མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་གསར་དུ་བརྒྱག་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནས་རྒྱ་ནག་ནང་བཞུར་བཞིན་པའི་རྒྱུག་ཆུ་རིང་ཤོས་རྨ་ཆུ་ཡི་རྒྱུད་དུ་ཨེ་ཀར་ ༡༥༠༠༠ ལྷག་ཡོད་པའི་ཆུ་མཛོད་ཆེན་པོ་གསར་རྒྱག་གི་ལས་གཞི་ཞིག་སྤེལ་རྒྱུ་ཡིན་འདུག

The Hei shanxia section of the Yellow River in China’s Ningxia Hui autonomous region. Photo: Xinhua

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་གཙང་པོ་དང་རྒྱུག་ཆུ་སོགས་སུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་མང་དག་ཅིག་སྤེལ་དང་སྤེལ་མུས་ཡིན་པ་ལྟར། ཉེ་ལམ་རྒྱ་གཞུང་གིས་ལྷོ་ཆུ་བྱང་འདྲེན་ཟེར་བ་སྟེ་བོད་ཀྱི་རྒྱུག་ཆུ་ཁག་ཁ་བསྒྱུར་གྱི་ལས་གཞིའི་འོག བོད་ཀྱི་ཀན་སུའུ་བོད་རིགས་རང་སྐྱོང་ཁུལ་ཟེར་བ་དང་ཀ་ཅི་ཀ(Ningxia) ཁ་ཆེ་མི་རིགས་རང་སྐྱོང་ཁུལ་ཟེར་བའི་འབྲེལ་མཚམས་ཀྱི་རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་གསར་རྒྱག་བྱ་རྒྱུ་ཡིན་པས། ཉུང་མཐར་མི་གྲངས་ ༧༣༠༠༠ ལྷག་གི་འཚོ་གནས་ལ་གནོད་སྐྱོན་ཐེབས་ཉེན་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གྱི་མི་སྣ་ཁག་གིས། ད་ལྟ་རྒྱ་ནག་གཞུང་གིས་རྨ་ཆུའི་རྒྱུད་དུ་གསར་རྒྱག་བྱ་རྒྱུ་ཡིན་པའི་ཆུ་མཛོད་དེས། ཁུལ་དེར་གནས་སྡོད་ཀྱི་མི་དམངས་ཚོར་ཕུན་སུམ་ཚོགས་པའི་ཆུའི་མཐུན་རྐྱེན་རག་པའི་ཁར། རྒྱུག་ཆུ་དང་གཙང་པོ་ཁག་གི་གནོད་འཚེ་དང་ཆུ་ལོག་སོགས་ཀྱི་གནོད་འཚེ་ནས་སྲུང་སྐྱོབ་ཐུབ་སྐོར་བརྗོད་འདུག་ཀྱང་། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཨེ་ཀར་ ༡༥༨༡༤ ཡི་རྒྱ་ཁྱོན་ཡོད་པའི་ཆུ་མཛོད་ཀྱི་ལས་གཞི་དེས་ཉུང་མཐར་མི་གྲངས་ ༧༣༠༠༠ ལྷག་གི་འཚོ་གནས་ལ་གནོད་འཚེ་ཐེབས་ཉེན་ཡོད་པ་མ་ཟད། ཐ་ན་བཙན་གྱིས་ས་གནས་གཞན་དུ་གནས་སྤོར་དགོས་སྲིད་པ་མ་ཟད། ཉེ་འཁོར་གྱི་ཞིང་ལས་ཐོན་སྐྱེད་ལའང་གནོད་འཚེ་ཐེབས་སྲིད་སྐོར་བརྗོད་འདུག 

འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་མང་པོར་ཆུ་རགས་བརྒྱབ་པ་དང་གཙང་བོའི་ཁ་གཞན་དུ་བསྒྱུར་བ། ཆུ་འདྲེན་སྦུག་ལམ་བརྒྱུད་བོད་ཀྱི་གཙང་བོ་ཁག་གི་ཆུ་རྒྱ་ནག་ནང་འདྲེན་པ་སོགས་ཀྱི་ལས་གཞི་ལོ་མང་སྔོན་ནས་བཟུང་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོ་ནས་བོད་ཀྱི་ལྷོ་རྒྱུད་དུ་རྒྱུག་པའི་ཡར་རླུང་གཙང་པོའི་ཆུ་ལག་ཅིག་གི་ཁ་བསྒྱུར་ཏེ། ཤིན་ཅང་རང་སྐྱོང་ཁུལ་གྱི་བྱེ་ཐང་དུ་འདྲེན་ཆེད་ཆུ་འདྲེན་སྦུག་ལམ་སྤྱི་ལེ་༡༠༠༠ ལྷག་ཅན་ཞིག་འཛུགས་སྐྲུན་བྱེད་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གཞན་ཡང་། འདི་ལོའི་ཕྱི་ཟླ་ ༡  ནང་རྒྱ་ནག་གིས་རྨ་བྱ་ཁ་འབབ་ཀྱི་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་མགོ་བརྩམས་ཡོད་ཅིང་། དེས་བོད་ཀྱི་ལྷོ་ཕྱོགས་སུ་ཆགས་པའི་རྒྱལ་ཁབ་ཁག་ཏུ་བོད་ནས་བཞུར་བའི་རྒྱུག་ཆུ་དག་འགོག་ཉེན་ཡོད་པ་དང་།  ལྷག་པར་རྒྱ་གར་གྱི་ཧིན་རྡུའི་ཆོས་ལུགས་ཀྱི་གནས་ཆེན་དུ་རྩི་བའི་ཆུ་མོ་གངྒ་ལའང་གནོད་སྐྱོན་ཐེབས་སྲིད་པ་མ་ཟད། རྨ་བྱ་ཁ་འབབ་ཁུལ་དུ་ཆུ་རགས་བརྒྱབ་ནས་རྒྱུག་ཆུ་བཀག་འགོག་བྱས་པ་དེས།  རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ན་ཅལ་དང་ཨ་སམ་གཉིས་ལ་ཆུའི་དཀའ་ངལ་འཕྲད་སྲིད་པ་དང་། གློ་བུར་དུ་ཆུ་ལོག་རྒྱུག་ཉེན་ཡང་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག

ཁོར་ཡུག་ཞིབ་འཇུག་པའི་སྙན་ཐོ་ལྟར་ན། བོད་མཐོ་སྒང་ནི་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་ཁག་གི་འབྱུང་ཁུངས་ཡིན་ལ། ཆུ་བོ་དེ་དག་རྒྱ་ནག་དང་རྒྱ་གར། བྷང་ག་ལ་དང་འབར་མ། པ་ཀི་སི་ཐན་སོགས་ཀྱི་ནང་བཞུར་ཏེ་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆའི་ ༢༠ ལྷག་གི་འཚོ་རྟེན་དུ་གྱུར་ཡོད་པ་རེད། ལྷག་པར་རྒྱ་གར་དུ་ཡར་ཀླུང་གཙང་པོ་དང་སེང་གེ་ཁ་འབབ། གླང་ཆེན་ཁ་འབབ་དང་རྨ་བྱ་ཁ་འབབ་སོགས་ཆུ་བོ་མང་པོ་འབབ་ཀྱིན་ཡོད། དེ་བཞིན་རྨ་ཆུ་ནི་མཚོ་སྔོན་ཞིང་ཆེན་གྱི་ཨ་ཆེན་གངས་རི་ནས་སི་ཁྲོན་དང་ཀན་སུའུ། ཀ་ཅི་ཀ། ནང་སོག ཧྲན་ཞི། ཧུའུ་ནན་སོགས་ཞིང་ཆེན་དགུ་དང་། རང་སྐྱོང་ལྗོངས་གཅིག་བཅས་བརྒྱུད་ནས་པོ་ཧེ་རྒྱ་མཚོར་བཞུར་གྱི་ཡོད་པ་མ་ཟད།  བོད་ཡུལ་དུ་རྨ་ཆུར་གཙང་ལག་གྲགས་ཆེ་བ་ནི་དར་ལག་ཆུ་དང་རྩེ་ཆུ། གསེར་ཆེན་ཆུ་དང་ཆུ་སྔོན། འབའ་ཆུ་དང་དགུ་ཆུ། ཙོང་ཆུ་དང་རྐ་ཆུ། ཀླུ་ཆུ་དང་བསང་ཆུ། འཇུ་ལག་ཆུ་སོགས་ཡོད་ཅིང་། བོད་ནང་གི་བཞུར་རྒྱུན་གྱིི་རིང་ཚད་སྤྱི་ལེ་ ༡༦༩༣ དང་སྤྱིའི་རིང་ཚད་སྤྱི་ལེ་ ༥༤༦༤ ཙམ་ཡོད་པར་བརྟེན།  བོད་ནས་རྒྱ་ནག་ནང་བཞུར་བཞིན་པའི་རྒྱུག་ཆུ་རིང་ཤོས་གཉིས་པ་དང་འཛམ་གླིང་གི་རིང་ཤོས་དྲུག་པ་དེ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གི་གསང་ཉུལ་བ་འགོག་རྒོལ་གྱི་ཁྲིམས་དེབ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༥/༡༥
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གྲོངས། 

༢༠༢༣/༠༥/༠༨
Covid global health emergency is over, WHO says. Photo ;Reuters
Mobile App

རྒྱལ་སྤྱིའི་ནང་ཏོག་དབྱིབས་ཛ་དྲག་གི་གནས་སྟངས་ཡོལ་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ། 

༢༠༢༣/༠༥/༠༦
Mobile App

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་བཞུགས་སྒར་དྷ་རམ་ས་ལར་བསྡུས།

༢༠༢༣/༠༥/༠༥
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist