མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག་འཕྲད་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་གྱིས་ཨུ་རུ་སུར་ཡུ་ཀེ་རེན་གྱི་དམག་འཁྲུག་མཚམས་འཇོག་དགོས་པ་དང་དམག་མི་རྣམས་ཕྱིར་འཐེན་བྱེད་པའི་སྐུལ་མ་གཏོང་དགོས་སྐོར་ཨ་རིས་བརྗོད།

Russian matryoshka dolls with portraits of the Chinese and Russian presidents have been on sale in Moscow

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཨ་རིའི་གཞུང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ (Vladimir Putin) དང་ཐུག་འཕྲད་བྱེད་སྐབས། ཨུ་རུ་སུས་ཡུ་ཀེ་རེན་བར་གྱི་དམག་འཁྲུག་མཚམས་འཇོག་དང་དམག་མི་ཕྱིར་འཐེན་དགོས་པའི་སྐུལ་མ་གཏོང་དགོས་སྐོར་ནན་བརྗོད་བྱས་འདུག

དེ་འབྲེལ་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ནས་ཉིན་གྲངས་གསུམ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་རྒྱལ་ས་མོ་སི་ཁོ་ (Moscow) རུ་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་སོགས་ཀྱི་ཐོག་གླེང་སློང་བྱེད་བཞིན་ཡོད་པར་བརྟེན། དེ་རིང་ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཇོན་ (John Kirby) ལགས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་པུ་ཊིན་ལ་ཡུ་ཀེ་རེན་གྱི་གྲོང་ཁྱེར་ཁག་དང་སྨན་ཁང་། སློབ་གྲྭ་སོགས་ཀྱི་ནང་འབར་རྫས་གཡུགས་མཚམས་བཞག་སྟེ། དམག་འཁྲུག་དང་སྡུག་སྦྱོང་མནར་གཅོད་གཏོང་མཚམས་འཇོག་དགོས་པ་མ་ཟད། ཡུ་ཀེ་རེན་ནས་ཨུ་རུ་སུའི་དམག་མི་རྣམས་ཕྱིར་འཐེན་བྱ་དགོས་པའི་སྐུལ་མ་གཏོང་བའི་རེ་བ་ཡོད།  འོན་ཀྱང་རྒྱ་ནག་གིས་ཨུ་རུ་སུ་དང་ལྷན་དུ་དམག་མི་རྣམས་ཡུ་ཀེ་རེན་ནས་ཕྱིར་འཐེན་བྱེད་པའི་གྲོས་ཆོད་ཅིག་མ་བཞག་ཚེ། དེ་ནི་རྒྱ་ནག་གིས་ཨུ་རུ་སུའི་ཡུ་ཀེ་རེན་ནང་བཙན་འཛུལ་བྱས་པར་རྒྱབ་སྐྱོར་བྱེད་པ་མཚོན་པས་སེམས་འཚབ་ཡོད་སྐོར་བརྗོད་འདུག

ཡང་དེ་རིང་ཉི་ཧོང་སྲིད་བློན་སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་ (Fumio Kishida) ལགས་རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་དང་ཐུག་འཕྲད་གནང་ཟིན་རྗེས། ཡུ་ཀེ་རེན་གྱི་སྲིད་འཛིན་གྱི་མགྲོན་འབོད་འོག་ནས་རྒྱ་གར་ནས་ཡུ་ཀེ་རེན་གྱི་རྒྱལ་ས་ཀིབ་ (Kyiv) ལ་བསྐྱོད་ཡོད་པ་དང་། ཉི་ཧོང་སྲིད་བློན་སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་ཡིས་ཡུ་ཀེ་རེན་གྱི་སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སི་ཀི་ (Volodymyr Zelensky) དང་ཐུག་འཕྲད་བྱས་ཏེ། ཉི་ཧོང་གིས་མུ་མཐུད་ཡུ་ཀེ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་སོགས་ཀྱི་ཐོག་གླེང་སློང་བྱ་རྒྱུ་ཡིན་པ་དང་། ཉི་ཧོང་གི་སྲིད་བློན་ཡུ་ཀེ་རེན་ནང་བསྐྱོད་པ་དེས་རྒྱ་ནག་ལ་ཁ་གཏད་ཀྱི་བརྡ་ལན་ཞིག་སྤྲོད་ཀྱིན་ཡོད་སྐོར་བརྗོད་འདུག

ཨུ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་སྐབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དང་ཐུན་མོང་གི་ཐབས་ཇུས་འཆར་སྣང་སོགས་ཇེ་མཐོར་གཏོང་ཐབས་སྐོར་གླེང་མོལ་བྱེད་བཞིན་ཡོད་པ་དང་། དམིགས་བསལ་ཐེངས་འདིར་རྒྱ་ནག་གིས་ཞི་ཅིན་ཕིན་ཨུ་རུ་སུར་བསྐྱོད་པ་ནི་ཞི་བདེ་བཟོ་སླད་ཡིན་པའི་རྣམ་པ་ཤུགས་ཆེན་བསྟན་འདུག་ལ། ཡུ་ཀེ་རེན་གྱི་གནད་དོན་ཐོག་བསམ་ཚུལ་བརྗེ་རེས་བྱས་སྐོར་རྒྱ་ནག་གཞུང་འབྲེལ་ཞི་ཧྥ་གསར་ཁང་སྟེང་བཀོད་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས། ད་ལྟ་ཞི་ཅིན་ཕིན་ཨུ་རུ་སུར་བསྐྱོད་པ་དེས་ཡུ་ཀེ་རེན་ལ་བཙན་འཛུལ་བྱེད་བཞིན་པར་སྤུངས་ཤུགས་འཕར་མ་ཞིག་ཆགས་ཡོད་པའི་སྐྱོན་བརྗོད་བྱས་འདུག

ཞི་ཅིན་ཕིན་གྱིས་ཡུ་ཀེ་རེན་ནང་གི་དོན་རྐྱེན་དེ་དག་ཞི་འཇགས་ཡོང་རྒྱུ་དང་འབྲེལ་བའི་དོན་ཚན་བཅུ་གཉིས་བཏོན་པའི་ནང་། འཛམ་གླིང་གི་རྒྱལ་ཁབ་ཡོངས་ལ་བརྩི་བཀུར་དང་། གྲང་དམག་གི་བསམ་བློའི་འཁྱེར་སོ་དོར་དགོས་པ། སྡང་དགྲར་འཛིན་པའི་བྱ་སྤྱོད་མཚམས་འཇོག་དགོས་པ། ཞི་བའི་ལམ་གྱི་ཐོག་ནས་སླར་ཡང་གྲོས་མོལ་བྱ་རྒྱུ། འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་གི་དོན་དུ་ལས་ཀ་བྱེད་དགོས་པ། ཡུལ་མི་དང་བཙོན་པ་སོགས་སྲུང་སྐྱོབ་བྱེད་དགོས་པ། རྡུལ་ཕྲན་བཟོ་སྐྲུན་ཁང་ (Nuclear Power Plant) སྲུང་སྐྱོབ་དགོས་པ། དམག་ཇུས་ལ་མཁོ་བའི་རྡུལ་ཕྲན་མཚོན་ཆ་སོགས་བེད་སྤྱོད་གཏོང་མི་རུང་བ། འབྲུ་རིགས་ཕྱིར་འདྲེན་བྱེད་པར་མཐུན་རྐྱེན་སྦྱོར་བ། ཕྱོགས་གཅིག་གི་ཁྲིམས་ལུགས་གཏན་འབེབས་མཚམས་འཇོག་དགོས་པ། བཟོ་ལས་དང་དེའི་ཐོན་སྐྱེད་དངོས་པོ་རྣམས་སྲ་བརྟན་དགོས་པ། རྩོད་རྙོག་རྗེས་སུ་ཁང་པ་སོགས་བསྐྱར་འཛུགས་བྱེད་པར་མཐུན་འགྱུར་དགོས་སྐོར་སོགས་འདུག

ཐུག་འཕྲད་ཀྱི་བརྙན་ལམ་ཞིག་ཏུ་ཞི་ཅིན་ཕིན་གྱིས། ངའི་བརྩེ་བའི་གྲོགས་པོ་ལགས། ངས་ཁྱེད་ནི་བརྩེ་བའི་གྲོགས་པོ་ཞིག་ལ་བརྩི་ཡི་ཡོད། ང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་ལ་བསྐྱར་དུ་འདེམས་ཐོན་བྱུང་རྗེས། ཁྱེད་ཀྱིས་ང་ཨུ་རུ་སུར་སྐད་བཏང་བར་ཐུགས་རྗེ་ཆེ་ཞུ། ངས་ཀྱང་ཨུ་རུ་སུ་ཕྱིའི་རྒྱལ་ཁབ་ཁག་གི་ཁྲོད་ནས་ཨང་དང་པོར་རྩིས་ནས་འདིར་ཡོང་བ་ཡིན། ཁྱེད་རང་གིས་སྣེ་ཁྲིད་འོག་ཨུ་རུ་སུའི་རྒྱལ་ཁབ་ཡར་རྒྱས་ཤུགས་ཆེན་ཕྱིན་ཡོད་པ་དང་། ཨུ་རུ་སུའི་མི་མང་གིས་ཁྱེད་རང་ལ་གཡོ་བ་མེད་པའི་ཐོག་ནས་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུའི་གདེང་སྤོབས་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist