མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་སྟེ་མངའ་སྡེའི་ནང་གི་བོད་མིའི་ས་ཆའི་དཀའ་ངལ་སོགས་ཀྱི་སྐོར་ཞུས་པ་ལྟར་རོགས་མགོན་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག


སྲིད་སྐྱོང་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་།  སྲིད་སྐྱོང་གི་ངོ་དེབ་ཀྱི་པར། ༢༠༢༣།༠༥།༡༡

ཟླ་འདིའི་ཕྱི་ཚེས་ ༩ ནས་ཉིན་དགུ་ཙམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར།  ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོར་སྲིད་སྐྱོང་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུ་ཁ་ཝིན་དིར་སིངྷ་སུ་ཁུ་(Sukhvinder Singh Sukhu) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་གནང་སྐབས་སྲིད་སྐྱོང་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་ནང་གི་བོད་མི་ཡོངས་ཀྱི་དཀའ་ངལ་དང་། སིམ་ལ་ཁུལ་གྱི་བོད་མིའི་ས་ཆའི་དཀའ་ངལ་སྐོར། ལྷག་པར་དུ་ཕྱི་ལོ་ ༡༩༦༠ ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་ཐོག་ཏུ་ཕུལ་གནང་བའི་ལས་ཁུངས་ཀྱི་མིང་བསྒྱུར་གནང་རྒྱུའི་སྐོར་སྙན་སེང་ཞུས་པ་ནང་བཞིན། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུ་ངོས་བཞེས་གནང་སོང་ལ། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང་། བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་སྐོར་བཀའ་མོལ་ཞུས་ཡོད་པ་མ་ཟད། ༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་སྐུ་མགྲོན་དུ་ཕེབས་པར་ཞལ་བཞེས་སོགས། ཐེངས་འདིའི་སྲིད་སྐྱོང་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་སྤྱི་ཡོངས་ནས་ཡག་པོ་བྱུང་ཡོད། ཅེས་གསུངས་འདུག

ཉིན་རྒྱབ་སིམ་ལ་སཾ་བྷོ་ཊ་སློབ་གྲྭའི་ཚོགས་ཁང་དུ། སྲིད་སྐྱོང་མཆོག་གིས་ས་གནས་བོད་རིགས་མང་ཚོགས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་སྐབས། སྲིད་སྐྱོང་མཆོག་གིས། བོད་རྒྱའི་དཀའ་རྙོག་སེལ་བར་རྒྱ་ནག་གཞུང་དང་འབྲེལ་བ་མི་བྱེད་ཐབས་མེད་ཅིག་ཆགས་ཡོད་ཀྱང་། བོད་རྒྱའི་དཀའ་རྙོག་གཙང་སེལ་མ་བྱས་བར་དུ་རྒྱལ་སྤྱིའི་སྟེང་དུ་བོད་དོན་དྲིལ་བསྒྲགས་བྱེད་རྒྱུའི་ལས་འགན་ཡོད་པ་དང་། བོད་ནང་གི་བོད་མིའི་དངོས་ཡོད་གནས་སྟངས་ཤེས་དགོས་ཀྱི་ཡོད་པས། ད་ལྟའི་བོད་ནང་གི་གནས་ཚུལ་ཤེས་པར་དཀའ་ངལ་ཆེ་རུ་སོང་ཡོད་ཀྱང་། ཐབས་ཤེས་ཡོད་རྒུ་བཏོན་ནས་རྒྱལ་སྤྱིའི་སྟེང་དུ་གསལ་སྟོན་བྱེད་རྒྱུ་ལས། གནས་ཚུལ་རྙིང་པ་རྣམས་བཤད་བསྡད་པ་ཡིན་ན། རྒྱ་ནག་ནང་བཞིན་རྫུན་དུ་འགྲོ་ཉེན་ཆེ་བས། བོད་ནང་གི་དངོས་ཡོད་གནས་ཚུལ་ཐབས་ཇུས་ལྡན་པའི་ཐོག་ནས་བཏོན་གལ་ཆེ་སྐོར་དང་། གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། ཕྱི་རྒྱལ་གྱི་ཆབ་སྲིད་པ་རྣམས་ཀྱིས་རྒྱ་ནག་གིས་ལོ་རྒྱུས་འཁྱོག་བཤད་རྗེས་སུ་འབྲངས་བཞིན་ཡོད་པར་ལོ་རྒྱུས་དང་མཐུན་པའི་ཐོག་ནས་བདེན་པ་ར་སྤྲོད་བྱེད་དགོས་སྐོར། དེ་བཞིན་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གལ་གནད་དང་། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་ཁག་གི་འབྱུང་ཁུངས་བེད་སྤྱོད་ཀྱིས་ཨེ་ཤ་ཡ་ཁུལ་དུ་དཀའ་ངལ་བཟོ་བཞིན་པའི་གནས་སྟངས་སྐོར་སོགས་གསུངས་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༡༠ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སིམ་ལ་སྤྱི་ཁྱབ་ལས་ཁུངས་དང་། ས་འཐུས་ལས་ཁུངས། ས་གནས་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས། བུ་བཅོལ་ཁང་། དབྱངས་ཅན་དགའ་ཚལ་གླིང་གཞིས་ཁག་གསུམ། ས་གནས་སྨན་རྩིས་ཁང་བཅས་ལ་འཚམས་གཟིགས་གནང་ཡོད་འདུག 

གསར་འགོད་པ། བྱམས་པ་ཚེ་རིང་། 

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༢༡ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༢༣ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese