མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གིས་གོ་ལའི་ནང་པའི་ཚོགས་མགོན་དུ་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་འདིའི་སྒང་ཆོས་ལུགས་སྣ་ཚོགས་ཡོད་པ་རྣམས་ལ་ནང་པའི་ལྟ་གྲུབ་ཉམས་ལེན་བྱས་ཏེ་གྲུབ་འབྲས་བསྟན་རྒྱུ་ཡོད་པ་ཞིག་འབྱུང་ན། དེ་ནི་ནང་ཆོས་ལ་ཞབས་འདེགས་དང་སྟོན་པར་བཀའ་དྲིན་གསོ་བ་ཡིན་ཞེས་གསུངས་སོང་།

His Holiness the 14th Dalai Lama graces the First Global Buddhist Summit at the Ashok Hotel in New Delhi, India on 21 April 2023.
Photo | Tenzin Choejor | OHHD

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག་རྒྱ་གར་རྒྱལ་ས་ལྡི་ལིའི་ཨ་ཤོཀ་གསོལ་མགྲོན་ཁང་དུ་ཁ་སང་ནས་དབུ་འཛུགས་ཞུས་པའི་གོ་ལའི་ནང་པའི་ཚོགས་འདུ་ཆེན་པོའི་ཉིན་གཉིས་པར། ཚོགས་འདུ་གོ་སྒྲིག་ཚོགས་པ་རྒྱ་གར་ནང་པའི་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་མཛད་སོང་བ་དང་།ཚོགས་ཐོག་ཏུ་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་གཙོ་བྱས་པའི་རྒྱལ་ཁབ་ཁག་མི་འདྲ་བ་ ༣༠ ལྷག་གི་ནང་པའི་བླ་ཆེན་དང་སྐུ་ཚབ་མ་ཟད། བོད་བརྒྱུད་ནང་བསྟན་རིས་སུ་མ་ཆད་པའི་བསྟན་བདག་བླ་ཆེན་ཁག་མི་ཉུང་བ་ཞིག་དང་སྐུ་ཚབ་རྣམ་པ་བཅས་ཚོགས་པ་ ༦༠༠ ལྷག་མཉམ་ཞུགས་གནང་འདུག

སྐབས་དེར་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཚོགས་འདུར་ཕེབས་པའི་ནང་པའི་རྗེས་འབྲངས་བ་རྣམས་ལ་རེ་སྐུལ་གནང་དོན། ངོས་ཀྱིས་ད་ལྟ་བར་དུ་སྒོམ་གང་ཐུབ་བརྒྱབས་པ་ཡིན། བྱས་ཙང་ཁྱེད་རྣམ་པས་ཀྱང་ཟབ་པ་དང་རྒྱ་ཆེ་བའི་སྐོར་ལ་བསམ་བློ་ཉིན་རེ་བཞིན་དུ་བཏང་ནས་ཕྱིན་པ་ཡིན་ན་འགྱུར་བ་གཏན་ཏན་འགྲོ་གི་རེད། ཆོས་གྲོགས་ཚང་མས་དཔྱད་འཇོག་གི་སྒོམ་ལ་ཤུགས་བསྐྱོན་ནས་ཧུར་ཐག་གནང་རོགས། ངས་ཁ་ཙམ་མ་ཡིན་པར་ཉམས་མྱོང་གི་ཐོག་ནས་བཤད་ཀྱི་ཡོད། དཔྱད་འཇོག་གི་ཐོག་ནས་བྱང་ཆུབ་སེམས་དང་སྟོང་ཉིད་ལ་བསམ་བློ་བཏང་ན་དངོས་གནས་དྲང་གནས་ཀྱི་འགྱུར་བ་གཏན་ཏན་ཞིག་འགྲོ་གི་འདུག དེ་ནི་ངས་རེ་བ་དང་ཆོས་ཀྱི་ལེགས་སྐྱེས་ཚུལ་དུ་ཡིན། ཚང་མས་དེར་དགོངས་པར་བཅང་ཤོག ཅེས་གསུངས།

ཡང་ནང་པའི་གཞུང་ཆེན་ཁག་ལ་ཉམས་བཞེས་གནང་དགོས་གལ་ཆེ་སྐོར་ལ། ང་ལ་ཆ་བཞག་ན་བོད་ཀྱི་མདོ་སྨད་ས་མཐའ་ནས་སྐྱེས་པའི་པུ་གུ་ཞིག་ཆགས་བསྡད་ཡོད། དེ་ནས་ལྷ་ས་ལ་ཡར་སླེབས་ནས་གཞུང་དེ་དག་ལ་གཏོགས་ཙམ་སྦྱངས། དེ་ནས་བཙན་བྱོལ་ལ་སླེབས་ནས་གཞུང་དེ་དག་ལ་བསམ་བློ་ཧ་ཅང་གཏོང་སྡོད་ཀྱི་ཡོད། སེམས་ལ་ཧ་ཅང་ཕན་བསྡད་པ་དེ་མིག་མཐོང་ལག་འཛིན་ཡིན། བྱས་ཙང་ཚང་མས་ཧུར་ཐག་གནང་རོགས་གནང་ཞུ་གི་ཡིན། ཞེས་གསུངས་སོང་།

 མཇུག་ཏུ་དེ་རིང་ཚོགས་འདུའི་སྐོར་ལ་གསུང་དོན། ཆོས་ལུགས་ཚང་མ་མི་ལ་ཕན་ཐོགས་ཡོད་རེད་ཞེ་དྲག་ཡག་པོ་རེད། ཡིན་ནའི་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་ཟབ་པ་དང་རྒྱ་ཆེ་བ་ལ་ཉམས་ལེན་བྱེད་རྒྱུ་ཡོད་པ་དེ་ཕལ་ཆེར་ནང་པའི་ཆོས་བརྒྱུད་ཀྱི་ཁྱད་ཆོས་ཆགས་བསྡད་འདུག དེ་ནི་ང་ཚོ་ཚང་མ་ལ་ཕ་མེས་ནས་བརྒྱུད་པའི་ཆོས་བརྒྱུད་ཆགས་བསྡད་ཡོད། དེ་རིན་ཐང་ཡིན་པ་ངོ་ཤེས་པའི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱི་ཉམས་ལེན་བྱས་ནས་ཤུགས་ཤིག་རྒྱབ་ཀྱི་ཡིན་ན། འཛམ་གླིང་འདིའི་སྒང་ལ་ཆོས་ལུགས་འདྲ་མིན་འདྲ་ཡོད་རེད། དེ་གའི་མིག་ངར་ལ་སངས་རྒྱས་པའི་ཆོས་ལུགས་ཉམས་ལེན་པ་ཚོས་དེ་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་བསྟན་རྒྱུ་ཡོད་པ་ཞིག་འབྱུང་ན་དངོས་གནས་དྲང་གནས་ཀྱི་བསྟན་པའི་ཞབས་འདེགས་ལ་འགྲོ་གི་རེད། སྟོན་པའི་བཀའ་དྲིན་གསོ་ཟེར་བའང་དེ་ཆགས་བསྡད་ཀྱི་ཡོད་པས་ཚང་མས་ཧུར་ཐག་གནང་རོགས། ཞེས་གསུངས་སོང་།

 གོ་ལའི་ནང་པའི་ཚོགས་འདུ་ཆེན་པོ་འདི་བཞིན་རྒྱ་གར་ནང་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གྲགས་ཅན་གསོལ་མགྲོན་ཁང་ཨ་ཤོཀ་ཞེས་པའི་ནང་ཁ་སང་ནས་དབུ་འཛུགས་ཞུས་ཡོད་པ་དང་། ཚོགས་འདུའི་དབུ་འབྱེད་མཛད་སྒོ་ལ་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ཕེབས་ཏེ་ཚོགས་བཞུགས་པ་རྣམས་ལ་གསུང་བཤད་དང་ཚོགས་འདུ་ལེགས་གྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་ཡོད།

གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Indian passport holders can get visa-free access to countries such as Oman, Qatar, Kazakhstan, Nepal, Mauritius and Tunisia.
Mobile App

རྒྱ་གར་གྱི་མི་སེར་རྣམས་ཐོངས་མཆན་རིན་མེད་ཐོག་རྒྱལ་ཁབ་གང་དུ་བསྐྱོད་ཆོག་གམ།

༢༠༢༤/༠༥/༠༧
At Least 96 Die In Uttar Pradesh And Bihar From Extreme Heat.Photo: AP
Mobile App

རྒྱ་གར་ནང་ཚ་རླབས་རྒྱས་ནས་མི་གྲངས་ ༩༦ རྐྱེན་འདས་སུ་གྱུར།

༢༠༢༣/༠༦/༡༩
Mobile App

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་བཞུགས་སྒར་དྷ་རམ་ས་ལར་བསྡུས།

༢༠༢༣/༠༥/༠༥
རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ཛ་དྲག་གི་གོམ་བགྲོད་གནང་བཞིན་འདུག གཞོན་ནུའི་པར།
Mobile App

གོམ་བགྲོད་པ་རྣམས་ནུབ་བྷེང་གྷལ་གྱི་ཨུ་ལ་བྷ་རི་ས་གནས་སུ་འབྱོར་འདུག

༢༠༢༣/༠༥/༠༢
བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་གྱི་མཛད་སྒོ་སྐབས།  གཞོན་ལྷན་གྱི་པར། ༢༠༢༣།༠༤།༢༩
Mobile App

རྒྱ་གར་བྱང་ཤར་ཁུལ་དུ་ཟླ་གཅིག་ཙམ་རིང་བོད་དོན་གོམ་བགྲོད་གནང་གི་འདུག

༢༠༢༣/༠༤/༢༩
༧གོང་ས་མཆོག་གིས་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་འཕྲད། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༢༦
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཇལ་རྗེས་ང་ཚོའི་སེམས་ལ་ཞི་བདེའི་ཚོར་བ་ཆེན་པོ་བྱུང་སོང་།

༢༠༢༣/༠༤/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese