མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱི་ཆེད་མཁས་པས་བོད་ནང་གི་བུད་མེད་ཀྱི་གནས་སྟངས་སྐོར་ལ་འདྲི་རྩད་ནན་པོ་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཆེན་ཐེངས་ ༨༥ པའི་ཐོག་རྒྱ་ནག་གི་འཐུས་མིར་བོད་ནང་གི་བུད་མེད་ཀྱི་གནས་སྟངས་ཚུད་པའི་དེ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ཁག་རྒྱ་ནག་གཞུང་གིས་ལག་བསྟར་ག་འདྲ་བྱེད་ཀྱི་ཡོད་མེད་འདྲི་རྩད་བྱེད་སྐབས་ལན་མང་པོ་ཐེབས་མ་ཐུབ་པར་ཕྱིས་སུ་ཡིག་ཐོག་ནས་འབུལ་དགོས་པའི་བཀོད་མངགས་གནང་དགོས་བྱུང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཆེན་ཐེངས་ ༨༥ པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཆེན་ཐེངས་ ༨༥ དེ་ཟླ་འདིའི་ཟླ་ ༥ ཚེས་ ༨ ཉིན་ནས་འཚོག་བཞིན་ཡོད་ཅིང་། ཚོགས་ཆེན་ཐོག་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། རྒྱལ་ཚོགས་ཞུ་གཏུག་འགན་འཛིན་སྐལ་ལྡན་མཚོ་མོ་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས། དེ་བཞིན་བོད་དོན་ཞུ་གཏུག་མཉམ་སྦྲེལ་གྱི་འབྲེལ་མཐུད་པ་གྷོ་ལོ་རི་ཡ་མོན་གོ་མེ་རི་ (Gloria Montgomery) ལགས་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། སུད་སི་དོན་གཅོད་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ནས་ཆ་ཤས་བླངས་ཏེ་བོད་ཀྱི་བུད་མེད་ཀྱི་གནས་སྟངས་ཛ་དྲག་ཡིན་པ་གསལ་སྟོན་གནང་ཡོད་འདུག 

དེ་ཡང་ཕྱི་ཚེས་ ༡༢ ཉིན་ཆེད་མཁས་མི་སྣ་ ༢༣ ལས་གྲུབ་པའི་ལྷན་ཚོགས་ཐོག་རྒྱ་ནག་ནང་གི་བུད་མེད་ཀྱི་གནས་སྟངས་སྐོར་གྱི་ཞིབ་འཇུག་སྙན་ཐོ་སྒྲོགས་སྦྱངས་དང་དྲི་བ་དྲིས་ལན་གནང་སྐབས། ཆེད་མཁས་པས་བོད་དང་ཧོང་ཀོང་གི་བུད་མེད་ཀྱི་གནས་སྟངས་དང་། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཁྲིམས་ལག་བསྟར་བྱེད་ཀྱི་ཡོད་མེད་དོགས་འདྲི་གནང་སྐབས། རྒྱ་ནག་གི་སྐུ་ཚབ་ནས་དོགས་འདྲིར་ལན་འདེབས་ཚུལ་བཞིན་མ་ཐུབ་པར་བརྟེན། ལན་འདེབས་གནད་ལ་འཁེལ་བ་ཕུལ་དགོས་པའི་འབོད་སྐུལ་ཡང་ཡང་གནང་དགོས་བྱུང་ཡོད་པ་མ་ཟད། ལན་འདེབས་རྣམས་ཡིག་ཐོག་ནས་འབུལ་དགོས་པའི་བཀོད་མངགས་གནང་དགོས་བྱུང་འདུག

ཚོགས་ཆེན་ཐེངས་ ༨༥ པའི་ཐོག་མཉམ་ཞུགས་གནང་བའི་བོད་ཀྱི་སྐུ་ཚབ་རྣམས། བོད་མིའི་སྒྲིག་འཛུགས་ཀྱི་པར།

བོད་ནང་གི་བུད་མེད་ཀྱི་གནས་སྟངས་དང་འབྲེལ་ཏེ་ཆེད་མཁས་པ་རྣམས་ནས་རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་ནང་གི་བུད་མེད་ཚུད་པའི་འབྲོག་མང་རྣམས་གྲོང་ཁྱེར་ཅན་དུ་སྒྱུར་བཞིན་ཡོད་པ་མ་ཟད། ལས་ཀའི་གོ་སྐབས་ལ་ཁ་གཡར་ཏེ་དམག་སྦྱོང་རང་བཞིན་གྱི་ལག་ཤེས་སྦྱོང་བརྡར་བྱེད་དུ་བཅུག་སྟེ་དཀའ་སྡུག་མྱོང་བཞིན་པ་དང་། བོད་པའི་བུད་མེད་ཚོར་གླ་ཕོགས་དམའ་བོའི་ཐོག་ནས་ངལ་རྩོལ་དུ་བཀོལ་བཞིན་པའི་མིའི་གྲངས་འབོར་དང་རྒྱུ་མཚན་རྒྱབ་ལྗོངས་གང་ཡིན་འདྲི་རྩད་ནན་པོ་གནང་ཡོད་པ་མ་ཟད། རྒྱ་ནག་ནང་ལོགས་ཀྱི་བུད་མེད་ཀྱི་ལས་ཞུགས་གནས་བབ་དང་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་པའི་གནས་བབ་སྐྱོ་བོ་ཡིན་པ་ཐེར་འདོན་བཅས་གནང་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༠༨ ཉིན་སུད་སི་སྐུ་ཚབ་དོན་གཅོད་ཁང་དང་། བོད་ཀྱི་བུད་མེད་ལྷན་ཚོགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ཞུ་གཏུག་ལས་ཁང་བཅས་མཉམ་འབྲེལ་ཐོག བོད་ནང་གི་བུད་མེད་ཀྱི་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་སོགས་ཚུད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་གསུམ་རྒྱལ་ཚོགས་ལ་ཕུལ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

A Samburu woman fetches water during a drought in Loolkuniyani Primary School, Samburu County, Kenya, Oct. 16, 2022. (AP Photo/Brian Inganga, File
Mobile App

འབྱུང་འགྱུར་ལོ་ལྔའི་ནང་འཛམ་གླིང་གི་ཚ་ཚད་ཆེས་ཛ་དྲག་དུ་འགྱུར་ཉེན་ཡོད་པའི་སྙན་ཐོ་བཏོན།  

༢༠༢༣/༠༥/༡༩
བཞུགས་སྒར་དྷ་རམ་ས་ལར་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འཛོམས་ཏེ་ཞི་བའི་ངོ་རྒོལ་བྱས། ༢༠༢༣།༠༤།༡༧ པར་དུས་བབ།
Mobile App

སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ས་གནས་མང་པོ་ན་ཞི་བའི་ངོ་རྒོལ་བྱེད་ཀྱི་འདུག

༢༠༢༣/༠༤/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist