོད་པ་དང་། ཐང་ཡིག་གསར་མར་བོད་མིའི་འཚོ་སྟངས་བཤད་དུས་སུ་མི་རྣམས་ཆོས་ལ་དགའ་ཞིང་སྔགས་ལ་སྦྱོང་། ཞེས་བསྟན་ཡོད་པ་དང་བོན་སྟོན་གཤེན་རབ་དུས་སུ། འཚོ་བྱེད་དཔྱད་བུ་ཁྲི་ཤེས་ཀྱིས་གསོ་རིག་དཔེ་རྙིང་འབུམ་བཞི་ཕྱོགས་བསྒྲིགས་གནང་པ་དང་། དེའི་ནང་གདོན་ནད་དང་དུག་བཅོས་དང་བྱིས་ནད་སོགས་ལེའུ་མང་པོར་སྔགས་བཅོས་ཀྱི་སྐོར་བསྟན་ཡོད། དྲན་པ་ནམ་མཁའ་སོགས་བོན་གྱི་བླ་ཆེན་མང་པོས་སྤེལ་བའི་སྔགས་བཅོས་ཀྱི་ཆོ་ག་རྣམས་དང་། ཕྱིས་སུ་གཏེར་ནས་བཏོན་པའི་ནད་སྔགས་སྐོར་གྱི་གཏེར་ཡིག་རྣམས་ནི་སྔགས་བཅོས་ཀྱི་ཐོག་མའི་གྲས་ཡིན་འདུག དུས་རབས་དྲུག་པ་ལ། མིག་ནད་ལ་མཁས་པའི་མདོ་ཁམས་ཀྱི་ཨ་ཞ་སྨན་པ་ལགས་ཀྱིས་སྔགས་བཅོས་ལག་ལེན་བྱས་ཡོད་པ་དང་། མིག་ནད་སྔགས་ཀྱིས་བཅོས་པའི་ལག་ལེན་ནི་ད་ལྟའི་བར་དུ་ཉམས་མེད་དར་ཁྱབ་ཆེའོ། །དུས་རབས་བདུན་པ་ལ། བོད་རྒྱལ་སྲོང་བཙན་སྒམ་པོས་རིག་སྔགས་མ་ཎི་ཡིག་དྲུག་དར་སྤེལ་བྱས་པ་དང་། དེ་ནས་བཟུང་སྔགས་བཅོས་འདུས་པའི་རྒྱ་གར་གྱི་དཔེ་ཆ་སོགས་མང་པོ་འགྱུར་ནས་ཆོ་ག་འདི་དར་ཁྱབ་བྱུང་། དུས་རབས་བརྒྱད་པའི་དུས། གཡུ་ཐོག་ཡོན་ཏན་མགོན་པོ་མཆོག་གིས་བརྩམས་པའི་རྒྱུད་བཞི་རུ་སྔགས་བཅོས་གང་མང་བཀོད་ཡོད་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཡུལ་དུ་རྡོ་རྗེ་ཐེག་པའི་གསང་སྔགས་སྲོལ་བཏོད་ཅིང་གོས་དཀར་ལྕང་ལོའི་སྡེ་བཙུགས་པས་སྔགས་བཅོས་རིག་པའང་སྔགས་པའི་ཤེས་རིག་གི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྲུབ་ལ། སློབ་དཔོན་མཆོག་ནས་ཀྱང་སྔགས་བཅོས་ལ་རྩིས་མཐོང་ཆེན་པོ་གནང་ཡོད་དེ། སྔགས་ཀྱི་བསྲུང་བཅོས། སྲུང་འཁོར་དང་ཟ་ཡིག རྫས་སྔགས་ཀྱི་བཅོས་ཐབས་སོགས་སྔགས་བཟླ་བའི་གྲངས་དང་དེའི་ཕན་ཡོན་དང་། ཇི་ལྟར་འདོགས་པའི་ཐབས་ཤེས་སོགས་ཞལ་གསལ་ཞིང་གདེང་ཚོད་ཆེན་པོའི་སྒོ་ནས་གསུངས་ཡོད། བུད་མེད་སྔགས་མཁན་ཡེ་ཤེས་མཚོ་རྒྱལ་ཡང་དུས་དེར་བྱུང་བ་དང་། སྨན་སྔགས་ཟུང་སྤྱོད་ཉམས་ལེན་བྱས་པས་རྟེན་ཡང་སྨན་སྔགས་དཀྱུས་མ་ཡིན་ཟེར། དུས་རབས་དགུ་པར། གཉན་ནད་སྨན་བཅོས་ལ་མཁས་པའི་བོད་ཀྱི་སྨན་པ་ཐོག་མ་གཏེར་སྟོན་རྡོར་འབུམ་ཆོས་གྲགས་བྱོན་པ་དང་། བདུད་རྩི་བུམ་པ་ཆེ་ཆུང་ཞེས་པ་གཏེར་ནས་བཏོན་ལ། དེའི་ཁྲོད་གཉན་ནད་ལ་སྔགས་བཅོས་ཀྱི་ཆོ་ག་དགོས་པར་བསྟན་ཡོད་པར་མངོན། དུས་རབས་བཅུ་པར། སྔགས་ཀྱི་ཉམས་ལེན་ལ་མཁས་པའི་གཏེར་སྟོན་དབོན་སྲས་ཁྱུང་རྒོད་བྱོན་པ་དང་། སྔགས་ཀྱི་ནུས་པ་མཆོག་ཏུ་གྲུབ་པའི་རྟགས་ཀྱིས། སྐུ་གཤེགས་དུས་སྐུ་གཟུགས་འོད་ཕུང་ཨ་ཡི་གཟུགས་ཅན་དུ་གྱུར་ནས་གཤེགས་སྐད། དུས་རབས་བཅུ་གཅིག་པར། མཉམ་མེད་དྭགས་པོ་ལྷ་རྗེ་བྱོན་ནས་དྭགས་པོ་ཐོར་འབུམ་ཞེས་པ་བརྩམས་པ་དང་། གཏེར་སྟོན་གྲ་པ་མངོན་ཤེས་ཀྱིས་ཞང་བློན་སྒྲུབ་ཐབས་སོགས་གཏེར་ནས་དྲངས་ཏེ་དར་སྤེལ་གནང་། དེ་མིན་བོན་པོ་ཨ་ཡ་ལྷ་འབུམ་མམ་གུ་རུ་རྣོ་རྩེ་ཡིས་སྨན་རྩིས་སྔགས་བཅོས་ཀྱི་ཆོ་ག་སོགས་གཏེར་ལས་དྲངས་ནས་སྤེལ་བར་གནང་།

དུས་རབས་བཅུ་གཉིས་པར།གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་གསོ་རིག་རྒྱུད་བཞི་ལ་ཁ་སྐོང་དང་ལག་ལེན་གྱི་ཞིབ་འཇུག་གནང་བ་དང་སློབ་མ་སུམ་སྟོན་ཡེ་ཤེས་གཟུངས་སོགས་ལ་སྤེལ། ཁོང་གིས་གཡུ་ཐོག་སྙིང་ཐིག་གི་ཕྱི་ནང་གསང་བའི་བླ་སྒྲུབ་སོགས་སྨན་ཆོས་ཟུང་འབྲེལ་སྐོར་གསུངས་པའི་ནང་སྔགས་བཅོས་སྐོར་བསྟན་ཡོད། མངའ་བདག་ཉང་རལ་གྱིས་གཏེར་ཆོས་བཏོན་ནས་སྔགས་བཅོས་ཀྱི་ཐད་ལ་ཕྱག་རྗེས་ཆེ་བ་དང་།ས་སྐྱ་གྲགས་པ་རྒྱལ་མཚན་གྱིས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་པར་སྔགས་བཅོས་ཀྱི་ཆོ་ག་མང་དུ་གསུངས་ཡོད།དུས་རབས་བཅུ་གསུམ་པར།གུ་རུ་ཆོས་ཀྱི་དབང་ཕྱུག་དང་གཏེར་སྟོན་ར་མོ་ཤེལ་སྨན་སོགས་ཀྱིས་གསོ་རིག་ཁྱབ་སྤེལ་མཛད་པ་དང་། བྲང་ཏི་འཇམ་དཔལ་བཟང་པོས་ས་སྐྱ་དགོན་དུ་སློབ་བརྒྱུད་སྤེལ་ནས་ས་སྐྱ་སྨན་གྲོང་ལུགས་ཞེས་གྲགས་པ་དང་སྔགས་བཅོས་ལག་ལེན་ཤ་སྟག་གནང་བ་རེད། སྐལ་ལྡན་བྱིས་པ་ཞེས་པས་གཉན་ནད་རིམས་ནད་སྐོར་བཅོས་པའི་སྔགས་ལྡན་མཁྱུད་དཔེ་གཏེར་ལས་དྲངས་ནས་གསོ་དཀའ་བ་མང་པོ་བཅོས། དུས་རབས་བཅུ་བཞི་པར། གསང་སྔགས་ཀྱི་གཞུང་ལ་མཁས་ཤིང་སྔགས་བཅོས་བྱང་ཆུབ་པའི་བྱང་པ་རྣམ་རྒྱལ་གྲགས་བཟང་གིས་བྱང་ལུགས་ཏེ་བོད་གསོ་རིག་གི་སྲོལ་གྲགས་ཅན་འདིའི་སྲོལ་བཏོད། དུས་རབས་བཅོ་ལྔ་པའི་ནང་། ཟུར་མཁར་མཉམ་ཉིད་རྡོ་རྗེ་བྱོན་ནས་ཟུར་ལུགས་ཀྱི་སྲོལ་བཏོད་པ་དང་། ཁོང་གིས་བརྩམས་པའི་དེབ་མན་ངག་བྱེ་བ་རིང་བསྲེལ་ཞེས་པའི་ནང་སྔགས་བཅོས་སྐོར་མང་དུ་གསུངས་ཡོད། དུས་རབས་བཅུ་དྲུག་པར། འབྲི་གུང་ཆོས་ཀྱི་གྲགས་པས་འབྲི་གུང་ལུགས་ཀྱི་སྲོལ་བཏོད་པ་དང་། ཟུར་མཁར་བློ་གྲོས་རྒྱལ་པོས་རྒྱུད་བཞིའི་གཞུང་དོན་གསལ་བར་བཀྲལ། དུས་རབས་བཅུ་བདུན་པ་ལ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་མན་ངག་ལྷན་ཐབས་ཞེས་པར་སྔགས་བཅོས་སྐོར་བསྟན་ཡོད་ཅིང་། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ལགས་ཀྱིས་སྔགས་བཅོས་སྐོར་མང་དུ་བསྟན་པའི་མན་ངག་བཀའ་རྒྱ་མ་ཞེས་པ་གཅེས་སུ་བཏུས་པ།བདུད་རྩི་འགྱུར་མེད་དང་རྣམ་རྒྱལ་རྡོ་རྗེ་སོགས་ཀྱིས་ལྷུན་སྡིང་སྨན་གྲོང་ལུགས་སོགས་སྲོལ་བཏོད་པ། གཏེར་སྟོན་གནམ་ཆོས་མི་འགྱུར་རྡོ་རྗེས་སྔགས་རྫས་ཀྱི་ཕན་ཡོན་སོགས་མང་དུ་གསུངས། དུས་རབས་བཅོ་བརྒྱད་པའི་དུས་སུ། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་སྔགས་བཅོས་སྐོར་ལ་ཡི་དམ་འཇིགས་བྱེད་དང་བསྟུན་ནས་བཅོས་ཐབས་སོགས་བསྟན་ཡོད། སྨན་པ་ཀརྨ་ངེས་ལེགས་བསྟན་འཛིན་གྱི་གསུང་རྩོམ་ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་གསར་ཞེས་པའི་ནང་སྔགས་བཅོས་སྐོར་བསྟན་ཡོད། དུས་རབས་བཅུ་དགུ་པའི་ནང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཟིན་ཏིག་ཅེས་པའི་སྨན་དཔེ་བརྩམས་ཤིང་དེ་རུ་ཁྱུང་སྔགས་ཀྱིས་ནད་གཞི་བཅོས་ཐབས་བསྟན་ཡོད་པ་དང་། མི་ཕམ་རྣམ་རྒྱལ་རྒྱ་མཚོས་སྔགས་དང་དཔེ་མཁྱུད་ཀྱི་བཅོས་ཐབས་བསྟན་ཡོད། དུས་རབས་ཉི་ཤུ་པའི་ནང་། མགོ་ལོག་སྟག་བླ་ནོར་བུས་སྔགས་བཅོས་སྐོར་གསུངས་པ་དང་། ཁམས་གཙང་འབྲུག་རྒྱལ་གྱི་གཏེར་མར་གཉན་ནད་སྔགས་བཅོས་ཀྱི་སྐོར་གསུངས་པ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྔགས་ཀྱི་ལས་ཚོགས་མང་དུ་གསུངས་ཡོད་པ་སོགས། སྔགས་བཅོས་ནི་གསོ་རིག་གི་གཞུང་དང་ལག་ལེན་ཆེར་དར་ཐུབ་མེད་པའི་དུས་ཤིག་ནས་བྱུང་བའི་ཡ་ཐོག་སྨན་བཅོས་བྱ་ཐབས་ཤིག་ཡིན་པ་དང་། ཕྱིས་སུ་འབྱུང་བའི་ལུས་ཁམས་གསོ་བའི་གསོ་བ་རིག་པའི་ཤེས་བྱ་དང་བསྟུན་ནས་འཕེལ་རྒྱས་བྱུང་བར་མངོན། དེ་བཞིན་རྒྱ་གར་དང་ཨོ་རྒྱན་ཡུལ་སོགས་ཀྱི་ལུགས་དང་གྲུབ་མཐའ་ནས་རང་སོ་སོའི་སྔགས་བཅོས་ཀྱི་ཆོ་ག་བྱུང་བ་ཡུལ་ལུང་སོ་སོ་ནས་རང་རང་གི་འཚོ་བའི་དགོས་མཁོ་དང་མཐུན་པའི་སྒོ་ནས་སློབ་སྦྱོང་དང་དར་སྤེལ་གནང་ནས་རྒྱུན་འཛིན་བྱུང་བ་ཡིན། (1)

ང་ཚོ་བོད་ཀྱི་རིག་གཞུང་འདིའི་ནང་དུ་སྨན་དང་སྔགས་འདི་གཉིས་ཟུང་དུ་སྦྲེལ་དགོས་པ་འདི་ཧ་ལས་པའི་གལ་ཆེན་པོ་རེད། ཁྱད་པར་དུ་ཁ་སང་དེ་རིང་གི་སྙིགས་མ་ལྔ་བདོ་འདིའི་ནང་ལ། སྨན་དེ་ཚོའི་ནང་ལ་ངེས་པར་དུ་བདུད་རྩི་ཆོས་སྨན་ལ་སོགས་པ་བླུགས་ནས་སྔགས་བརྒྱབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་རྒྱུ་རེད་མ་གཏོགས། འབྱུང་བ་བཞིའི་ནུས་པ་དེ་སྔོན་མའི་ལོ་སྟོང་ཕྲག་དང་བསྡུར་ན་ཉམས་ཚར་བ་ཡིན་པས། སྨན་སྣ་ཚོགས་སྤྱིར་གཏང་གི་དཔེ་ཆ་ནང་དུ་ཡོད་པའི་སྒྲིག་སྦྱོར་དེ་བཞིན་སྡེབ་པ་ཡིན་ན་ཡང་སྨན་གྱི་ནུས་པ་ཐོན་ཅིང་ཕན་ཐོགས་འབྱུང་རྒྱུ་དེ་ཧ་ཅང་ཆུང་ཆུང་ཡིན་རྒྱུ་རེད་བསམ་གི དེ་བས་སྨན་གྱི་ནང་དུ་བདུད་རྩི་ཆོས་སྨན་ལ་སོགས་པ་བླུགས་ནས་སྔགས་བརྒྱབ་ནས་མི་ལ་སྤྲད་པ་ཡིན་ན། དེ་ད་གཟོད་ཕན་ཐོགས་རྒྱ་ཆེན་པོ་ཡོད་རྒྱུ་རེད་བསམ་གི་འདུག སྔོན་མས་ངས་ང་རང་གི་རྙིང་མའི་ཕྱོགས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་འཁྲུལ་ཞིག་རྡོ་རྗེ་འཆང་ཆེན་པོ་མཆོག་ལ། ང་རང་མཚམས་རེར་རི་ཁྲོད་འགྲིམ་ནས་སྒྲུབ་པ་ཉམས་ལེན་རེ་བྱེད་ཨེ་ཐུབ་བསམ་གི་འདུག དེ་ལ་དམིགས་པའི་བཅུད་ལེན་གྱི་གདམས་པ་རེ་ཐུགས་རྗེས་གཟིགས་ཞུས་པ་ན། ཁོང་གིས། བོད་ཀྱི་རྩྭ་དང་མེ་ཏོག་སོགས་རྗེ་བཙུན་མི་ལ་རས་པའི་སྐབས་དང་བསྡུར་ན། དེང་སང་རྩྭ་སྨན་གྱི་ནུས་པ་ཧ་ལས་པ་ཞིག་ཉམས་ཚར་བ་རེད། རྗེ་བཙུན་མི་ལའི་དུས་ཀྱི་ཟྭ་ཡི་ནུས་པ་དེ་དེང་སང་ཉམས་ཚར་ཡོད་པ་རེད། དེ་བས་དེང་སང་བཅུད་ལེན་ལ་སྡོད་ཁག་པོ་ཡོད་པ་རེད། གསུངས་སོང་། དེ་ལ་བསམས་ན་ཡང་སྨན་གྱི་ནུས་པ་རྒྱས་པའམ་གསོ་བའི་ཆེད་དུ། བོད་ཀྱི་སྨན་དང་སྔགས་གཉིས་ཟུང་འབྲེལ་བྱེད་རྒྱུ་དེ་ཅི་ཙམ་ཞིག་གལ་ཆེན་པོ་ཡིན་པ་དེ་ཤེས་ཐུབ་ཀྱི་འདུག ད་དེ་ཙམ་ཞུས་པ་ཡིན། བཀྲ་ཤིས་བདེ་ལེགས་ཞུ།

རྫོགས་སོ།།

ཚན་པ་དང་པོ། https://tibettimes.net/2023/03/02/224422/

ཡེ་ཤེས་མཁའ་འགྲོས་ཡི་གེར་ཕབ།

  • སྨན་སྔགས་ཟུང་འབྲེལ་ལམ་སྔགས་བཅོས་ཀྱི་བྱུང་འཕེལ་ལོ་རྒྱུས་ལ་རོབ་ཙམ་དཔྱད་པ།_རྩོམ་རིག་སྒྱུ་རྩལ།_ཀྲུང་གོའི་བོད་ལྗོངས་དྲ་བ། (cn)

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese